བོད་ཀྱི་སྦྲ་གུར།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-02-10 11:23ལ་འགྲུབ།

བོད་ཀྱི་སྦྲ་གུར།

བོད་ཀྱི་སྦྲ་གུར།
འབྲོག་པའི་སྦྲ་ཕལ་ཆེ་བ་ནི་ཧ་ཅང་ཆེ་ཞིང་སྤུས་དག་པ་ཞིག་ཡིན། འབྲོག་མིས་རང་ཉིད་ཀྱི་ལག་ཤེས་ལ་བརྟེན་ནས་འཁེལ་འཐག་བྱས་པའི་རྩིད་རེ་ནག་པོ་འབའ་ཞིག་གིས་བཟོས་པ་ཡིན། སྦྲ་ཆེན་པོ་འགའ་ཤས་ཀྱི་ནང་དུ་ཀ་བ་བཅུ་གཉིས་དང་ཡང་ན་བཅུ་དྲུག་ཙམ་ཡོད་པ་དང་། སྦྲའི་ཕྱི་ལོགས་སུ་ཆོན་ཐག་རིང་ཐུང་ཧ་ཅང་མང་པོ་ཞིག་ཡོད། སྤྱིར་བཏང་དུ་སྦྲ་ཕུབ་ནས་སྒོ་ཁར་བལྟས་པའི་གཡས་ཕྱོགས་ཀྱི་མིང་ལ་མོ་སྦྲ་ཞེས་བྱ་སྟེ། དེའི་ནང་དུ་རྟག་པར་བུད་མེད་ཀྱི་རིགས་རྣམས་གནས་ཤིང་། ཞོ་མར་ལ་སོགས་པ་དཀར་ལས་ཀྱི་རིགས་གཙོ་ཆེ་བའང་དེའི་ནང་དུ་བྱེད། སྦྲ་ཆེན་འགའ་ཤས་ལ་མོ་སྦྲའི་ནང་དུ་གཉེར་ཁང་ཟུར་ཆོད་བཟོས་པའང་སྣང་། གཡོན་ཕྱོགས་ལ་ཕོ་སྦྲ་ཞེས་བྱ་སྟེ་རྟག་པར་ཕོའི་རིགས་དེར་གནས་ཤིང་། འགྲུལ་པའི་སྡོད་གནས་ཀྱང་དེར་བྱེད་པ་དང་། ཤ་སོགས་དམར་ལས་གང་བྱེད་དགོས་ནའང་དེ་རུ་བྱེད་པ་རེད།
གཞི་རྩའི་གནས་ཚུལ།

ཕྱི་ཡིག་མིང་།
tent
རྒྱ་ཡིག་གི་མིང་།
帐篷
1 ངོ་སྤྲོད།

2 སྤྱོད་སྟངས།

སྦྲ་ཆེན་ཕལ་ཆེ་བའི་ཕོ་སྦྲའི་ནང་དུ་མཆོད་ཁང་ཆུང་ངུ་རེ་ཟུར་ཆོད་བཟོས་འདུག་པ་དེ་དག་ཏུ་རྒྱུན་གྱི་མཆོད་གནས་འབྲེལ་ཆེ་བ་དག་བཞུགས་སྲོལ་ཡོད་ཅིང་། འབྲོག་མི་དག་གིས་མོ་སྦྲའི་ནང་དུ་ཤ་དམར་རྗེན་གཏན་ནས་ཁྱེར་སྲོལ་མེད་པ་དང་། གལ་སྲིད་ཁྱེར་ཚེ་གུང་ལྷ་འཁྲུགས་ནས་མི་ཕྱུགས་ལ་གོད་ཁ་འབྱུང་བར་བཤད། དེ་ཡང་མོ་སྦྲའི་ནང་དུ་གུང་ལྷ་ཞེས་བྱ་བའི་ལྷ་རྟེན་སོགས་ཕོ་སྦྲ་ལས་ཐ་དད་པ་ནི་གང་ཡང་མི་སྣང་ཞིང་། གུང་ལྷ་ཞེས་པའི་མིང་འདོགས་ཡུལ་དངོས་ནི་སྦྲའི་ཀླད་ཁུང་སྟེ། དེས་མཚོན་བྱེད་དུ་བྱས་པའི་མཚོན་བྱའི་ལྷ་ཞིག་ལ་ཡིད་བརྟན་བྱས་པའམ། ཡང་ན་གནའ་དུས་ཀྱི་ལོ་རྒྱུས་འགའ་ཞིག་ལ་ལྟོས་པ་གང་ཡང་ཡིན་མ་ངེས། འབྲོག་མི་ཕྱུག་པོ་དག་གི་སྦྲ་ཆེན་གྱི་གཡས་གཡོན་དུ་ནག་ཚང་ཞེས་བྱ་བའི་སྦྲའི་དབྱིབས་ཐ་དད་པ་ཆུང་ངུའི་གྲས་འགའ་རེའང་ཡོད་འདུག་པ་དེ་དག་ནི་ནང་གི་ཕ་མའི་སྡོད་ཁང་ངམ། བླ་མཆོད། འགྲུལ་པ། ལག་བཟོ་པ་སོགས་དགོས་པ་མི་འདྲ་བ་དག་གི་ཆེད་དུ་ཡིན་འདུག་པ་དང་། ཡང་གུར་ར་ཞེས་བྱ་བ་ཆུང་ངུ་དག་ཕྱུགས་ལྷས་ཀྱི་མཐའ་སྐོར་རྣམས་སུ་ཡོད། དེ་དག་ནི་ཕྱུགས་སྲུང་བ་དག་གི་ཆེད་དུ་ཡིན་པ་དང་། གཞན་ཡང་གཡབ་ཅེས་པ་ནི་ཚོང་འགྲུལ་པའི་ཆེད་དང་། རས་ཀྱིས་བཟོ་པའི་གུར་དང་། ཁྲ་གུར། ཅོག་གུར་སོགས་བཟོ་དབྱིབས་མི་འདྲ་བ་མང་པོ་སྣང་བ་དེ་དག་ཀྱང་གནས་དུས་ཀྱི་དགོས་པ་མི་འདྲ་བ་དག་ལ་བརྟེན་ནས་བཟོས་པའོ།།

བརྡ་འགྲེལ་གདོང་འཛར།

སྦྲ་གུར། སྦྲ།