ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-02-06 10:28ལ་འགྲུབ།

ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད།

ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད།
2019ཏོག་དབྱིབས་ནད་དུག་རིགས་གསར་པའམ2019-nCoVནི2019ལོར་རང་རྒྱལ་གྱི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ནད་དུག་རང་བཞིན་གྱི་གློ་ཚད་ནད་ཡམས་ཤིག་བྱུང་བ་ལ་བརྟེན་ནས2020ལོའི་ཟླ1པོའི་ཚེས12ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དེ་ལྟར་མིང་བཏགས། 2019ལོའི་ཟླ12པར་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཆམ་རིམས་དང་འབྲེལ་ཡོད་ནད་ཡམས་ལ་བརྟག་བཤེར་བྱས་པས་ནད་དུག་རང་བཞིན་གྱི་གློ་ཚད་ནད་པ་མང་པོ་ཤེས་རྟོགས་བྱུང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
2019新型冠状病毒
ཕྱི་ཡིག་གི་མིང་།
2019-nCoV
1 ཏོག་དབྱིབས་ནད་དུག

ཏོག་དབྱིབས་ནད་དུག་ནི་རང་བྱུང་ཁམས་སུ་རྒྱ་ཁྱབ་ཏུ་གནས་པའི་ནད་དུག་ཁག་ཅིག་ཡིན། ནད་དུག་འདིའི་བཟོ་ལྟ་གློག་རྡུལ་ཆེ་ཤེལ་འོག་ཏུ་རྒྱལ་པོའི་ཅོད་པན་ལྟར་ཏོག་དབྱིབས་ཡིན་པའི་རྐྱེན་གྱིས་མིང་དེ་ལྟར་ཐོགས། མིག་སྔར་ཤེས་རྟོགས་བྱུང་བ་ལྟར་ན་ནད་དུག་འདིའི་རིགས་ནི་སྒལ་ཚིགས་ཅན་གྱི་སེམས་ཅན་ལ་འགོ་བ་དང་། མི་དང་སྲོག་ཆགས་ཀྱི་དབུགས་ལམ་དང་། འཇུ་ལམ། དབང་རྩའི་མ་ལག་ལ་གཉན་ཚད་འབྱུང་བའི་ནད་དུག་རིགས་ཤིག་ཡིན།

2 ནད་རྟགས།

ཚ་བ་རྒྱས་པ་དང་། ཐང་ཆད་པ། སྐམ་ལུ། དེ་ནས་རིམ་བཞིན་དབུགས་འཚངས་བའམ་དབུགས་འབྱིན་རྔུབ་དཀའ་བ། ཚབས་ཆེ་བར་མྱུར་བའི་རང་བཞིན་གྱི་འབྱིན་རྔུབ་དཀའ་བའི་ཕྱོགས་བསྡུས་ནད་རྟགས་དང་། ཁྲག་དུག་ཕོག་ནས་བརྒྱལ་བ། ཚབ་བརྗེ་རང་བཞིན་གྱི་སྐྱུར་དུག་ཕོག་པ་དང་ཁྲག་ཐོན་དཀག་པའི་ནུས་པ་བསྐྱར་བཅོས་བྱེད་དཀའ་བ། ནད་པ་ཁ་ཤས་ཀྱི་ནད་རྟགས་ཡང་མོ་ཡིན་ཏེ། ལུས་ལ་ཚ་བ་ཡང་མི་རྒྱས། ནད་པ་མང་ཆེ་བར་ནད་ཡང་བ་དང་སྨན་བཅོས་བྱས་རྗེས་ཅུང་བཟང་བ། ནད་པ་ཉུང་ཤས་ཀྱི་ནད་གཞི་ཚབས་ཆེ་བ། ཐ་ན་སྲོག་ལའང་ཉེན་ཁ་འབྱུང་ངེས།

3 འགོས་ཁུངས།

རི་སྐྱེས་སྲོག་ཆགས། འོ་འཐུང་སྲོག་ཆགས་མང་པོ་ཞིག་ནད་དུག་གི་གནས་བདག་ཏུ་འགྱུར་ཐུབ།

4 འགོས་ལམ།

ལུ་བའམ་སྦྲིད་པ་ལས་འགོ་བ། ཐད་ཀར་འབྲེལ་འདྲིས་བྱས་པ་ལས་འགོ་བ་སོགས་གཙོ་བོ་ཉེ་སར་འབྲེལ་འདྲིས་བྱས་པའི་བརྒྱུད་རིམ་ཁྲོད་འགོ་ངེས།

5 འགོ་སླ་བའི་མི་ཚོགས། 

ཡོངས་ཁྱབ་ཏུ་འགོ་སླ་ལ། ལྷག་པར་དུ་རྒན་པ་དང་ལས་སྟོབས་ཞན་པའི་མི་ལ་འགོ་སླ། ཡིན་ཡང་བྱིས་པར་འགོ་ཚད་ཅུང་དམའ། 

6 ནད་དུག་རྟོགས་ཚུལ།

2019ལོའི་ཟླ12པའི་ཚེས31ཉིན་བར་ཝུའུ་.pngཧན་གྲོང་ཁྱེར་གྱི་སྨན་ཁང་ཁག་ཅིག་ཏུ་རྒྱུ་རྐྱེན་གསལ་པོ་མེད་པའི་གློ་ཚད་ཕོག་མཁན་གཅིག་རྗེས་གཉིས་མཐུད་དུ་ཐོན་པས། ཝུའུ་ཧན་གྲོང་ཁྱེར་གྱིས་བསྟུད་མར་ཆམ་རིམས་དང་དེ་བཞིན་འབྲེལ་ཡོད་ནད་ཡམས་ལྟ་ཞིབ་ཚད་ལེན་བྱས་པ་དང་། ནད་དུག་རང་བཞིན་གྱི་གློ་ཚད་ཀྱི་ནད་དཔེ་ཤེས་རྟོགས་བྱུང་བ་དང་། ནད་དུག་རང་བཞིན་གྱི་གློ་ཚད་དང་གློ་བའི་ནད་པ27ཤེས་རྟོགས་བྱུང་། 

2020ལོའི་ཟླ2པའི་ཚེས6ཉིན་བར་དུ་རྒྱལ་ཡོངས་སུ་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ28060དང་། ནད་རྟགས་ལ་དོགས་གཞི་ཡོད་པའི་ནད་པ24702། སངས་དྲག་བྱུང་བའི་ནད་པ1153། རྐྱེན་ལམ་དུ་ཤོར་བའི་ནད་པ564བཅས་ཡོད་པ་རེད།

7 སྔོན་འགོག་བྱ་ཐབས།

(1)ཚད་ལྡན་གྱི་ཁ་ཐུམ་རྒྱག་པ།

(2)དུས་ཐོག་ཏུ་ལག་པ་གཙང་མར་བཀྲུ་བ།

(3)ཁ་ལུད་སོགས་གང་སར་མི་འཕེན་པ།

(4)དུག་སེལ་བྱེད་པ།

(5)འདུ་འཛོམས་མི་བྱེད་པ། 

(6)མི་ཚོགས་འདུ་སར་མི་འགྲོ་བ།

(7)རི་སྐྱེས་སྲོག་ཆགས་ལ་མི་ཐུག་པ་དང་དེའི་རིགས་མི་བཟའ་བ། 

དཔྱད་གཞིའི་ཡིག་ཆ།