ཏུའུ་ཅི་ཆུས།སྔ་མའི་པར་གཞི་དེ གདོང་བསོད་ནམས  ནས 2020-03-02 17:43ལ་འགྲུབ།

ཏུའུ་ཅི་ཆུས།

ཏུའུ་ཅི་ཆུས།
ཏུའུ་ཅི་ཆུས་ནི་ཨན་ཧུའེ་ཞིང་ཆེན་ཧོའེ་པེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧོའེ་པེ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་ཆགས་ཤིང་། བྱང་གི་འཕྲེད་ཐིག33°58′~34°18′དང་ཤར་གྱི་གཞུང་ཐིག116°41′~116°58′བར་དུ་གནས་པ་དང་། སུའུ་ལེན་དང་ཧྲན་ཏུང་། ཧོ་ནན། ཨན་ཧུའེ་བཅས་འབྲེལ་མཚམས་ཀྱི་ཞུས(ཀྲོའུ)དང་ཧོའེ(བྱང་རྒྱུད)གྲོང་ཁྱེར་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། དེ་ནི་ཧོའེ་ཧའེ་དཔལ་འབྱོར་ཁུལ་གྱི་ལྟེ་གནས་ཡིན། ཏུའུ་ཅི་ཆུས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ230.2ཟིན་པ་དང་དེའི་ཁོངས་སུ་ཁྲོམ་གཞུང2དང་གྲོང་རྡལ3ཡོད་པ་དང་། སྤྱིའི་མི་འབོར་ཁྲི34.2(སྤྱི་ལོ2018ལོར)ཡོད་པ་རེད། སྤྱི་ལོ2018ལོར་ཏུའུ་ཅི་ཆུས་ཀྱི་ལོ་ཧྲིལ་པོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར118.1ཟིན། ཏུའུ་ཅི་ཆུས་ལ་ནན་ཧྲན་མཛེས་ལྗོངས་ཁུལ་དང་ཧོའེ་པེ་ཏུང་ཧུའུ་འདམ་རའི་སྤྱི་གླིང་། ཧྲུའུ་ཤིས་མཚེའུ། ཏོན་ཡོན་རྒུན་འབྲུམ་གྲོང་རྡལ་ཆུང་ངུའི་ཡུལ་སྐོར་མཛེས་ལྗོངས་ཁུལ། ཀའོ་གཡོད་དེང་རབས་ཞིང་ལས་དཔེ་སྟོན་གླིང་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杜集区
གཞི་ཁྱོན།
སྤྱི་ལེ་གྲུ་བཞི་མ230.2
མི་གྲངས།
ཁྲི34.2(སྤྱི་ལོ2018ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཨན་ཧུའེ་ཞིང་ཆེན་ཧོའེ་པེ་གྲོང་ཁྱེར།
མངའ་ཁོངས།
སྲང་ལམ2དང་གྲོང་རྡལ3
སྲིད་གཞུང་སྡོད་གནས།
ཨན་ཧུའེ་ཞིང་ཆེན་ཧོའེ་པེ་གྲོང་ཁྱེར་ཧོའེ་ཧོ་གྲོང་ཁྱེར་ཏུའུ་ཅི་ཆུས་ནུབ་ལམ་ཨང58པ།
མེ་འཁོར་འབབ་ཚུགས།
ཧོའེ་པེ་འབབ་ཚུགས།
སྲིད་འཛིན་ཁུལ་གྱི་ཚབ་ཨང་།
340602
ས་ཁོངས་ཁ་པར་ཨང་རྟགས།
0561
རླངས་འཁོར་ཚབ་ཨང་།
ཝནF (皖E)
སྦྲག་སྲིད་ཨང་རྟགས།
235000
1 ​ངོ་སྤྲོད་མདོར་བསྡུས།

ཏུའུ་ཅི་ཆུས་ནི་ཨན་ཧུའེ་ཞིང་ཆེན་ཧོའེ་པེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧོའེ་པེ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། བྱང་གི་འཕྲེད་ཐིག33°58′~34°18′དང་ཤར་གྱི་གཞུང་ཐིག116°41′~116°58′བར་དུ་གནས་པ་དང་། སུའུ་ལེན་དང་ཧྲན་ཏུང་། ཧོ་ནན། ཨན་ཧུའེ་བཅས་འབྲེལ་མཚམས་ཀྱི་ཞུས(ཀྲོའུ)དང་ཧོའེ(བྱང་རྒྱུད)གྲོང་ཁྱེར་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། དེ་ནི་ཧོའེ་ཧའེ་དཔལ་འབྱོར་ཁུལ་གྱི་ལྟེ་གནས་ཡིན། ཏུའུ་ཅི་ཆུས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ230.2ཟིན་པ་དང་དེའི་ཁོངས་སུ་ཁྲོམ་གཞུང2དང་གྲོང་རྡལ3ཡོད་པ་དང་། སྤྱིའི་མི་འབོར་ཁྲི34.2(སྤྱི་ལོ2018ལོར)ཡོད་པ་རེད། སྤྱི་ལོ2018ལོར་ཏུའུ་ཅི་ཆུས་ཀྱི་ལོ་ཧྲིལ་པོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར118.1ཟིན།

ཏུའུ་ཅི་ཆུས་ལ་ནན་ཧྲན་མཛེས་ལྗོངས་ཁུལ་དང་ཧོའེ་པེ་ཏུང་ཧུའུ་འདམ་རའི་སྤྱི་གླིང་། ཧྲུའུ་ཤིས་མཚེའུ། ཏོན་ཡོན་རྒུན་འབྲུམ་གྲོང་རྡལ་ཆུང་ངུའི་ཡུལ་སྐོར་མཛེས་ལྗོངས་ཁུལ། ཀའོ་གཡོད་དེང་རབས་ཞིང་ལས་དཔེ་སྟོན་གླིང་སོགས་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

ཁྲུན་ཆིའུ་དུས་སྐབས་སུ་སུང་རྒྱལ་ཁབ་ཀྱི་མངའ་འོག་ཏུ་གཏོགས།

རྒྱལ་ཁབ་གསུམ་གྱི་དུས་སྐབས་དུ(སྤྱི་ལོ221ལོ་ནས་སྤྱི་ལོ234ལོའི་བར)ཝེ་ཏི་ཅུན་གྱི་ཁོངས་སུ་གཏོགས། 

ཐང་རྒྱལ་རབས་ཀྱི་སྐབས་སུ་ཏའོ་དང་། ཀྲོའུ། རྫོང་བཅས་རིམ་པ་གསུམ་གྱི་ལམ་ལུགས་ལག་བསྟར་བྱས་པ་དང་། ས་ཁོངས་ཧོ་ནན་ཏའོ་ཞུས་ཀྲོའུ་རུ་གཏོགས། 

ཡོན་ཧྲི་ཙུའུ་ཀྲེ་ཡོན་ཁྲི་ལོ་གཉིས(སྤྱི་ལོ1265ལོ)པར་ཞའོ་རྫོང་མེད་པར་བཟོས་ནས་ཞུས་ཀྲོའུ་རུ་ཟླ་སྒྲིལ་བཏང་བ་དང་། ཆུས་ཁོངས་ཞུས་ཀྲོའུ་ལ་གཏོགས།

ཆིང་རྒྱལ་རབས་ཀྱི་ཧྲུན་ཀྲིའི་སྐབས་སུ(སྤྱི་ལོ1644ལོ་ནས་སྤྱི་ལོ1661ལོའི་བར)ས་ཁོངས་ཅང་ནན་ཞིང་ཆེན་ཁོངས་ཞུས་ཀྲོའུ་རུ་གཏོགས། 

སྤྱི་ལོ953ལོའི་ཟླ2པར། ས་ཁོངས་ཅང་སུའུ་ཞིང་ཆེན་གྱི་ཞུས་ཀྲོའུ་ཀྲོན་ཆུས་ཞའོ་རྫོང་གི་མངའ་འོག་ཏུ་གཏོགས་པ་དང་། ཕྱིས་སུ་ཞའོ་རྫོང་དང་མཉམ་དུ་ཨན་ཧུའེ་ཞིང་ཆེན་དུ་བགོས།

སྤྱི་ལོ1955ལོའི་ཟླ4པར་ཨན་ཧུའེ་ཞིང་ཆེན་སུའུ་རྫོང་ཀྲོན་ཆུས་ཞའོ་རྫོང་ཁོངས་སུ་གཏོགས། 

སྤྱི་ལོ1961ལོའི་ཟླ6པར། ཡན་ཞི་གྲོང(རྗེས་སུ་ཧོའེ་པེ་གྲོང་ཁྱེར་ཞེས་མིང་བསྒྱུར)འདབས་བཙུགས་པ་དང་། ས་ཁོངས་ལྷོ་ཕྱོགས་ཀྱི་ཡན་ཞི་གྲོང་ཁྱེར་དང་བྱང་ཕྱོགས་ཀྱི་ཞའོ་རྫོང་དུ་གཏོགས།

སྤྱི་ལོ1980ལོའི་ཟླ5པར། ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་དེ་ཏུའུ་ཅི་ཁུལ་བཙུགས།

སྤྱི་ལོ1984ལོའི་ཟླ3པར། འགན་ནུས་ཡོངས་ཀྱི་ཁུལ་བཙུགས།

3 སྲིད་འཛིན་ཁུལ་དབྱེ། 

སྤྱི་ལོ2018ལོ་བར་ཏུའུ་ཅི་ཆུས་ཁོངས་སུ་ཁྲོམ་གཞུང2དང་གྲོང་རྡལ3ཡོད་པ་སྟེ། ཀའོ་གཡོད་ཁྲོམ་གཞུང་དང་། གཏེར་རིའི་ཁྲོམ་གཞུང་། ཏོན་ཡོན་གྲོང་རྡལ། ཧྲི་ཐའེ་གྲོང་རྡལ། ཧྲུའོ་ལི་གྲོང་རྡལ་བཅས་དང་། སྲིད་གཞུང་གི་བཅའ་སྡོད་བྱ་ཡུལ་དུ་ནུབ་ལམ58བཙུགས་པ་རེད།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཏུའུ་ཅི་ཆུས་ནི་ཨན་ཧུའེ་ཞིང་ཆེན་ཧོའེ་པེ་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་པ་དང་། བྱང་གི་འཕྲེད་ཐིག33°58′~34°18′དང་ཤར་གྱི་གཞུང་ཐིག116°41′~116°58′བར་དུ་གནས་པ་དང་། སུའུ་ལེན་དང་ཧྲན་ཏུང་། ཧོ་ནན། ཨན་ཧུའེ་བཅས་འབྲེལ་མཚམས་ཀྱི་ཞུས(ཀྲོའུ)དང་ཧོའེ(བྱང་རྒྱུད)གྲོང་ཁྱེར་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། དེ་ནི་ཧོའེ་ཧའེ་དཔལ་འབྱོར་ཁུལ་གྱི་ལྟེ་གནས་ཡིན། ཏུའུ་ཅི་ཆུས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ230.2ཟིན་པ་དང་དེའི་ཁོངས་སུ་ཁྲོམ་གཞུང2དང་གྲོང་རྡལ3ཡོད་པ་དང་། སྤྱིའི་མི་འབོར་ཁྲི34.2(སྤྱི་ལོ2018ལོར)ཡོད་པ་རེད། སྤྱི་ལོ2018ལོར་ཏུའུ་ཅི་ཆུས་ཀྱི་ལོ་ཧྲིལ་པོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་118.1ཟིན།

4_2 ནམ་ཟླ

ཏུའུ་ཅི་ཆུས་ནི་དྲོ་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། གནམ་གཤིས་དྲོ་འཇམ་དང་། དུས་བཞི་གསལ་བ། ཉི་འོད་ཕོག་ཚད་འདང་ངེས་ཡིན། དབྱར་དུས་ཚ་བ་ཆེ་ལ་ཆར་ཆུ་མང་། དགུན་དུས་གྲང་ངར་དང་སྐམ་ཤས་ཆེ། ལོ་རེའི་ཆ་སྙོམས་དྲོད་ཚད14.8℃ཡིན་པའི་ནང་ཟླ་དང་པོའི་ཆ་སྙོམས་དྲོད་ཚད-0.2℃ཡིན་པ་དང་། ཆེས་ཐལ་དྲགས་པའི་དྲོད་ཚད-21.3℃(སྤྱི་ལོ1969ལོའི་ཟླ2པའི་ཚེས5ཉིན) ཟླ7པའི་ཆ་སྙོམས་དྲོད་ཚད27.4℃དང་ཐལ་དྲགས་པའི་དྲོད་ཚད་མཐོ་ཤོས41.5℃(སྤྱི་ལོ1972ལོའི་ཟླ6ཚེས1ཉིན། ) ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2277ཟིན་པ་དང་། སྐྱེ་བའི་དུས་ཡུན་ལོ་རེར་ཆ་སྙོམས་ཉིན310ཡིན། སད་མེད་དུས་ཡུན་ལོ་རེར་ཆ་སྙོམས་ཉིན202ཟིན་ལ། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི823.4ཟིན། ལོ་རེའི་ཆར་ཆུ་འབབ་ཚད་ཆེ་ཤོས་ཧའོ་སྨི1441.4ཟིན་པ་རེད། (སྤྱི་ལོ1963ལོར) ལོ་ཧྲིལ་པོའི་གཙོ་ཁྲིད་རླུང་ནི་ཤར་ལྷོའི་རླུང་དང་དབྱར་དུས་ལྷོ་ནུབ་རླུང་། དགུན་དུས་ནུབ་བྱང་རླུང་གཡུགས་པ་རེད།

5 མི་གྲངས་དང་མི་རིགས།
5_1 མི་གྲངས། 

སྤྱི་ལོ2010ལོའི་བར་ཏུའུ་ཅི་ཆུས་ཀྱི་མི་འབོར་ཁྲི34.1ཟིན་པའི་ནང་ཀའོ་གཡོད་གྲོང་རྡལ་གྱི་མི66205དང་། གཏེར་རིའི་ཚོང་འདུས་གྲོང་རྡལ་གྱི་མི71334ཧྲུའོ་ལི་གྲོང་རྡལ་གྱི་མི60067ཧྲི་ཐའེ་གྲོང་རྡལ་གྱི་མི38986ཏོན་ཡོན་གྲོང་རྡལ་གྱི་མི57318བཅས་ཡོད་པ་རེད། 

སྤྱི་ལོ2014ལོའི་ཟླ12པར་ཏུའུ་ཅི་ཆུས་ཀྱི་མི་འབོར་ཁྲི29.59ཟིན་ཡོད། སྤྱི་ལོ2017ལོ་བར་ཏུའུ་ཅི་ཆུས་ཀྱི་མི་འབོར་ཁྲི33.9ཡོད་པ་རེད། སྤྱི་ལོ2018ལོའི་ལོ་མཇུག་བར་ཆུས་ཡོངས་ཀྱི་ལོ་མཇུག་ཏུ་མི་འབོར་བསྡོམས་ཁྲི30.1ཡོད་པ་དེ་སྤྱི་ལོ2017ལོ་ལས1.4%མར་ཆག་ཡོད། དེའི་ནང་སྐྱེས་པའི་མི་འབོར་ཁྲི15.5དང་བུད་མེད་མི་འབོར་ཁྲི14.6ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི17.4དང་གྲོང་གསེབ་ཀྱི་མི་འབོར་ཁྲི12.6ཟིན་ཡོད། ལོ་ཧྲིལ་པོར་མི་འབོར་སྐྱེ་ཚད་སྟོང་ཆའི8.41དང་། འདས་ཚད་སྟོང་ཆའི4.56ཡིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི3.85ཡིན། 

5_2 མི་རིགས།  

སྤྱི་ལོ2017ལོའི་ཟླ་བར་ཏུའུ་ཅི་ཆུས་ཀྱི་གྲོང་མི་གཙོ་བོ་རྒྱ་རིགས་ཡིན་པ་དང་ཧུའེ་རིགས་དང་། མན་ཇུ་རིགས། ཀྲོང་རིགས། སོག་རིགས། ཏུང་རིགས། ཧྲེ་རིགས། ཏའེ་རིགས། ལི་རིགས། ཁྲའོ་ཞན་རིགས། པུའུ་དབྱི་རིགས། ཧ་ཉི་རིགས། ཐུའུ་ཅ་རིགས་བཅས་གྲངས་ཉུང་མི་རིགས12ཡོད།

6 དཔལ་འབྱོར་འཕེལ་རྒྱས། 

སྤྱི་ལོ2011ལོར་ཏུའུ་ཅི་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར45ཟིན་ནས་ལོ་རེར་ཆ་སྙོམས18.6%འཕར་བ་དང་། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར1.6ནས་སྒོར་དུང་ཕྱུར5.39བར་འཕར་ནས་ལོར་ཆ་སྙོམས28.2%འཕར་བ་དེའི་ནང་ས་གནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར0.46ནས་སྒོར་དུང་ཕྱུར1.92བར་འཕར་ཏེ། ལོ་རེར་ཆ་སྙོམས33.2%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར7.3ནས་སྒོར་དུང་ཕྱུར75བར་འཕར་ཏེ་ལོ་རེར་ཆ་སྙོམས61%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར6.5ནས་སྒོར་དུང་ཕྱུར15བར་འཕར་ནས་ལོ་རེར་ཆ་སྙོམས18.8%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར17600ཟིན་ནས་སྤྱི་ལོ2010ལོ་དང་བསྡུར་ན16%འཕར། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར7150ཟིན་པ་དེ་དུས་མཚུངས་ལས15%འཕར་ཡོད།

སྤྱི་ལོ2013ལོར་ཏུའུ་ཅི་ཆུས་ཀྱིས་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར66.8ཟིན་པ་དེ་དུས་མཚུངས་ལས15%འཕར་བ་དང་། ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར2.75ཟིན་ནས་སྤྱི་ལོ2012ལོ་ལས8%འཕར། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར122བཏང་བ་དེ་དུས་མཚུངས་ལས20%འཕར་ལ། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར9835ཟིན་པ་དེ་དུས་མཚུངས་ལས13.4%འཕར་ཡོད་པ་རེད།

སྤྱི་ལོ2018ལོར་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར118.1ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན4.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར8.0ཟིན་ནས2.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར69.7ཟིན་ནས2.0%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར40.4ཟིན་ནས7.7%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་སྤྱི་ལོ2017ལོའི7.2:61.3:31.5ནས6.8:59.0:34.2བར་ལེགས་སྒྲིག་བྱས་པ་རེད།

7 སྤྱི་ཚོགས་ལས་དོན།  
7_1 རིག་གནས།

སྤྱི་ལོ2017ལོ་བར་ཏུའུ་ཅི་ཆུས་རིག་གནས་ཁང1དང་། སྤྱི་པའི་དཔེ་མཛོད་ཁང1 རླུང་འཕྲིན་གློག་ཁང1བཅས་ཡོད་པ་རེད། སྤྱི་ལོ2016ལོར་ལྗོངས་དཔེ་མཛོད་ཁང་གིས་ལོ་ཧྲིལ་པོར་ལག་ཁྱེར1368གཉེར་བ་དང་ལོ་ཧྲིལ་པོར་ཀློག་པ་པོ་མི་ཐེངས110005ལ་སྣེ་ལེན་ཞུས་པ་དང་། ཀློག་པ་པོས་དཔེ་དེབ་ཐེངས123400གཡར་བ་རེད། ཞིང་པའི་དཔེ་དེབ་ཁང་གིས་དཔེ་དེབ9000ལྷག་ཙམ་གསར་བརྗེས་བྱས་པ་དང་གཟའ་འཁོར་རེར་སྒོ་ཕྱེ་བའི་དུས་ཚོད་ཉིན5ལས་མི་ཉུང་བ་ཡོད། “ཟློས་གར་གྲོང་ཚོར་ཁྱབ་གདལ་གཏོང་བའི”འཁྲབ་སྟོན་ཐེངས་36བྱས་པ་དང་གློག་བརྙན385བསྟན་པ་རེད། རྒྱལ་ཡོངས་ཀྱི་རིག་གནས་ཁང་ཐེངས་བཞི་པའི་ཚོད་སྐོར་གཏན་འཁེལ་གྱི་ལས་དོན་ཁྲོད་རང་ལྗོངས་ཀྱི་རིག་གནས་ཁང་དེ་རྒྱལ་ཁབ“རྒྱལ་ཁབ་རིག་གནས་ཁང་གི་རིམ་པ་གཉིས་པའི་ཁང”དུ་རིམ་པ་གཏན་འཁེལ་བྱས་པ་རེད།

7_2 སློབ་གསོ།

སྤྱི་ལོ2018ལོའི་ལོ་མཇུག་བར་ཆུས་ཡོངས་སུ་རིགས་ཁག་གི་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ2དང་། སློབ་མ138སློབ་གྲྭར་ཡོད་པའི་སློབ་མ475སློབ་ཐོན་སློབ་མ368བཅས་ཡོད། སློབ་འབྲིང་དཀྱུས་མ22ཡོད་པའི་ནང་མཐོ་རིམ་སློབ་འབྲིང3དང་ལོ་ཧྲིལ་པོར་སློབ་མ1077དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་3292དང་སློབ་ཐོན་སློབ་མ733ཡོད། དམའ་རིམ་སློབ་འབྲིང19ནས་ལོ་ཧྲིལ་པོར་སློབ་མ2271དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ6392དང་སློབ་ཐོན་སློབ་མ1895ཡོད། སློབ་ཆུང39ལ་སློབ་མ2827དང་། སློབ་གྲྭར་ཡོད་པའི་སློབ་མ16577སློབ་ཐོན་སློབ་མ2238བཅས་ཡོད། བུ་བཅོལ་ཁང32ཀྱི་སློབ་མ4185དང་། སློབ་གྲྭར་ཡོད་པའི་སློབ་མ་9083སློབ་ཐོན་སློབ་མ484848བཅས་ཡོད། སློབ་ཆུང་གི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་ཡོད།

7_3 ཚན་རིག་ལག་རྩལ།

སྤྱི་ལོ2018ལོའི་ལོ་མཇུག་བར་ཆུས་ཡོངས་སུ་མཐོ་གསར་ལག་རྩལ་ཁེ་ལས14ཡོད་པ་དང་། ལོ་ཧྲིལ་པོར་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་རྣམ་གྲངས3མང་དུ་ཕྱིན་ལ། ལག་རྩལ་གན་རྒྱའི་ཉོ་ཚོང་སྒོར་ཁྲི7106ལེགས་སྒྲུབ་བྱས། ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང34ཐོ་འགོད་བྱས་པ་དང་། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད517དང་། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་སྤྲོད་ཚད30གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཀྱི་གོ་ཆོད་ཚད150གསར་གཏོད་ཀྱི་ཁེ་བེད་བདག་ཐོབ5བཅས་ཡོད་པ་རེད། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་འཇོག་གྲངས་ཀྱིསGDPཡི་བསྡུར་ཚད་ཀྱི་བརྒྱ་ཆ1.35ཟིན་ཡོད།

7_4 སྤྱི་ཚོགས་འགན་སྲུང་། 

སྤྱི་ལོ2018ལོར་ལོ་ཧྲིལ་པོར་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས169602དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས262899ཟིན་ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོའི་འགན་བཅོལ་གྲོན་འཇལ་མི་སྣ་32098དང་། ཐོབ་ཐང་ལེན་པའི་མི་གྲངས31693ཡོད་ཅིང་། མི་རེའི་ཆ་སྙོམས་ཀྱི་ཐོབ་ཐང་ཆུ་ཚད་སྒོར260.25ཡིན། ས་ཞིང་ཤོར་བའི་ཞིང་པའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས28489ཟིན་པ་དང་མི17416ལ་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད། རྒན་གསོའི་འགན་བཅོལ་ཐེབས་རྩ་ཞིབ་རྩིས་ལས་དོན་སྤེལ་ནས་ལས་ཐོག་མི་སྣའི་སྤྱི་ལོ2018ལོའི་དངུལ་སྤྲོད་གཞི་གྲངས་ལེགས་སྒྲིག་བྱས་པ་དེ་ལྗོངས་ཡོངས་ཀྱི་འགན་བཅོལ་ནང་ཞུགས་མཁན་ཚན་པ109དང་མི5637དང་འབྲེལ་བ་ཡོད་པ་རེད། ཞིང་པ་ལས་མི550ལྷག་ཙམ་ལ་གླ་ཕོགས་སྒོར་ཁྲི1200ལྷག་ཙམ་མཐུན་སྦྱོར་ངང་སྤྲད་པ་རེད། 

7_5 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2013ལོ་བར་ཏུའུ་ཅི་ཆུས་སུ་སྨན་བཅོས་སྒྲིག་གཞི9ཡོད་པ་སྟེ། ཏུའུ་ཅི་ཆུས་མི་དམངས་སྨན་ཁང་དང་། ཀའོ་གཡོ་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས། ཏུའུ་ཅི་ཆུས་ཧྲུའོ་ལི་གྲོང་རྡལ་འཕྲོད་བསྟེན་ཁང་། ཧོའེ་པེ་གྲོང་ཁྱེར་ཧྲེན་ཀྲོང་སྨན་ཁང་། ཏུའུ་ཅི་ཆུས་ཧྲུའོ་ལི་གྲོང་རྡལ་ཕོ་ལི་འཕྲོད་བསྟེན་ཁང་། ཧྲི་ཐའེ་གྲོང་རྡལ་འཕྲོད་བསྟེན་ཁང་། ཧོའེ་པེ་གྲོང་ཁྱེར་ཏུའུ་ཅི་ཆུས་ཏོན་ཡོན་གྲོང་རྡལ་འཕྲོད་བསྟེན་ཁང་། ཧོའེ་པེ་གྲོང་ཁྱེར་ཏུའུ་ཅི་ཆུས་ཏོན་ཡོན་གྲོང་རྡལ་ཉིའུ་མིང་འཕྲོད་བསྟེན་ཁང་། ཏོན་ཡོན་གྲོང་རྡལ་ཏ་ཀྲོང་གྲོང་ཚོ། ཧོའེ་པེ་གྲོང་ཁྱེར་ཀྲང་ཀྲོང་སྨན་ཁང་བཅས་རེད། 

དཔྱད་གཞིའི་ཡིག་ཆ།