ཕག་མ་གསོ་སྐྱོང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-02-10 09:14ལ་འགྲུབ།

ཕག་མ་གསོ་སྐྱོང་།

ཕག་མ་གསོ་སྐྱོང་།
ཕག་མའི་ཕྱོགས་བསྡུས་བདེ་སྲུང་གསོ་སྐྱོང་ནི་ནད་བསྐྱེད་པའི་རྒྱུ་རྣམས་མེད་པའམ་ཇེ་ཉུང་དུ་བཏང་སྟེ། ཕག་མའི་ལུས་ཁམས་ཀྱི་ཐུན་མོང་རང་བཞིན་གྱི་ནུས་ཤུགས་རྒྱུན་འཁྱོངས་དང་མཐོར་འདེགས་བྱས་ཏེ། རིམས་འགོག་དང་། རིམས་བཅོས། ཕན་ནུས་མཐོར་འདེགས་སོགས་ཀྱི་བྱེད་ཐབས་གསར་བ་ཞིག་ཡིན། ཕག་མའི་ཕྱོགས་བསྡུས་བདེ་སྲུང་གི་བྱ་བ་ནི་ཕག་ཁྱུའི་བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞི་ལྟ་བུའི་བྱ་བ་ཡིན་ལ། ལེགས་སྲུང་ནི་ལག་རྩལ་བྱེད་ཐབས་ཅི་རིགས་སྤྱད་དེ་ཕག་མའི་ལུས་ཁམས་ཀྱི་རང་བཞིན་གྱི་རིམས་འགོག་ནུས་པ་མཐོར་འདེགས་གཏོང་བ་དང་། ངན་བཅོས་ཞེས་པ་ནི་ལག་རྩལ་གྱི་བྱེད་ཐབས་ཅི་རིགས་སྤྱད་དེ་ནད་བསྐྱེད་བྱེད་རྒྱུ་རྣམས་མེད་པའམ་ཇེ་ཉུང་དུ་བཏང་བ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
饲养母猪
1 ངོ་སྤྲོད།

2 གསོ་སྐྱོང་གི་ལག་རྩལ།
2_1 གཅིག   ཁོར་ཡུག་ལ་དུག་སེལ་ལེགས་པོ་བྱེད་པ།

དུག་སེལ་ནི་གསོ་སྐྱོང་ཁོར་ཡུག་ལ་གཙང་སེལ་དང་ནད་རིགས་སྔོོན་འགོག་གི་རྒྱུན་སྤྱོད་ཀྱི་བྱེད་ཐབས་ཤིག་ཡིན་ལ། དེར་ཐོན་སྐྱེད་སྔོན་གྱི་དུག་སེལ་དང་། ཐོན་སྐྱེད་ཁྲོད་ཀྱི་དུག་སེལ། ཐོན་སྐྱེད་རྗེས་ཀྱི་དུག་སེལ་སོགས་འདུ། ཕག་གསོ་ར་བའི་ནང་དུ་འགྲོ་བའི་མི་སུ་ཡིན་རུང་སྒོ་ཆེན་གྱི་འགྲམ་དུ་ངེས་པར་དུ་དུག་སེལ་གང་ལེགས་བྱེད་དགོས། ཕག་མས་ཕྲུ་གུ་བཙས་རྗེས་སུ་གནས་དེར་དུག་སེལ་གཙང་དག་ཅིག་བྱེད་དགོས་ཤིང་། རིམས་ནད་ཀྱི་སྐབས་སུ་དུག་སེལ་བྱེད་ཐེངས་ཇེ་མང་དུ་གཏོང་དགོས་ལ། ཕག་མའི་ཕྲུ་གུ་བཙའ་བའི་སྐབས་སུ་བདུན་རེར་དུག་སེལ་ཐེངས་གཉིས་རེ་བྱེད་དགོས། ཕག་ཁང་ནང་དུ་དུག་སེལ་བྱེད་སྤྱད་ཀྱི་སྨན་ལ་ཚོར་སྐྱེན་ཅུང་ཆུང་བའི་རིགས་འདེམས་དགོས་ལ། དུག་སེལ་སྨན་རིགས་མི་འདྲ་བ་རེས་མོས་སུ་བེད་སྤྱོད་བྱས་ན་ཕན་ནུས་བཟང་། དུག་སེལ་གྱི་དུས་ཚོད་ནི་དགོང་མོ་ཡིན་ན་བཟང་ཞིང་། འོད་ཐིག་མི་གསལ་བའི་སྐབས་སུ་དུག་སེལ་ཆུ་ཧའོ་སྨི80ནས120བར་རྒྱག་དགོས་ལ། དམའ་བ་མང་ན་དུག་སེལ་ཀྱི་ནུས་པ་ཐོན་མི་ཐུབ་པ་དང་། ཉུང་དྲགས་ན་གློ་བའི་རྔུབ་ནས་དབུགས་འབྱིན་དཀའ་བ་དང་། ཐ་ན་འཆི་བའང་ཡོད།  དུག་སེལ་སྨན་ཆུ་བྱུགས་པ་ལ་སྨི་ལྷམ་གཅིག་ལ་ཧའོ་ཧྲིན15རེ་ཡིན། མི་འཚམས་པ་ཡོད་ན་ཉིན་གསུམ་ལ་མཚམས་འཇོག་རོགས། 

2_2 གཉིས།  རིམས་འགོག་སྨན་ཁབ་རྒྱག་པ།

ཕག་ཕྲུག་སྐྱེས་ནས་ཉིན20འགོར་རྗེས་རིམས་འགོག་སྨན་ཁབ་དང་པོ་རྒྱག་དགོས། ཉིན28འགོར་བའི་རྗེས་སུ་ཁ་རྨིག་ཚའི་འགོག་སྨན་རྒྱག་དགོས། ཉིན30འགོར་བའི་རྗེས་སུ་འདར་ནད་ཕལ་བའི་འགོག་སྨན་རྒྱག་དགོས། ཉིན60འགོར་རྗེས་སུ་ཕག་མའི་འགོས་ནད་དང་། མེ་དབལ། གློ་ཚ་སོགས་ཀྱི་འགོག་སྨན་རྒྱག་དགོས། ཕག་མའི་ཕྲུ་གུ་བཙས་པའི་སྔོན་གྱི་ཉིན60ཡི་སྐབས་སུ་རྣ་བ་སྔོ་འགྱུར་ནད་ཀྱི་འགོག་སྨན་རྒྱག་དགོས། མ་བཙས་བའི་སྔོན་གྱི་ཉིན20ཡི་སྐབས་སུ་ལོང་གའི་དབྱིག་སྲིན་གྱི་འགོག་སྨན་རྒྱག་དགོས།  དེ་བཞིན་ས་གནས་ཀྱི་གནས་ཚུལ་དངོས་ལ་གཞིགས་ཏེ་ནད་རིགས་གཞན་གྱི་འགོག་སྨན་རྒྱག་དགོས།

2_3 གསུམ། སྲིན་འབུ་མེད་པར་བཟོ་དགོས།

གཞན་རྟེན་སྲིན་འབུ་ནི་ལུས་ཕུང་གི་རིམས་འགོག་མ་ལག་ལ་གནོད་བྱེད་པས། འཚོ་བཅུད་ཆུད་ཟོས་སུ་གཏོང་བ་མ་ཟད། ཕག་གི་རིམས་འགོག་གི་ནུས་པ་ཇེ་དམན་དུ་འགྲོ་བ་ཡིན།  དེ་བས། ཕག་ཁྱུར་ཚན་རིག་དང་མཐུན་པའི་སྲིན་འབུ་མེད་པར་བཟོ་བའི་བྱེད་ཐབས་སྤྱོད་དགོས་ཤིང་། དུས་ཚོད་གཏན་ཁེལ་ལྟར་སྲིན་འབུ་མེད་པར་བཟོས་ན་ཕག་གི་བདེ་ཐང་ཐོན་སྐྱེད་ལ་ཕན་ནུས་རྒྱ་ཆེན་པོ་ཡོད། སྤྱིར་བཏང་ལྟར་ན། ཕག་མས་ཕྲུ་གུ་མ་བཙོས་པའི་སྔོན་གྱི་བདུན་གཉིས་ནས་གསུམ་ནང་སྲིན་འབུ་མེད་པར་ཐེངས་གཅིག་བཟོ་དགོས་ཤིང་། ཕག་གསེབ་ལ་ལོ་རེར་ཐེངས་གཅིག་རེ། འོ་མ་བཅད་པའི་ཕག་ཕྲུག་ལ་ཐེངས་གཅིག་དང་། བདུན་གཅིག་འགོར་རྗེས་ཡང་བསྐྱར་ཐེངས་གཅིག   སྲིན་འབུ་མེད་པར་བཟོ་བ་ལ་ཁྱབ་རྒྱ་ཆེ་ཞིང་ནུས་པ་ཆེ་བའི་སྨན་འདེམས་དགོས།