ཐེམ་ཆེན་རི་བོ།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-02-10 10:59ལ་འགྲུབ།

ཐེམ་ཆེན་རི་བོ།

ཐེམ་ཆེན་རི་བོ།
ཐེམ་ཆེན་རི་བོ་ནི་རང་ཞིང་གི་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ཚྭ་འདམ་གཞོང་སའི་ཤར་རྒྱུད་ཀྱི་བུ་ཧ་རི་བོའི་ལྷོ་རྒྱུད་དུ་འགྱིང་ངེར་ལངས་ཡོད་ལ། དེ་ནི་མཚོ་སྐོར་རི་བོ་གྲགས་ཆེན13གྲས་ཀྱི་གཅིག་ཡིན་ཡིན་པ་དང་། རྫོང་མཁར་དང་བར་ཐག་སྤྱི་ལེ20ཡོད་ཅིང་། དཔྱིད་ཀར་ཡུལ་སྐོར་སྤྲོ་གསེང་དུ་འགྲོ་སའི་གནས་མཆོག་ཅིག་ཡིན། དེ་ཡང་། མཚོ་ངོས་ལས་མཐོ་ཚད་ལ་སྨི4600ཡོད་པའི་རི་བོ་དེ་གཡང་ཆེས་ཆེར་གཟར་བས། རྒྱང་རིང་ནས་བལྟས་ན་རྩེ་རྣོ་བའི་མཆོད་རྟེན་ཞིག་དང་ཀུན་ནས་འདྲ་ཞིང་། མགོ་བོ་ཡར་བཀྱགས་ནས་བལྟས་ན་རི་མགོར་སྤྲིན་སྲབ་ཀྱིས་གཡོགས་ཏེ། ཡིད་དབང་རབ་ཏུ་འཕྲོག་པའི་སྣག་རིས་ཤིག་དང་ཆེས་ཆེར་འདྲ་བ་ལས་གཞན་ཡང་སྐབས་རེར་སྤྲིན་སྨུག་གི་ཁྲོད་ནས་རི་གཟུགས་རབ་རིབ་ངང་མཐོང་ཐུབ་པས། དེ་ནའང་དངོས་ནས་ངོ་མཚར་ཞིང་རི་མར་ལྟར་ལྟ་ན་སྡུག་པའི་ལྷ་ཡུལ་ཁམས་ཤིག་དང་ཀུན་ནས་འདྲ་བའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
天俊山
1 ངོ་སྤྲོད།

2 ཁྱད་ཆོས།

རི་མགོ་དེ་རུ་འགྲོ་ན་ཆེས་དོག་ཅིང་གཡང་གཟར་བའི་ལམ་ཕྲན་ཁོ་ན་མ་གཏོགས་མེད་ཅིང་། ལམ་ཕྲན་དེའི་ཕྱོགས་གཉིས་ནའང་གཡང་གཟར་བའི་གྲོག་རོང་ཞིག་ཡིན། དེ་ཡང་། ལམ་ཕྲན་དེར་རྒྱུ་ནས་རི་རྩེར་ཐོན་ཚེ། མདུན་ངོས་གློ་བུར་དུ་ཇེ་ཆེར་སོང་སྟེ། མིག་ལམ་ནས་རིང་ཚད་ལ་སྤྱི་ལེ5དང་ཞེང་ལ་སྤྱི་ལེ2ཡོད་པའི་རྩྭ་ར་སྙོམས་པོ་ཞིག་མཐོང་ཐུབ་པར་མ་ཟད། ད་དུང་རྩྭ་ར་དེའི་སྟེང་དུ་སྔོ་རྩྭ་སྟུག་པོར་སྐྱེས་ཤིང་རི་སྐྱེས་མེ་ཏོག་མཛེས་པར་བཞད་ཡོད་པས། མཛེས་སྡུག་རྨད་དུ་བྱུང་བའི་དར་གོས་ཤིག་དང་ཆེས་ཆེར་འདྲ་བ་ཡིན།

3 ནམ་ཟླ།

ལོ་རེར་དབྱར་ཁ་ཐོན་ཚེ། རི་མགོ་དེ་རུ་ཕྱུགས་རྩྭའི་རྫོང་སྟུག་ཅིང་རི་སྐྱེས་མེ་ཏོག་མཛེས་པར་བཞད་ཡོད་ལ། འབྲོག་པས་ཕྱུགས་ཟོག་དེ་རུ་དེད་ནས་འཚོ་སྐྱོང་བྱས་ན། སེམས་བདེ་ལ་བབས་ནས་ནུས་ཤུགས་ཕྲན་ཙམ་ཡང་འདོན་མི་དགོས་པར་མ་ཟད། ད་དུང་བདེ་འཇགས་ཀྱང་ཡིན། རི་མགོ་དེའི་གནམ་གཤིས་ཀྱི་ཁྱད་ཆོས་ནི། སྤྲིན་རིག་ན་ཆར་འབབ་ཁོ་ཐག་ཡིན་ལ་ཆར་བབས་ཚེ་ཁ་བ་རུ་འགྱུར་ཁོ་ཐག་ཡིན། ཉིན་ལྟར་སྨུག་པ་ཆེས་ཆེར་འཐིབ་དུས། མིག་མདུན་གྱི་གོམ་པ་ལྔའི་ཕ་རོལ་གྱི་ཡུལ་ལྗོངས་དག་མིག་གིས་མཐོང་དཀའ་མོད། འོན་ཀྱང་གནམ་ངོ་དྭངས་ཤིང་མཁའ་དབུགས་གཙང་བའི་སྟོན་ཁའི་དུས་སུ། ཉི་འོད་སེར་ལམ་ལམ་དུ་འཕྲོ་ཞིང་རྒྱང་ཐག་རིང་བོར་བལྟས་ན། བར་ཐག་ལེ་དབར་བརྒྱ་ཙམ་ཡོད་པའི་མཚོ་སྔོན་པོའི་རླབས་སྔོན་ཡང་གསལ་བོར་མཐོང་ཐུབ་པ་རེད།

བརྡ་འགྲེལ་གདོང་འཛར།

ཐེམ་ཆེན། རི་བོ། ཉི་འོད།