ཕ་ཝང་།སྔ་མའི་པར་གཞི་དེ བདེ་ཆེན་མཚོ། ནས 2020-02-12 08:53ལ་འགྲུབ།
རྒྱ་ཡིག 蝙蝠
དབྱིན་ཡིག flying squirrel
1.དག་ཡིག་གསར་བསྒྲིགས་ལས། ལུས་དབྱིབས་ཙི་གུ་དང་འདྲ་ཞིང་རྐང་ལག་བར་ན་སྐྱི་མོའི་གཤོག་པ་ལྟ་བུ་ཡོད་པར་བརྟེན་ནས་འཕུར་ཐུབ་པའི་སྲོག་ཆགས་ཕན་པ་ཅན་ཞིག་ཡིན། གཙོ་བོར་མཚན་མོར་འཕུར་ནས་མི་ལ་གནོད་པའི་དུག་སྦྲང་སོགས་བཟུང་ནས་ཟ།
2.བརྡ་དག་མིང་ཚིག་གསལ་བ་ལས། པགས་བྱེའུ། 蝙蝠。
3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། བྱ་མ་བྱིའམ་པགས་བྱེའུ་སྟེ། སོ་དང་གཤོག་པ་གཉིས་ལྡན་གྱི་སེམས་ཅན་ཞིག 蝙蝠。翼手目动物。藏俗说其半鸟半鼠,有牙有翼。མིང་གི་རྣམ་གྲངས་ལ་ཁྱིམ་དུ་འགྲོ་དང༌། པགས་པའི་འདབ་ཆགས། པགས་བྱིའུ། བྱ་རོག་དགྲ་བོ། མཚན་དུས་རྒྱུ། གཞན་དུ་ཕྱོགས་བཅས་སོ། །
4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། མིང་ཚིག འོ་འཐུང་སྲོག་ཆགས་ཀྱི་རིགས་ཤིག་སྟེ། ལུས་དང་མགོ་བོ་བྱི་བ་དང་འདྲ་ཞིང་། ཡན་ལག་དང་མཇུག་མའི་བར་སྐྱི་པགས་ཀྱིས་སྦྲེལ་བ། མཚན་མོ་འཕུར་ནས་འགྲོ་ཞིང་འབུ་སྲིན་སོགས་ཟས་སུ་བྱེད།