ཕུའུ་ཁོའུ་ཆུས།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-02-06 11:10ལ་འགྲུབ།

ཕུའུ་ཁོའུ་ཆུས།

ཕུའུ་ཁོའུ་ཆུས།
ཕུའུ་ཁོའུ་ཆུས་ནི་ནན་ཅིང་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། རྒྱལ་ཁབ་ཀྱི་གསོ་རིག་སྨན་རྫས་རྟེན་གཞི་གལ་ཆེན་ཞིག་ཡིན་ལ། ཧྭ་ཏུང་ས་ཁུལ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་རྟེན་གཞི་དང་ཚན་རིག་སློབ་གསོའི་རྟེན་གཞི། ཅང་སུའུ་བྱང་རྒྱུད་དང་ཨན་ཧུའེ་ཤར་རྒྱུད་སོགས་ས་ཁུལ་ལ་ཁྱབ་འགྱེད་བྱེད་པའི་ས་ཁུལ་གལ་ཆེན་ཞིག་ཀྱང་ཡིན། དེ་ཉིད་ནི་ལིའུ་ཧོ་ཆུས་ཀྱིས་མཉམ་དུ་ནན་ཅིང་འབྲི་ཆུའི་བྱང་རྒྱུད་ཁུལ་གསར་དུ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཕུའུ་ཁོའུ་ཆུས།
ཕྱི་ཡིག་གི་མིང་།
Pukou District
མིང་གཞན།
ཅང་ཕུའུ། ཞོན་ཧྭ། ཐེན་ཕུའུ།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
སྲང་ལམ་དགུ
སྲིད་གཞུང་གནས་ཡུལ།
ནན་ཅིང་གྲོང་ཁྱེར་གྱི་ཕུའུ་ཁོའུ་ཆུས་ཀྱི་ཏུ་ཝིན་ལམ་གྱི་ཨང་རྟགས18པ།
ས་ཁོངས་ཁ་པར་ཨང་རྟགས།
025
ས་ཁམས་གནས་ཡུལ།
ནན་ཅིང་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ913
སྦྲག་སྲིད་ཨང་རྟགས།
211800
རྒྱུན་སྡོད་མི་གྲངས།
མི་ཁྲི76.99(སྤྱི་ལོ2017ལོར)
ཡུལ་སྐད།
ནན་ཅིང་སྐད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
སྲིད་འཛིན་ཚབ་ཨང་།
320111
རླངས་འཁོར་ཚབ་ཨང་།
སུའུA
མེ་འཁོར་འབབ་ཚིགས།
ཅང་ཕུའུ་མེ་འཁོར་འབབ་ཚགས། ནན་ཅིང་མེ་འཁོར་འབབ་ཚིགས་བྱང་མ།
གནམ་གྲུ་ཐང་།
ནན་ཅིང་ལུའུ་ཁུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་། ནན་ཅིང་མ་ཨན་རྒྱལ་སྤྱིའི་གནམ་ཐང་།
1 ལོ་རྒྱུས་འཕེལ་རིམ།  

ཕུའུ་ཁོའུ་ཆུས་ནི་ཀྲུང་ཧྭ་མིན་གོའི་སྲིད་ལོ་ཉེར་གཉིས་པ(སྤྱི་ལོ1933ལོ)ནས་འཛུགས་སྐྲུན་འགོ་ཚུགས་པ་དང་། ཀྲུང་ཧྭ་མིན་གོའི་དུས་སྐབས་ཀྱི་ཆུས་བརྒྱད་པ་ནས་བྱུང་། ཕུའུ་ཁོའུ་མཁར(ཕུའུ་ཙི་ཁོའུ་མཁར)གྱི་མངའ་ཁོངས་སུ་ཡོད་པས་མིང་ལའང་ཕུའུ་ཁོའུ་ཆུས་ཞེས་འབོད་པ་རེད། ཕུའུ་ཁོའུ་ཆུས་ཀྱི་ལོ་རྒྱུས་ཆེས་སྔ་ཤོས་ནི“ཧོ་མུའུ་ཏུའུ་དུས་རབས”ལ་ཁུངས་འདེད་བྱེད་ཐུབ་པ་དང་། ལོ་ངོ་བདུན་སྟོང་ལྷག་ཙམ་གྱི་ཤེས་རིག་དཔལ་ཡོན་ལོ་རྒྱུས་ལྡན། ཐུན་མོང་མ་ཡིན་པའི་ས་གནས་རིག་གནས་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཡོད། མིང་ཐའེ་ཙུའུ་ཡིས་རྒྱལ་ས་ནན་ཅིང་དུ་གཏན་འཁེལ་བྱས་རྗེས། ཕུའུ་ཁོའུ་ཡིས“ལྷོ་བྱང་འགོག་ཅིང་། ཅང་ཧོའེ་བཀག་སྐྱིལ”བྱེད་ཐུབ་པར་བསམ་ནས། ཕུའུ་ཁོའུ་མཁར་བཙུགས། སྤྱི་ལོ1912ལོར་ཡོན་ཧྲི་ཁའེ་སྲིད་གཞུང་གིས་ཕུའུ་ཁོའུ་མཁར་དེ་ཚོང་འགྲུལ་གྲོང་ཁྱེར་དུ་བསྒྱུར། སྤྱི་ལོ1914ལོར་ཐེན་ཅིན་ནས་ནན་ཅིང་ཕུའུ་ཁོའུ་བར་གྱི་ཅིན་ཕུའུ་ལྕགས་ལམ་དངོས་སུ་ཤར་གཏོང་བྱེད་ཐུབ་པ་བྱུང་བ་དང་། ཕུའུ་ཁོའུ་མེ་འཁོར་འབབ་ཚུགས་ནི་སྐབས་དེའི་རྒྱལ་ཡོངས་ལྕགས་ལམ་འགྲིམ་འགྲུལ་ལྟེ་གནས་སུ་གྱུར་ཡོད།

2 སྲིད་འཛིན་ས་ཁོངས།

སྤྱི་ལོ2017ལོའི་ལོ་མཇུག་བར། ཕུའུ་ཁོའུ་ཆུས་ཁོངས་གཏོགས་སུ་སྲང་ལམ་དགུ་ཡོད་པའི་ནང་ཏིང་ཧྲན་སྲང་ལམ་དང་། ཐའེ་ཧྲན་སྲང་ལམ། གཙང་རྒྱུད་སྲང་ལམ། སྲང་ལམ་བཅས་ནན་ཅིང་ཅང་པེ་ཁུལ་གསར་གྱིས་ཐད་ཀར་དོ་དམ་བྱེད་པ་དང་། གཞན་ཡང་ར་བ་གཉིས་ཏེ(ཐང་ཆོན་ཞིང་ར་དང་ལའོ་ཧྲན་ནགས་ར)ཡོད། ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ་གསུམ(ནན་ཅིང་ཕུའུ་ཁོའུ་དཔལ་འབྱོར་གསར་སྤེལ་ཁུལ། ནན་ཅིང་མཚོ་འགག་ངོགས་གཉིས་ཀྱི་ཚན་རྩལ་བཟོ་ལས་གླིང་། མུ་ཏིག་ཆུ་མིག་ཡུལ་སྐོར་སྤྲོ་གསེང་ཁུལ། )ཡོད། ཆུས་སྲིད་གཞུང་ནི་ཅང་ཕུའུ་སྲང་ལམ་ཀྱི་ཝུན་ཏུ་ལམ་གྱི་ཨང་རྟགས18པར་ཡོད།

3 ས་བབ་གནས་ཚུལ།

ཕུའུ་ཁོའུ་ཆུས་ནི་ནན་ཅིང་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་ཤིང་། ཤར་ཕྱོགས་ཀྱི་གཞུང་ཐིག118°21’─118°46’བར་ཡིན་པ་དང་། བྱང་ཕྱོགས་ཀྱི་འཕྲེད་ཐིག30°51’─32°15’བར་ཡིན། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ913.75ལྷག་ཡོད། ནན་ཅིང་གྲོང་ཁྱེར་ཀུའུ་ལོའུ་ཆུས་དང་། ཅན་ཡེ་ཆུས། ཡུས་ཧྭ་ཐའེ་ཆུས། ཅང་ཉིང་ཆུས་བཅས་བར་གཙང་པོས་ཆོད་ཅིང་། བྱང་རྒྱུད་དང་ནུབ་རྒྱུད་ཁག་སོ་སོ་ནི་ཨན་ཧུའེ་ཞིང་ཆེན་གྱི་ལའེ་ཨན་རྫོང་དང་། ཁྲུའུ་ཀྲོའུ་གྲོང་ཁྱེར། ཆོན་ཅའོ་རྫོང་། ཧོ་རྫོང་བཅས་དང་འབྲེལ་ཡོད།

4 ནམ་ཟླའི་ཆ་རྐྱེན།

ས་བབ་ཀྱི་གནས་བབ་ལ་གཞིགས་ན། ཕུའུ་ཁོའུ་ཆུས་ནི་ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས་པ་དང་། ཆར་ཆུའི་ཚད་ནི་ལོ་མཚམས་དང་དུས་ཚིགས་བར་ཁྱད་པར་ཅུང་ཆེ། སྐམ་བརླན་མངོན་གསལ་དོད་པ། ཆར་པ་འབབ་ཚད་མི་སྙོམས་པ་བཅས་ཀྱི་ཁྱད་ཆོས་ཡོད།

ཕུའུ་ཁོའུ་ཆུས་ཀྱི་མངའ་ཁོངས་སུ་འབྲི་ཆུ་དང་ཅེ་ཧོ་ཆུ་བོའི་ཆུ་རྒྱུད་གཉིས་ཡོད་པ་དང་། རི་བོ་ལའོ་ཧྲན་རི་རྒྱུད་ཀྱིས་སོ་སོ་དབྱེ་ཡོད་དེ། ལྷོ་རྒྱུད་ནི་འབྲི་ཆུའི་ཆུ་རྒྱུད་ཡིན་པ་དང་བྱང་རྒྱུད་ནི་ཅེ་ཧོ་ཆུ་བོའི་ཆུ་རྒྱུད་ཡིན།

5 མཛེས་ལྗོངས་གྲགས་ཅན།

ཕུའུ་ཁོའུ་ཆུས་ཀྱི་ས་བབ་ཧ་ཅང་ལེགས་ཤིང་། “མི་རབས་གཅིག་གི་རྩྭ་མཆོག། ལེ་དབར་བཅུ་ཡི་ཆུ་ཚན། སྤྱི་ལེ་བརྒྱ་ཡི་སྒང་རྒན། ལོ་ངོ་སྟོང་གི་ཁམ་དཀར། སྐྱར་མོ་ཁྲི་སྟོང་མང་པོ། མུའུ་ཁྲི་བཅུ་གསུམ་ཙམ་གྱི་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང”ཞེས་པའི་མཚན་སྙན་ཡོད་ལ། རི་རྒན་དང་། འབྲི་ཆུ། གཙང་པོ་བཅས་རྒྱུད་ཀྱི་ཡུལ་སྐོར་མ་ལག་ཆེན་པོ་གསུམ་ཆགས་ཡོད། “མུ་ཏིག་ཆུ་མིག—རི་རྒན—ཐང་ཆོན་ཡུལ་སྐོར་སྤྲོ་གསེང་ཁུལ”ལྟེ་བར་བྱས་ཏེ། པིན་ཅང་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ་དང་ཁྲོའུ་ཞིང་གྲོང་གི་ཡུལ་སྐོར་སྤྲོ་གསེང་ཁུལ་དེ“གཤོག་ཟུང”གི་ཡུལ་སྐོར་རྣམ་པ་ཆེན་པོ་ཞིག་ཏུ་གྲུབ་ཡོད།

6 མི་གྲངས་གནས་ཚུལ།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཕུའུ་ཁོའུ་ཆུས་ཀྱི་གྲོང་མིའི་ཁྱིམ་དུད་ཁྱིམ་གྱི་གྲངས་ཀའི་བསྡོམས་ནི་ཁྲི19.58ཡིན་པ་དང་། མི་གྲངས་བསྡོམས་པའི་ཁྲི59.49ལྷག་ཡོད། དེའི་ནང་སྐྱེས་པ་ཁྲི29.75དང་བུད་མེད་ཁྲི29.74ཡོད། ཕོ་མོའི་ཕོ་མོའི་བསྡུར་ཚད་ཧ་ལམ100.02%ཙམ་ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་བསྡོམས་པའི་ཁྲི51.37ཡིན་པ་དང་གྲོང་གསེབ་ཀྱི་མི་གྲངས་བསྡོམས་པའི་ཁྲི8.12ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་བསྡུར་ཚད་ཀྱིས86.35%ཟིན་ཡོད། མི་གྲངས་འདུས་ཚད་ནི་སྤྱི་ལེ་གྲུ་བཞི་མ་རེར651ཡིན།

7 ཆབ་སྲིད་འགོ་ཁྲིད།

ཕུའུ་ཁོའུ་ཆུས་ཀྱི་འགོ་ཁྲིད་གཙོ་བོ། (སྤྱི་ལོ2013ལོའི་བར། )

ཆུས་ཀྲང་། ཀྲའེ་ཝེ་མིན།

ཆུས་ཏང་ཨུའི་ཧྲུའུ་ཅི། ཁྲེང་ཡུས་ཞང་།

ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལི་མའོ་ཕེང་།

ཆུས་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྨིན་དབྱི་ཧྥེང་། ལི་ཧུའེ། ཁྲེན་ཞི་ཧྥང་། ཏེང་ལིན། རེན་ཅ་ལུང་། ཀྲའོ་ཏེ་པུན། ཕེང་ཅུན་ཧྲེང་། ཧོང་ཆིན་བཅས།


དཔྱད་གཞིའི་ཡིག་ཆ།