ས་རྒྱུ།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-02-10 09:48ལ་འགྲུབ།

ས་རྒྱུ།

ས་རྒྱུ།
ས་རྒྱུ་ནི་ཟས་རིགས་སྐྱེ་འཕེལ་གྱི་རྩ་བའི་འབྱུང་ཁུངས་ཡིན་པས། ས་རྒྱུའི་བཟང་ངན་གྱིས་ཐད་ཀར་སྐྱེ་དངོས་ཀྱི་གྲུབ་ཆ་དང་སྐྱེ་འཕེལ་ལ་ཤུགས་རྐྱེན་ཐེབས་ཤིང་། སྐྱེ་དངོས་ཀྱི་བཟང་ངན་གྱིས་ཟས་རིགས་ཀྱི་བདེ་འཇགས་དང་བྲོ་བ། སྤུས་ཀ་སོགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
土壤肥力
1 ​ངོ་སྤྲོད།

ས་རྒྱུ་ནི་ཟས་རིགས་སྐྱེ་འཕེལ་གྱི་རྩ་བའི་འབྱུང་ཁུངས་ཡིན་པས། ས་རྒྱུའི་བཟང་ངན་གྱིས་ཐད་ཀར་སྐྱེ་དངོས་ཀྱི་གྲུབ་ཆ་དང་སྐྱེ་འཕེལ་ལ་ཤུགས་རྐྱེན་ཐེབས་ཤིང་། སྐྱེ་དངོས་ཀྱི་བཟང་ངན་གྱིས་ཟས་རིགས་ཀྱི་བདེ་འཇགས་དང་བྲོ་བ། སྤུས་ཀ་སོགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད།  

2 ས་རྒྱུའི་བཟང་ངན།
2_1  ས་རྒྱུའི་མདོག་ལ་བལྟ་བ། 

ས་རྒྱུ་གཤིན་པོ་ནི་ཅུང་ནག་ཤས་ཆེ་ལ། ས་རྒྱུ་ཞན་པ་ནི་ཅུང་སྐྱ་མདོག་ཡིན།

2_2 ས་རིམ་ཟབ་མིན་ལ་བལྟ་བ། 

ས་རྒྱུ་གཤིན་པོ་ཡིན་ན་ས་རིམ་ལི་སྨི60ལས་ཟབ་པ་དང་།  ས་རྒྱུ་ཞན་ན་ས་རིམ་དེ་ལས་ཅུང་སྲབ་པ་ཡིན།

2_3  རྨོ་འདེབས་འཚམ་མིན་ལ་བལྟ་བ། 

ས་རྒྱུ་གཤིན་ན་ས་སོབ་སོབ་ཡིན་པས་རྨོ་འདེབས་བྱེད་སླ་བ་དང་། ས་རྒྱུ་ཞན་ན་འབྱར་གཤིས་ཆེ་ལ།  རྨོ་འདེབས་བྱེད་ཁག་པོ་ཡིན།

2_4 ས་རྒྱུར་བག་གཤིས་དང་སེར་ཁ་ཡོད་མེད་ལ་བལྟ་བ།   

ས་རྒྱུ་གཤིན་ན་བག་གཤིས་མེད་པ་དང་།  ས་རྒྱུར་སེར་ཁ་མང་ཞིང་ཆུང་བ་ཡིན་ལ།  ས་རྒྱུ་ཞན་ན་བག་གཤིས་ལྡན་པ་དང་།  སྨྱག་ས་ཚི་སྐམ་བྱེད་སླ་བ།  ས་རྒྱུར་སེར་ཁ་ཉུང་ཞིང་ཆེ་བ་ཡིན།

2_5 ས་རྒྱུའི་ཆུ་སྲུང་ནུས་པ་ལ་བལྟ་བ།  

ས་རྒྱུའི་ནང་དུ་ཆུ་སིམ་པ་དལ་བ་དང་ཆུ་ཐེངས་གཅིག་བཏང་ན་ཉིན6ནས་ཉིན7བར་རླན་གཤེར་སྲུང་ཐུབ་ན་ས་རྒྱུ་གཤིན་པ་དང་།  ཆུ་སིམ་དཀའ་བའམ་སེར་ཁ་བརྒྱུད་ནས་མགྱོགས་མྱུར་ངང་སིམ་པ་ནི་ས་རྒྱུ་ཞན་པ་ཡིན།

2_6 ཆུ་སྤུས་ལ་བལྟ་བ། 

རེག་བྱ་འཇམ་ཞིང་མཉེན་པ་དང་། རྐང་བར་འབྱར་བ།  ཉི་འོད་འཕྲོས་པའམ་ཡང་ན་རྐང་བས་སྤོ་སྐབས་ལྦུ་བ་ལངས་པ་ནི་ས་རྒྱུ་གཤིན་པོ་ཡིན་ལ།   ཆུ་དྭངས་ཤིང་མདོག་མེད་པ།  ལྦུ་བ་མི་ལངས་པའམ་ལྦུ་བ་ཆུང་བ། ཡལ་སླ་བ་བཅས་ཡིན་ན་ས་རྒྱུ་ཞན་པ་ཡིན།

2_7 མཚན་མོར་བརླན་ཡོད་མེད་ལ་བལྟ་བ།  

མཚན་མོར་བརླན་ཡོད་པ་དང་།  བསྐམས་རྗེས་ཡང་བསྐྱར་བརླན་པ་དང་།  སྐམ་དཀའ་བ་དང་སྲ་མོར་འགྱུར་དཀའ་བ་ནི་ས་རྒྱུ་གཤིན་པ་དང་།  མཚན་མོ་བརླན་མེད་པ་དང་།  ས་རྒྱུ་སྨྱག་ས་ཚི་སྐམ་བྱེད་སླ་བ་ནི་ས་རྒྱུ་ཞན་པ་ཡིན།

2_8 ལུད་སྲུང་ནུས་པ་ལ་བལྟ་བ།

ལུད་འདོན་ཚད་འདང་བ་དང་རིང་བ།  ཡང་ན་ལུད་ནུས་ཆེ་བའི་ས་རྒྱུ་ནི་ས་རྒྱུ་གཤིན་པོ་ཡིན།

2_9 སྐྱེ་དངོས་ལ་བལྟ་བ།

ཅང་མགོ་དམར་དང་རྩྭ་ངང་སྒྲོ།  ཤ་རྩྭ་སོགས་སྐྱེས་པ་ནི་ས་རྒྱུ་གཤིན་པོ་དང་།  རྩྭ་ནོར་བལ། རྩྭ་ངང་ལྕེ། རྩྭ་ཟུར་གསུམ།  གྲེས་མ།  རི་སྒོག་སོགས་སྐྱེས་པ་ནི་ས་རྒྱུ་ཞན་པ་ཡིན།

2_10 སྲོག་ཆགས་ལ་བལྟ་བ།  

འབུ་སྐྱོགས་དུང་འདྲ་དང་འདམ་ཉ། ས་འབུ་ནག་རིང་། པད་པ་ཆེན་པོ་སོགས་ཡོད་པ་ནི་ས་རྒྱུ་ཞན་པ་ཡིན། 


བརྡ་འགྲེལ་གདོང་འཛར།

ས་རྒྱུ། ས་རིམ། སྐྱེ་དངོས།