ས་རྒྱུ་འབག་བཙོག་འགོག་བཅོས།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-02-10 09:49ལ་འགྲུབ།

ས་རྒྱུ་འབག་བཙོག་འགོག་བཅོས།

ས་རྒྱུ་འབག་བཙོག་འགོག་བཅོས།
ས་རྒྱུ་འབག་བཙོག་འགོག་བཅོས་ཅེས་པ་ནི་འབག་བཙོག་མ་བཟོས་གོང་གི་སྔོན་འགོག་དང་འབོག་བཙོག་བཟོས་རྗེས་ཀྱི་ལེགས་བཅོས་དང་བཅོས་སྐྱོང་གི་བྱ་འགུལ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
防止土壤污染
1 ​ངོ་སྤྲོད།

ས་རྒྱུ་འབག་བཙོག་འགོག་བཅོས་ཅེས་པ་ནི་འབག་བཙོག་མ་བཟོས་གོང་གི་སྔོན་འགོག་དང་འབག་བཙོག་བཟོས་རྗེས་ཀྱི་ལེགས་བཅོས་དང་བཅོས་སྐྱོང་གི་བྱ་འགུལ་ལ་ཟེར། ས་རྒྱུ་སྲུང་སྐྱོང་བྱེད་ན་སྔོན་འགོག་གཙོ་བོར་འཛིན་དགོས་ལ།སྔོན་འགོག་གི་གཙོ་གནད་ནི་བཙོག་ཁུངས་ཀྱི་གར་ཚད་དང་བསྡོམས་འབོར་ལ་ཚོད་འཛིན་བྱེད་པ་དེ་ཡིན། རྒྱུན་དུ་ཞིང་ལས་ཐོག་སྤྱད་པའི་ཆུ་ལ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་བྱས་ནས། དེ་འདྲེན་ཆུ་སྤུས་ཚད་ཀྱི་ཚངས་ཐིག་དང་མཐུན་པར་བྱེད་དགོས། ལུགས་མཐུན་གྱིས་རྫས་ལུད་དང་ཞིང་སྨན་གཏོར་བ། ས་འོག་འདམ་དང་ཆུ་འདམ། རྫིང་བུའི་འདམ་སོགས་གཟབ་ནན་གྱིས་བཀོལ་བ། གྲོང་ཁྱེར་གྱི་ཆུ་སྙིགས་བཀོལ་ནས་ཞིང་ལ་ཆུ་འདྲེན་ན་ངེས་པར་དུ་གཙང་མ་བཟོ་དགོས། སྐྱེ་དངོས་ཀྱི་འགོག་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ཐབས་ལམ་ལ་བརྟེན་ནས་འབུ་དང་ནད། རྩྭ་སོགས་ཀྱི་གནོད་པ་རྣམས་སེལ་བ། གཏེར་ཁུངས་བཅོས་སྐྱོང་དང་གཏེར་དུག་འབག་བཙོག་སྔོན་འགོག་བྱེད་པ་སོགས་ཡིན།

2  བྱ་ཐབས།

ལེགས་བཅོས་ཕྱོགས་ནས་བཤད་ན། ལྕགས་རིགས་ལྕི་མོའི་འབག་བཙོག་གི་བཅོས་སྐྱོང་ལ་གཙོ་བོ་འབུད་པ་དང་གནས་སྦོས་ས་རྒྱུ་ལེགས་བཅོས། རྫས་འགྱུར་ལེགས་བཅོས་རྫས་བཀོལ་བའམ་ཡང་ན་ས་རྒྱུའི་དབྱང་འགྱུར་སོར་ཆུད་ཀྱི་ཆ་རྐྱེན་བསྒྱུར་ཏེ་ལྕགས་རིགས་ལྕི་མོ་འདྲེས་སྦྱོར་བྱེད་དཀའ་བའི་དངོས་རྫས་སུ་བསྒྱུར་ནས། སྐྱེ་འཕེལ་ཇེ་དམའ་རུ་གཏོང་བ། སྐྱེ་ལྡན་བཙོག་དངོས་ཏེ། དཔེར་ན་ཁིལ་གསུམ་ཆོན་ཁ་པ་ས་སོབ་སོབ་གཏོང་བ་དང་བུལ་གཤིས་ལུད་རྫས་བསྲེས་པ། རྨོ་འདེབས་དང་ཞིང་རྩིག་ཉི་མར་ལྡེ་བ། ཆུ་བཏང་ནས་བཤལ་བ་སོགས་ཀྱི་ཐབས་ལམ་བཀོལ་ནས་བཅོས་སྐྱོང་བྱེད་དགོས།


བརྡ་འགྲེལ་གདོང་འཛར།

ས་རྒྱུ། འབག་བཙོག འགོག་བཅོས།