སུའེ་ཞི་རྫོང་།སྔ་མའི་པར་གཞི་དེ གདོང་བསོད་ནམས  ནས 2020-03-02 17:16ལ་འགྲུབ།

སུའེ་ཞི་རྫོང་།

སུའེ་ཞི་རྫོང་།
སུའེ་ཞི་རྫོང་ནི་ཨན་ཧུའེ་ཞིང་ཆེན་གྱི་ཧོའེ་པེ་གྲོང་ཁྱེར་ལ་གཏོགས་ཤིང་། ཨན་ཧུའེ་ཞིང་ཆེན་གྱི་བྱང་རྒྱུད་དུ་གནས་པ་དང་། ཤར་ངོས་སུའུ་ཀྲོའུ་གྲོང་ཁྱེར་གྱི་ཧུའེ་ཆའོ་ཆུས་དང་། ལྷོ་ངོས་མོང་ཁྲེང་རྫོང་དང་ཧོའེ་ཡོན་རྫོང་དང་འབྲེལ་ལ། ནུབ་ངོས་སུ་ལུང་དབྱང་རྫོང་དང་འབྲེལ། ནུབ་བྱང་དུ་ཧོ་ནན་ཞིང་ཆེན་ཡུང་ཁྲེང་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད་ལ། བྱང་ངོས་ཧོའེ་པེ་གྲོང་ཁྱེར་གྱི་གྲོང་ཁུལ་དང་འབྲེལ་ཡོད། སུའེ་ཞི་རྫོང་གི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1987ཟིན་པ་དང་ཁྱིམ་ཐོའི་མི་འབོར་ཁྲི112.95(2018ལོར)ཡོད། དེའི་ཁོངས་སུ་ཡུལ་ཚོ་དང་གྲོང་ཁྱེར11དང་ཞིང་ཆེན་རིམ་པའི་སུའེ་ཞི་དཔལ་འབྱོར་གསར་སྤེལ་ཁུལ་དང་། སུའེ་ཞི་ཝུའུ་ཧུའུ་དེང་རབས་ཐོན་ལས་གླིང་། རྫོང་སྲིད་གཞུང་དེ་སུའེ་ཞི་གྲོང་རྡལ་ཐོ་ཧོ་ལམ་ཨང་92པར་བཅའ་སྡོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
濉溪县
ཕྱི་ཡིག་གི་མིང་།
Suixi County
གཞི་ཁྱོན།
སྟོང་སྨི་གྲུ་བཞི་མ1987
མི་གྲངས།
ཁྲི112.95(སྤྱི་ལོ2018ལོའི་རྒྱུན་སྡོད་མི་གྲངས)
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ནམ་ཟླ།
དྲོད་རྒྱུད་ཀྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར།
མངའ་ཁོངས།
གྲོང་རྡལ11
སྲིད་གཞུང་སྡོད་གནས།
ཐོ་ཧོ་ལམ་ཨང92པ།
མཛེས་ལྗོངས་གྲགས་ཅན།
ལིན་ཧོན་གནའ་མཁར་དང་ཆན་ལུང་མཚེའུ། ཧྲི་པན་སྲང་ལམ་སོགས།   མེ་འཁོར་འབབ་ཚུགས། སུའེ་ཞི་འབབ་ཚུགས།
སྲིད་འཛིན་ཁུལ་གྱི་ཚབ་ཨང་།
340521
ས་ཁོངས་ཁ་པར་ཨང་རྟགས།
0555
རླངས་འཁོར་ཚབ་ཨང་།
ཝནE (皖E)
1 ​ངོ་སྤྲོད་མདོར་བསྡུས།

སུའེ་ཞི་རྫོང་ནི་ཨན་ཧུའེ་ཞིང་ཆེན་གྱི་ཧོའེ་པེ་གྲོང་ཁྱེར་ལ་གཏོགས་ཤིང་། ཨན་ཧུའེ་ཞིང་ཆེན་གྱི་བྱང་རྒྱུད་དུ་གནས་པ་དང་། ཤར་ངོས་སུའུ་ཀྲོའུ་གྲོང་ཁྱེར་གྱི་ཧུའེ་ཆའོ་ཆུས་དང་། ལྷོ་ངོས་མོང་ཁྲེང་རྫོང་དང་ཧོའེ་ཡོན་རྫོང་དང་འབྲེལ་ལ། ནུབ་ངོས་སུ་ལུང་དབྱང་རྫོང་དང་འབྲེལ། ནུབ་བྱང་དུ་ཧོ་ནན་ཞིང་ཆེན་ཡུང་ཁྲེང་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད་ལ། བྱང་ངོས་ཧོའེ་པེ་གྲོང་ཁྱེར་གྱི་གྲོང་ཁུལ་དང་འབྲེལ་ཡོད། སུའེ་ཞི་རྫོང་གི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1987ཟིན་པ་དང་ཁྱིམ་ཐོའི་མི་འབོར་ཁྲི112.95(2018ལོར)ཡོད། དེའི་ཁོངས་སུ་ཡུལ་ཚོ་དང་གྲོང་ཁྱེར11དང་ཞིང་ཆེན་རིམ་པའི་སུའེ་ཞི་དཔལ་འབྱོར་གསར་སྤེལ་ཁུལ་དང་། སུའེ་ཞི་ཝུའུ་ཧུའུ་དེང་རབས་ཐོན་ལས་གླིང་། རྫོང་སྲིད་གཞུང་དེ་སུའེ་ཞི་གྲོང་རྡལ་ཐོ་ཧོ་ལམ་ཨང་92པར་བཅའ་སྡོད་བྱས་ཡོད།

སུའེ་ཞི་རྫོང་ནི་ཀྲུང་ཡོན་དཔལ་འབྱོར་ཁུལ་དང་། ཧོའེ་ཧའེ་དཔལ་འབྱོར་ཁུལ། ཞུས་ཀྲོའུ་དཔལ་འབྱོར་ཁུལ་བཅས་ཀྱི་རྫོང་ཁོངས་གལ་ཆེན་ཞིག་ཡིན་ཞིང་། དེར“ཆང་དང་རྡོ་སོལ་གྱི་ཕ་ས་དང་། ཀྲུང་ཡོན་འབྲུ་མཛོད། ནུས་ཁུངས་གྲོང་ཁྱེར། མིས་བཟོས་གཙང་པོའི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད། སྤྱི་ལོ2017ལོའི་ཟླ10པར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་རྒྱལ་ཁབ་སྐྱེད་ཚལ་རྫོང་མཁར་ཞེས་མིང་བཏགས་ཡོད། སྤྱི་ལོ2018ལོའི་ཟླ10བའི་ཚེས22ཉིན་སྤྱི་ལོ2018ལོའི་རྒྱལ་ཡོངས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཁུལ་གཏོད་པའི་མིང་ཐོར་བདམས་པ་རེད།

2 ལོ་རྒྱུས་ཀྱི་འཕེལ་རིམ། 

སྤྱི་ལོ1960ལོའི་ཟླ4བའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། པེང་པུའུ་ཀྲོན་ཆུས་ཀྱི་སུའེ་ཞི་རྫོང་དང་ཞའོ་རྫོང་གི་ས་ཁུལ་ཁ་ཤས་སུ་སུའེ་ཞི་གྲོང་ཁྱེར་བཙུགས་པ་དང་། གྲོང་ཁྱེར་གྱི་མིང་ལ་ཁྲེ་ཞི་རྫོང་རྫོང་ཞེས་མིང་བཏགས། གྲོང་ཁྱེར་མི་དམངས་ཨུ་ཡོན་ལྷན་ཁང་གིས་སུའེ་ཞི་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་དང་མཉམ་དུ་གཞུང་དོན་སྒྲུབ་བཞིན་ཡོད།  

སྤྱི་ལོ1961ལོའི་ཟླ1པོའི་ཚེས13ཉིན། སུའེ་ཞི་གྲོང་ཁྱེར་དངོས་སུ་བཙུགས་པ་དང་། སྤྱི་ལོ1961ལོའི་ཟླ4པའི་ཚེས13ཉིན་ཨན་ཧུའེ་ཞིང་ཆེན་སུའུ་རྫོང་གི་ཁོངས་གཏོགས་སུ་གྱུར། 

སྤྱི་ལོ1965ལོར་སུའེ་ཞི་རྫོང་གི་རེན་ཞུས་ཀུང་ཧྲེ་དང་ལའེ་ཧྲན་ཀུང་ཧྲེའི་ཨེར་ལང་མིའོ་དང་། དབྱང་ཀྲོང་། ཧུང་ཀྲོང་། ལེ་ཧྲན། ཧོང་ཆའོ། ཝུའུ་ཧྲན་ཁོའུ་བཅས་ཀྱི་རུ་ཆེན་གྱི་ཁོངས་སུ་གཏོགས།

སྤྱི་ལོ1971ལོའི་ཟླ3པའི་ཚེས29ཉིན། སུའུ་རྫོང་ཀྲོན་ཆུས་ལ་སུའུ་རྫོང་ས་ཁུལ་ཞེས་པར་མིང་བསྒྱུར།

སྤྱི་ལོ 1977ལོའི་ཟླ1པོའི་ཚེས12ཉིན་སུའེ་ཞི་རྫོང་ནས་སུའུ་རྫོང་ས་ཁུལ་ནས་ཧོའེ་པེ་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག

སྤྱི་ལོ1992ལོའི་ཟླ1པོ་ནས4པའི་བར་ཆུས་དང་ཞང་ཟླ་སྒྲིལ་བཏང་སྟེ་སུའེ་ཞི་རྫོང་ཐུའུ་ལོའུ་ཞང་དེ་ཞང་ཧྲན་ཆུས་ཀྱི་མངའ་འོག་ཏུ་བཅུག་པ་དང་། སུའེ་ཞི་རྫོང་སུང་ཡོན་ཞང་དེ་ལེ་ཧྲན་རི་ཁུལ་དུ་བཅུག་ཅིང་། སུའེ་ཞི་རྫོང་གི་ཆུས་ཀུང་སུའོ9མེད་པར་བཟོས། 

སྤྱི་ལོ2000ལོར་སུའེ་ཞི་རྫོང་ཐེ་ཧྥོ་ཡུལ་ཚོ་མེད་པར་བཟོས་ནས་ཐེ་ཧྥོ་གྲོང་རྡལ་བཙུགས། 

3 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2018ལོའི་ལོ་མཇུག་བར་སུའེ་ཞི་རྫོང་ཁོངས་ཀྱི་གྲོང་རྡལ11ཡོད་པ་སྟེ། སུའེ་ཞི་གྲོང་རྡལ་དང་། ལིན་ཅི་གྲོང་རྡལ། ནན་ཕིང་གྲོང་རྡལ། པའེ་ཧྲན་གྲོང་རྡལ། ཐེ་ཧྥུའུ་གྲོང་རྡལ། ལིའུ་ཆའོ་གྲོང་རྡལ། སུན་དབྱི་གྲོང་རྡལ། ཧན་གོ་གྲོང་རྡལ། ཧྲོང་སྟོད་ཅི་གྲོང་རྡལ། ཝུའུ་ཀོའུ་གྲོང་རྡལ། སི་ཕུའུ་གྲོང་རྡལ་བཅས་རེད། ཁྱོན་སྡེ་ཁུལ24དང་སྲིད་འཛིན་གྲོང་ཚོ413ཡོད། ཆུ་ཕྲན་གྲོང་རྡལ་ནི་སུའེ་ཞི་རྫོང་སྲིད་གཞུང་གནས་ཡུལ་དུ་གནས་ཡོད། 

4 ས་ཁམས་ཁོར་ཡུག
5 གནས་ཡུལ།

སུའེ་ཞི་རྫོང་ནི་ཧོའེ་པེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་ཞིང་། ཨན་ཧུའེ་ཞིང་ཆེན་གྱི་བྱང་རྒྱུད་དུ་གནས་པ་དང་། ཤར་ངོས་སུའུ་ཀྲོའུ་གྲོང་ཁྱེར་གྱི་ཧུའེ་ཆའོ་ཆུས་དང་། ལྷོ་ངོས་མོང་ཁྲེང་རྫོང་དང་ཧོའེ་ཡོན་རྫོང་དང་འབྲེལ་བ། ནུབ་ངོས་སུ་ཙུའོ་དབྱང་རྫོང་དང་ཧོ་ནན་ཞིང་ཆེན་གྱི་ཡུང་ཁྲེང་གྲོང་ཁྱེར་དང་འབྲེལ། བྱང་ངོས་ཧོའེ་པེ་གྲོང་ཁྱེར་གྱི་གྲོང་ཁུལ་དང་འབྲེལ་ཡོད། རྫོང་གྲོང་དེ་སུའུ་ཞི་གྲོང་རྡལ་དུ་བཅའ་སྡོད་བྱས་པ་དང་། མི་དམངས་སྲིད་གཞུང་གི་ཐའོ་ཧོ་ལམ་ཨང92པ་དེ་ཞིང་ཆེན་ལྟེ་གནས་ཧོ་ཧྥེ་དང་བར་ཐག་སྤྱི་ལེ300ཡོད། སུའེ་ཞི་རྫོང་ཁོངས་གཏོགས་ཀྱི་ལྷོ་སྣེ་ནས་ཧྲོང་ཏུའེ་ཅི་གྲོང་རྡལ་ཀྲའོ་ཡོན་གྲོང་ཚོ་ཝང་ཞའོ་ཀྲོང་ནས་བྱང་སྣེའི་ལིའུ་ཆའོ་གྲོང་རྡལ་རེན་ཡུས་གྲོང་ཚོའི་ལྷོ་བྱང་བར་གྱི་བར་ཐག་ཆེ་ཤོས་སྤྱི་ལེ95ཡོད། ཤར་སྣེའི་སི་ཕུའུ་གྲོང་རྡལ་ཤིན་ཀྲོང་གྲོང་ཚོའི་ཏ་ལིའུ་ཅ་ནས་ནུབ་སྣེའི་ཐའེ་ཕུའུ་གྲོང་རྡལ་ཀྲུའུ་མིང་ལོའུ་གྲོང་ཚོའི་ཝུའུ་ཀྲོང་བར་བར་ཐག་སྤྱི་ལེ50ཡོད་པ་རེད། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1987ཡོད་པ་དེའི་ནང་སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1918.61དང་། ཆུ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ62.99ཡོད། ཆུ་བོའི་འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ21.13ཡོད་པ་དང་། རྡིབ་པའི་མཚེའུ་དང་དོང་ཆུ་སོགས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ41.86ཡོད།

6 མི་གྲངས་། 

སྤྱི་ལོ2018ལོའི་ལོ་མཇུག་བར་སུའེ་ཞི་རྫོང་དུ་ཐེམ་ཐོ་ཡོད་པའི་མི་འབོར་ཁྲི112.95ཟིན་པ་དེ་སྤྱི་ལོ2017ལོ་ལས་མི་ཁྲི1.07འཕར་བའི་ནང་སྐྱེས་པ་ཁྲི58.3ཟིན་ནས་མི་ཁྲི0.6མང་དུ་ཕྱིན་པ་དང་། བུད་མེད་ཁྲི54.7ཟིན་ནས་མི་ཁྲི0.5འཕར་ཡོད། ལོ་དེར་སྐྱེས་པའི་མི་འབོར18518དང་། འདས་པའི་མི་འབོར4066ཡོད། རྫོང་དེ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི105.8ཟིན་ཡོད།

7 དཔལ་འབྱོར། 

སྤྱི་ལོ2018ལོར་སུའེ་ཞི་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར341.9ཟིན་ནས7.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར43.4ཟིན་ནས1.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར176.3ཟིན་ནས8.6%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར122.2ཟིན་ནས་7.2%འཕར་ཡོད། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར32313ཡིན། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་ནི12.7:51.6:35.7ཡིན། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས14734གསར་དུ་འཕར་བ་དང་། སྒེར་གཉེར་ཁེ་ལས1765གསར་དུ་འཕར། ཁེར་རྐྱང་བཟོ་ཚོང་དུད་ཚང6984གསར་དུ་འཕར་བ་བཅས་རེད།

སྤྱི་ལོ2018ལོར་སུའེ་ཞི་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར28819ཟིན་ནས8.7%འཕར་ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར་18405ཟིན་ནས7.8%འཕར་ཡོད། དེའི་ནང་ཐ་མག་དང་ཨ་རག་གི་གཏོང་སྒོ་སྒོར4917ཟིན་ནས18.3%འཕར་བ་དང་། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར12710ཟིན་ནས9.9%འཕར་ཡོད། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར9283ཟིན་ནས8.5%འཕར་ཡོད། དེའི་ནང་ཐ་མག་དང་ཨ་རག་ལ་སྒོར2764བཏང་བ་དེ14.1%འཕར་ཡོད།

8 སྤྱི་ཚོགས་ལས་དོན།
8_1 སློབ་གསོ། 

སྤྱི་ལོ2018ལོའི་ལོ་མཇུག་བར་སུའེ་ཞི་རྫོང་དུ་རིགས་ཁག་གི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ2ཡོད་པའི་ནང་སྤྱིར་བཏང་གི་འབྲིང་རིམ་ཆེད་ལས་སློབ་གྲྭ1དང་དར་མའི་འབྲིང་རིམ་ཆེད་ལས་སློབ་གྲྭ1ཡོད་པ་དང་། ལོ་དེར་སློབ་མ647བསྡུས་པ་དང་། སྤྱི་ལོ2017ལོར་སློབ་གྲྭར་ཐོན་པའི་སློབ་མ7123ཡོད། སློབ་འབྲིང་དཀྱུས་མ49ཡོད་པ་དང་ལོ་དེར་སློབ་མ18824དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ54221བསྡུས་ཡོད། དེའི་ནང་མཐོ་རིམ་སློབ་འབྲིང5ཡོད་པ་དང་ལོ་དེར་སློབ་མ6055དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ17420ཡོད། དམའ་རིམ་སློབ་འབྲིང42ནས་ལོ་དེར་སློབ་མ12769དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ36801བསྡུས་ཡོད། སློབ་ཆུང174ཡོད་པ་དང་ལོ་དེར་སློབ་མ15498དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ83237ཡོད། བུ་བཅོལ་ཁང113དང་བུ་བཅོལ་ཁང་གི་བྱིས་པ18892ཡོད། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%དང་དམའ་རིམ་སློབ་འབྲིང་གི་སློབ་ལོ་ལོན་པའི་མི་འབོར་སློབ་གྲྭར་ཞུགས་ཚད100%ཟིན། སློབ་ཆུང་གི་སློབ་ཐོན་སློབ་མ་སློབ་རིམ་འཕར་ཚད103.1%ཟིན་པ་དང་དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་སློབ་རིམ་འཕར་ཚད57.2%ཟིན་ཡོད། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་ཆེད་བསྐོས་དགེ་རྒན8134ཡོད་པ་རེད། རྫོང་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཉལ་ཁང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི141.8ཟིན། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མས་སློབ་གྲྭའི་ཉལ་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ17.7ཟིན་པ་དང་དམའ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ་ཚང་མས་སློབ་གྲྭའི་ཉལ་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ15.4ཟིན་ཞིང་། སློབ་ཆུང་སློབ་མ་ཚང་མས་སློབ་གྲྭའི་ཉལ་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ6.1ཟིན། འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མས་སློབ་གྲྭའི་ཉལ་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ61.8ཟིན་ཡོད། སློབ་འབྲིང་གཉིས་པའི་སློབ་ཁུལ་གསར་པ་དང་རྒན་རྒོན་སློབ་ཆེན་སོགས་ལས་གྲྭའི་གཙོ་གཟུགས་ལས་མཇུག་སྒྲིལ་བ་རེད། 

8_2 ཚན་རིག་ལག་རྩལ།

སྤྱི་ལོ2018ལོར་སུའེ་ཞི་རྫོང་གསར་སྤེལ་ཁུལ་གྱི་ལས་གཏོད་ཞབས་ཞུའི་ལྟེ་གནས་ཞིང་ཆེན་རིམ་པའི་ཚན་རྩལ་ཁེ་ལས་སྐྱེད་སྲིང་ཡོ་བྱད་ལ་བདམས་པ་དང་། ཧོའེ་ཧའེ་ཨང་དང་པོའི་ཀུན་གཏོད་བར་མཐོངས་ལ་ཞིང་ཆེན་རིམ་པའི་ཐོ་འགོད་སྙན་སེང་ཐོབ་ཡོད། “སུའེ་ཞི་ཧ་ཡང་རྒྱུ་ཆ་གསར་པའི་ཡོན་ཧྲིའི་ལས་དོན་ས་ཚིགས”དང“ཨན་ཧུའེ་བྱང་རྒྱུད་ཧ་ཡང་རྒྱུ་ཆའི་ཐོན་ལས་ལག་རྩལ་ཞིབ་འཇུག་ཁང”སྒོ་བྱང་བཀལ་ནས་བཙུགས་པ་རེད། ཞིང་ཆེན་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས17དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང56ལ་གདེང་འཇོག་དང་ངོས་འཛིན་བྱས་པ་རེད། པིའོ་ཝང་ཞིང་འབྲོག་ཀུང་སི་སོགས་ཁེ་ལས་3གྱིས་རྣམ་གྲངས་རེ་ཞུ་བྱས་པར་ཞིང་ཆེན་གྱི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་གྱི་རྣམ་གྲངས་བཙུགས་པ་དང་ཅུས་ཁྲེང་རྫས་འགྱུར་བཟོ་ལས་ཀྱི་རྣམ་གྲངས་དང་པོར་ཞིང་ཆེན་གྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད། བསྡུ་ཐེངས་གཉིས་ཀྱི་འདེབས་ལས་སོགས་ཁེ་ལས7གྱིས་ཨན་ཧུའེ་ཞིང་ལས་སློབ་ཆེན་སོགས་མཐོ་སློབ་དང་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་འབྲེལ་བ་བཙུགས་ཡོད། 

8_3 རིག་གནས་ལས་དོན།

སྤྱི་ལོ2018ལོར་སུའེ་ཞི་རྫོང་ཧོ་ཤིས་ཆུས་ཀྱི་རིག་རྩལ་ལུས་རྩལ་ཐང་གི་ལས་གྲྭ་གཙོ་བོ་ལས་མཇུག་འགྲིལ་ཞིང་། མིས་བཟོས་གཙང་པོ་ཆེན་པོt་དང་ལིའུ་ཙེ་རིག་གནས་གླིང་དེ་རྒྱལ་ཁབ་ཀྱིA3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདམས་པ་དང་། ལིན་ཡན་གྲོང་རྡལ་དེ“ཨན་ཧུའེ་ཡུལ་སྐོར་གྱི་གནའ་བོའི་གྲོང་ཚོ་དང་གྲོང་རྡལ་བཅུའི”གྲས་སུ་ཚུད་ལ། པའེ་ཧྲན་གྲོང་རྡལ་དེ“ཨན་ཧུའེ་ཞིང་ཆེན་གྱི་ལོ་ངོ་སྟོང་གི་གནའ་བོའི་གྲོང་རྡལ”ནང་ཚུད། ཧན་གོ་གྲོང་རྡལ་ཧོའེ་ཧའེ་གྲོང་ཚོ་དང་པའེ་ཧྲན་གྲོང་རྡལ་ལིའུ་ཙེ་གྲོང་ཚོ་ཞིང་ཆེན་རིམ་པའི་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་གྲོང་ཚོར་བདམས་ལ། ཝུན་ཁྲང་ཕོ་བྲང་དང་། ཞའོ་ལི་ཅ། ཧྲོང་ཏུའེ་རུབ་བསྡུས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་བཅས་ཞིང་ཆེན་གྱི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མིང་གཞུང་ནང་ཚུད།

8_4 སྨན་བཅོས་འཕྲོད་བསྟེན། 

སྤྱི་ལོ2018ལོའི་ལོ་མཇུག་བར་སུའེ་ཞི་རྫོང་དུ་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི352ཡོད་པའི་ནང་སྨན་ཁང18དང་འཕྲོད་བསྟེན་ཁང18དང་། ལས་གཉེར་སྨན་པ(ལས་རོགས)སྨན་པ་དཀའ་བཅུ་པ1634ཐོ་འགོད་བྱས་པའི་སྨན་གཡོག1589ཡོད་ལ། འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲིའི་གྲངས35973ཡོད་པ་རེད། 

8_5 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2018ལོར་སུའེ་ཞི་རྫོང་གིས་ཁྲོམ་གཞུང་ཆུང་ངུ12ཀྱི་བཅོས་སྒྲིག་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་འབྲེལ་ཀུའོ་ལོའུ་ཆའོ་དང་ཝང་ཆའོ་སོགས་ཟམ་པ་བཞིའི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད་པ་རེད། སྡོད་ཁང་སྐྱོ་ཁུལ་གྱི་ལས་འགོ་བཙུགས་པའི་རྣམ་གྲངས་ཆ་ཚང8753དང་ཧོའེ་ཧའེ་ནན་ཅུས་སོགས་རྣམ་གྲངས་ཆ་ཚང2075ནང་བཅུག་ཡོད། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ2300སྒྱུར་བཀོད་བྱས་ནས་མི3255དབུལ་ཐར་དང་གྲོང་ཚོ་དབུལ་པོ3དབུལ་ཐར་བྱུང་ཡོད། དབུལ་སྒྲོལ་རྣམ་གྲངས1580ཇུས་འགོད་བྱས་པར་མ་དངུལ་སྒོར་དུང་ཕྱུར3.38བཏང་བ་རེད།

སྤྱི་ལོ2018ལོའི་ལོ་མཇུག་བར་སུའེ་ཞི་རྫོང་གི་གསོ་ཉར་རང་བཞིན་གྱི་སྤྱི་ཚོགས་ཕན་བདེའི་ཚན་པ19ལ་ཉལ་ཁྲི2680ཡོད་པ་རེད། རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་རྒན་གསོ་དང་། སྨན་བཅོས། ལས་ཤོར་བཅས་ཀྱི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི7.2དང་། མི་ཁྲི4.7མི་ཁྲི3.9བཅས་སོ་སོར་ཟིན་ཡོད། རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་ཞུགས་པའི་མི་གྲངས་ཁྲི95.6ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་ཁྲི52.2ཟིན་ནས་མི་ཁྲི38.5ལ་མུ་མཐུད་འགན་ལེན་བྱས། 

དཔྱད་གཞིའི་ཡིག་ཆ།