ཧན་ཧྲན་རྫོང་།སྔ་མའི་པར་གཞི་དེ གདོང་བསོད་ནམས  ནས 2020-03-02 17:35ལ་འགྲུབ།

ཧན་ཧྲན་རྫོང་།

ཧན་ཧྲན་རྫོང་།
ཧན་ཧྲན་རྫོང་ནི་ཨན་ཧུའེ་ཞིང་ཆེན་མ་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ས་ཁམས་གནས་ཡུལ་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་བྱང་ངོགས་སུ་ཆགས་ཤིང་། ཨན་ཧུའེ་དབུས་རྒྱུད་དང་དབུས་རྒྱུད་ཀྱི་ཤར་རྒྱུད་དང་ཁྲའོ་ཧུའུ་མཚོ་འགྲམ་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1047ཡོད། སྤྱི་ལོ2018ལོ་བར་ཧན་ཧྲན་རྫོང་ཁོངས་གཏོགས་སུ་གྲོང་རྡལ8དང་གླིང་ཁུལ3ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི39.5ཡོད་པ་དེས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར173.58ཟིན་པའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར20.32དང་ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར84.65ཟིན་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར68.60ཟིན་པ་དང་། ཐོན་ལས་གསུམ་པའི་བསྡུར་ཚད11.7:48.8:39.5བར་ལེགས་སྒྲིག་བྱས་པ། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམསGDPསྒོར44286(ལོ་རེའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ཨ་སྒོར6666ལ་ཕབ་རྩིས་བརྒྱབ)ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
含山县
ཕྱི་ཡིག་གི་མིང་།
Hanshan County
གཞི་ཁྱོན།
སྟོང་སྨི་གྲུ་བཞི་མ1047
མི་གྲངས།
ཁྲི39.5(སྤྱི་ལོ2018ལོའི་རྒྱུན་སྡོད་མི་གྲངས)
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཨན་ཧུའེ་ཞིང་ཆེན་མ་ཨན་ཧྲན་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ8དང་གླིང་ཁུལ3
སྲིད་གཞུང་སྡོད་གནས།
ཧའོ་ཧྥིན་གྲོང་རྡལ།
མཛེས་ལྗོངས་གྲགས་ཅན།
ཅན་ཧྲན་ཧྭ་དབྱང་བྲག་ཕུག་མཛེས་ལྗོངས་ཁུལ། ཐའེ་ཧུའུ་རི་བོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ཡུན་ཀུའུ་གྲོང་རྡལ། ལིང་ཅ་ཐན་གནའ་ཤུལ་བཅས།
མེ་འཁོར་འབབ་ཚུགས།
ཧྲོའུ་རྫོང་འབབ་ཚུགས།
སྲིད་འཛིན་ཁུལ་གྱི་ཚབ་ཨང་།
340522
ས་ཁོངས་ཁ་པར་ཨང་རྟགས།
0555
རླངས་འཁོར་ཚབ་ཨང་།
ཝནEདང་ཝནQ (皖E、皖Q)
སྦྲག་སྲིད་ཨང་རྟགས།
238100
1 ​ངོ་སྤྲོད་མདོར་བསྡུས། 

ཧན་ཧྲན་རྫོང་ནི་ཨན་ཧུའེ་ཞིང་ཆེན་མ་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ས་ཁམས་གནས་ཡུལ་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་བྱང་ངོགས་སུ་ཆགས་ཤིང་། ཨན་ཧུའེ་དབུས་རྒྱུད་དང་དབུས་རྒྱུད་ཀྱི་ཤར་རྒྱུད་དང་ཁྲའོ་ཧུའུ་མཚོ་འགྲམ་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1047ཡོད།

སྤྱི་ལོ2018ལོ་བར་ཧན་ཧྲན་རྫོང་ཁོངས་གཏོགས་སུ་གྲོང་རྡལ8དང་གླིང་ཁུལ3ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི39.5ཡོད་པ་དེས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར173.58ཟིན་པའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར20.32དང་ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར84.65ཟིན་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར68.60ཟིན་པ་དང་། ཐོན་ལས་གསུམ་པའི་བསྡུར་ཚད11.7:48.8:39.5བར་ལེགས་སྒྲིག་བྱས་པ། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམསGDPསྒོར44286(ལོ་རེའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ཨ་སྒོར6666ལ་ཕབ་རྩིས་བརྒྱབ)ཟིན་ཡོད། 

2 ལོ་རྒྱུས་འཕེལ་རིམ།

ཆིན་རྒྱལ་རབས་ཀྱི་དུས་སུ་རི་བོ་དེ་ལི་དབྱང་རྫོང་གིས་ཁུལ་དུ་གཏོགས། 

ཅིན་ནུབ་མའི་དུས་སྐབས་སུ། ལི་དབྱང་ནི་ཐོག་མར་དབྱང་ཀྲོའུ་ཧོའེ་ནན་ཅུན་གྱི་ཁོངས་སུ་གཏོགས་པ་དང་། ཡུང་ཞིན་ཁྲི་ལོ་དང་པོ(304ལོ)གསར་དུ་བཙུགས་པའི་ལི་དབྱང་ཅུན་ཡིན།

སུའེ་ཁའེ་ཧོང་ཁྲི་ལོ་བཅུ་གསུམ་པར(སྤྱི་ལོ593ལོར)ལི་དབྱང་རྫོང་ཁོངས་སུ་གཏོགས་པ་དང་། ཏ་ཡེ་ཁྲི་ལོ་གསུམ་པར(607ལོ)ལི་དབྱང་རྫོང་ནི་ལི་དབྱང་ཅུན་ལ་གཏོགས། 

སུང་རྒྱལ་རབས་གཉིས་ཀྱི་དུས་སུ། ཧན་ཧྲན་ནི་ཧོའེ་ནན་ནུབ་ལམ་དང་ཁུལ་གྱི་འགོག་སྲུང་ཧྲིར་གཏོགས། 

མིང་རྒྱལ་རབས་ཀྱི་ཧུང་ཝུའུ་ཁྲི་ལོ་བདུན་པར(སྤྱི་ལོ1374ལོ་ར)ནན་ཅིན་གྱི་ཧྥེང་དབྱང་ཧྥུ་ཡི་ཁོངས་སུ་གཏོགས་པ་དང་། ཧུང་ཝུའུ་ཁྲི་ལོ་བཅུ་གསུམ་ལ་ཧན་ཧྲན་རྫོང་དུ་བསྐྱར་དུ་བཞག་ཅིང་། ཅིན་ཧྲི་ཀྲི་ལི་དང་ཁུལ་དུ་གཏོགས། 

སྤྱི་ལོ1645ལོར་ཧན་ཧྲན་ནི་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཙུའོ་པུའུ་སྲིད་དཔོན་སི་ཀྲི་ལི་དང་ཁུལ་དུ་གཏོགས། 

སྤྱི་ལོ1949ལོའི་ཟླ1པོའི་ཚེས21ཉིན་གྲོང་ཁྱེར་བཅིངས་འགྲོལ་བྱས་པ་དང་། རི་བོ་ཅང་ཧོའེ་བཅིངས་འགྲོལ་ས་ཁུལ་གྱི་ས་ཁུལ་ལྔ་བའི་ཁོངས་སུ་གཏོགས།

སྤྱི་ལོ1958ལོའི་ཟླ12པའི་ཚེས15ཉིན་ཧྲན་རྫོང་དང་ཧོ་རྫོང་ཟླ་སྒྲིལ་བཏང་ནས་ཧོ་རྫོང་ནི་མཱ་ཨན་ཧྲན་གྲོང་ཁྱེར་ཡིན་པ་དང་སྤྱི་ལོ2011ལོའི་ཟླ8པར་དེ་སྔའི་ས་གནས་རིམ་པའི་ཁྲའོ་ཧུའུ་གྲོང་ཁྱེར་གྱི་ས་ཁོངས་ལེགས་སྒྲིག་བྱས་ནས་ཧྲན་རྫོང་དེ་མ་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་དབྱེ་ཡོད།

3 སྲིད་འཛིན་ཁུལ་དབྱེ། 

སྤྱི་ལོ1983ལོའི་ཟླ4པར། ཞང་དང་གྲོང་རྡལ་གྱི་སྲིད་དབང་སླར་གསོ་བྱས་ཏེ། མི་དམངས་ཀུང་ཧྲེ་དེ་ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དུ་བསྒྱུར། རྫོང་དེ་ཡོངས་ལ་ཆུས5དང་། ཡུལ་ཚོ(གྲོང་རྡལ)22ཡུན་ཧྥེང་། ཧོན་ཧྥེང་བཅས་ཐད་གཏོགས་གྲོང་རྡལ་གཉིས་བཙུགས་ཡོད།

སྤྱི་ལོ1985ལོར་ཧོང་ཏུན་དང་ཧའེ་ཁོའུ་ཞང་གཉིས་ཡུན་ཀྲོའུ་གྲོང་རྡལ་གྱི་མངའ་འོག་ཏུ་བཅུག

སྤྱི་ལོ1988ལོར་ཧོན་ཧྥུང་གྲོང་རྡལ་དུ་ཡུལ་ཚོ་རིམ་པའི་དོ་དམ་ཨུ་ལྷན3བཙུགས་པ་སྟེ། གྲོང་འདབས་དང་། ཕན་ཀུའེ་དང་ཀུའུ་ལོའུ་དོ་དམ་ཨུ་ལྷན་བཅས་རེད། ལོ་དེར་རྫོང་ཡོངས་ཀྱི་ཁོངས་གཏོགས་ཁུལ་5དང་ཐད་གཏོགས་གྲོང་རྡལ3ཡུལ་ཚོ(གྲོང་རྡལ)21གྲོང་མིའི་སྤྱི་ཁུལ16སྲིད་འཛིན་གྲོང་ཚོ221གྲོང་མིའི་ཚོགས་ཆུང2749བཅས་ཡོད་པ་རེད།

སྤྱི་ལོ2018ལོའི་བར་ཧན་ཧྲན་རྫོང་ཁོངས་གཏོགས་ཀྱི་གྲོང་རྡལ8ཡོད་པ་དང་གཞན་ཡང་གླིང་ཁུལ3བཙུགས་ཡོད། ཧྲན་ཧྲན་རྫོང་མི་དམངས་སྲིད་གཞུང་གི་མཐའ་འཁོར་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད། 

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཧན་ཧྲན་རྫོང་ནི་འབྲི་ཆུའི་སྨད་རྒྱུད་ཀྱི་བྱང་ངོགས་སུ་གནས་པ་དང་། ཤར་ངོས་མ་ཨན་ཧྲན་གྲོང་ཁྱེར་དང་རྫོང་དང་ས་མཚམས་འབྲེལ་ཡོད། ནུབ་ངོས་ཁྲའོ་ཧུའུ་གྲོང་ཁྱེར་དང་ལྷོ་ངོས་ཝུའུ་ཧུའུ་གྲོང་ཁྱེར་ཝུའུ་ཝེ་རྫོང་གི་ཡུས་ཤིས་གཙང་པོ་དང་འབྲེལ་ཡོད། བྱང་ངོས་ཀྲོའུ་གྲོང་ཁྱེར་ཆོན་པན་རྫོང་དང་འབྲེལ་ཡོད། ཤར་གྱི་གཞུང་ཐིག117°53′—118°13′དང་། བྱང་གི་འཕྲེད་ཐིག31°24′—3l°53′བར་དུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1032.8ཡོད། ཤར་ཕྱོགས་ནས་ནན་ཅིན་གྲོང་ཁྱེར(ཕུའུ་ཁོའུ་ཆུས)བར་སྟོང་སྨི70ཙམ་ཡོད་པ་དང་། ནུབ་ཏུ་ཨན་ཧུའེ་ཞིང་ཆེན་གྱི་ལྟེ་གནས་ཧོ་ཧྥེ་གྲོང་ཁྱེར(ཧྥེ་ཏུང་རྫོང)བར་སྟོང་སྨི80ཙམ་ཡོད།

4_2 ནམ་ཟླའི་ཁྱད་ཆོས།

ཧན་ཧྲན་རྫོང་ནི་བྱང་དབུས་ཀྱི་འཕྲེད་ཐིག་དམའ་བའི་ས་ཁུལ་དུ་གནས་པ་དང་། བྱང་གི་ཚ་ཁུལ་ཕལ་བའི་དྲོད་གྲང་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། དུས་ཚིགས་ཀྱི་ཁྱད་ཆོས་ནི་དུས་རླུང་མངོན་གསལ་ཡིན་ལ་དུས་བཞི་གསལ་པོ་ཡོད་པ་དང་། དགུན་དུས་གྲང་ངར་ཆེ་ཞིང་དབྱར་དུས་ཚ་བ་ཆེ་བ། དཔྱིད་དུས་དྲོ་འཇམ་ལྡན་ཞིང་སྟོན་དུས་བསིལ་རླུང་ལྡང་བ། ཆར་ཆུ་འབབ་ཚད་རན་པོ་ཡོད་མོད། འོན་ཀྱང་དབྱར་ཁའི་དུས་ཡུན་རིང་ཞིང་དགུན་ཁའི་དུས་ཡུན་ཐུང་བགོ་བཤའ་དོ་སྙོམས་མེད་པ་དང་། ཉི་འོད་ཕོག་པ་མང་བ་སོགས་ཀྱི་གནམ་གཤིས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། 

5 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧན་ཧྲན་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི39.5ཟིན་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན་མི་ཁྲི0.3གྱིས་འཕར་ཡོད་ཅིང་། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཐེམ་ཐོའི་མི་འབོར445548ཟིན་པ་དེ་སྤྱི་ལོ2017ལོའི་ལོ་མཇུག་དང་བསྡུར་ན་མི1132གྱིས་ཇེ་ཉུང་དུ་ཕྱིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོའི་མི་འབོར་ཁྲི14.6637དང་། གྲོང་གསེབ་ཀྱི་ཐེམ་ཐོའི་མི་འབོར་ཁྲི29.8911ལོ་མཇུག་ཏུ་ཁྱིམ་ཐོའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད32.9%ཟིན་པ་དེ་སྤྱི་ལོ2017ལོའི་ལོ་མཇུག་དང་བསྡུར་ན་བརྒྱ་ཆའི2ཀྱིས་ཇེ་མཐོ་རུ་ཕྱིན་ཡོད་པ་རེད།

6 དཔལ་འབྱོར།

སྤྱི་ལོ2018ལོར་ཧན་ཧྲན་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར173.58ཟིན་པ་དེ་ལོ་གོང་མ་ལས8.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར20.32ཟིན་ནས3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར84.65ཟིན་ནས9.6%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་68.60ཟིན་ནས7.6%འཕར་ཡོད། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམསGDPསྒོར44286(ལོ་རེའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ཨ་སྒོར6666ལ་ཕབ་རྩིས་བརྒྱབ་པ)ཟིན་པ་དེ་ལོ་གོང་མ་ལས་སྒོར4240འཕར་བ་དང་། མི་རེའི་ཆ་སྙོམསGDPཞིང་ཆེན་ཡོངས་ཀྱི་རྫོང61གི་ཨང16པར་སླེབས་ཡོད། སྤྱི་ཡོངས་དཔལ་འབྱོར་ཁྲོད་ཀྱི་ཐོན་ལས་གསུམ་གྱི་བསྡུར་ཚད་དེ11:7:48.8:39.5བར་ལེགས་སྒྲིག་བྱས་པ་དང་ཐོན་ལས་གསུམ་པསGDPཡི་བསྡུར་གྲངས་བཟུང་ཚད་སྤྱི་ལོ2017ལོ་དང་བསྡུར་ན་བརྒྱ་ཆའི་གྲངས3.5མཐོ་རུ་ཕྱིན་ཡོད། ཟད་གྲོན་ཆེ་བའི་ལས་རིགས་ཆེན་པོ་དྲུག་གི་འཕར་ཐང་དུས་མཚུངས་ལས2.5%འཕར་བ་དེ་རྫོང་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་བཟོ་ལས་འཕར་ཐང་འཕར་ཚད་ལས་བརྒྱ་ཆའི་གྲངས7.7གྱིས་དམའ་ཞིང་། གཏེར་འདོན་ལས་རིགས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས15.5%ཆག་པ་དང་ཨར་འདམ་འཛུགས་སྐྲུན་རྒྱུ་ཆའི་ལས་རིགས་ཀྱི་རིན་ཐང་འཕར་མ2.5%ལས་འཕར་མེད་པ་དེ་རྫོང་ཡོངས་ཀྱི་གཞི་ཁྱོན་བཟོ་ལས་ཀྱི་རིན་ཐང་འཕར་མ་འཕར་ཚད་ལས་བརྒྱ་ཆའི་གྲངས7.7གིས་དམའ་བ་ཡོད། དམག་གསར་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་དུས་མཚུངས་ལས22%འཕར་བ་དེ་རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་འཕར་ཚད་ལས་བརྒྱ་ཆའི9ཙམ་གྱིས་མཐོ་བ་ཡོད་པ་དེ་གྲོང་ཁྱེར་ཡོངས་ལས་བརྒྱ་ཆའི2.8ཀྱིས་མཐོ། དམག་གསར་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད24.9%བཟུང་བ་དེ་དུས་མཚུངས་ལས་བརྒྱ་ཆའི2མཐོ་རུ་ཕྱིན་པ་དེ་གྲོང་ཁྱེར་དེ་ཡོངས་ལས་བརྒྱ་ཆའི་གྲངས0.9ཡིས་མཐོ་བ་རེད།

7 སྤྱི་ཚོགས་ལས་དོན།
7_1 ཚན་རིག་ལག་རྩལ།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲན་རྫོང་དུ་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ6367ཡོད་པའི་ནང་ཞིང་ནགས་འབྲོག་ཉ་བཅས་ཀྱི་ལག་རྩལ་མི་སྣ93དང་། ཚན་ཞིབ་ལག་རྩལ་མི་སྣ152 སློབ་གསོ་མི་སྣ3447 སྨན་བཅོས་འཕྲོད་བསྟེན་མི་སྣ2003 རིག་གནས་ལུས་རྩལ་རོལ་རྩེད་མི་སྣ87རིགས་གཞན585བཅས་ཡོད་པ་རེད། ཁྱོན་ཐོ་འགོད་ཞིབ་འཇུག་གསར་སྤེལ་སྒྲིག་གཞི6དང་། གྲོང་ཁྱེར་རིམ་པ་ཡན་གྱི་ཞིབ་འཇུག་གསར་སྤེལ་ལས་སྟེགས16གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས61བཅས་ཡོད་པ་རེད། ལོ་ཧྲིལ་པོར་ཚན་རྩལ་གྱི“གྱད་མི་ཆུང་ཆུང”གི་ཁེ་ལས7སྐྱེད་སྲིང་བྱས་ཤིང་རྫོང་ཡོངས་སུ་ཁྱོན24ཡོད། རྫོང་ཡོངས་སུ་མཐོ་གསར་ལག་རྩལ་ཁེ་ལས27ཡོད། ལོ་ཧྲིལ་པོར་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་འཕར་ཐང་དུས་མཚུངས་ལས62.5%འཕར་བ་དང་། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལསRYDཡི་འགྲོ་གྲོན་སྒོར་དུང་ཕྱུར་3.18བཏང་བ་དེ་ལོ་གོང་མ་ལས42.6%འཕར་བ་བཅས་རེད།

7_2 སློབ་གསོ།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲན་རྫོང་དུ་ཁྱོན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ144ཡོད་པ་རེད། རྫོང་དེ་ཡོངས་ཀྱི་སློབ་འབྲིང་དཀྱུས་མ23དང་སློབ་གྲྭར་ཡོད་པའི་སློབ་མ17223ཡོད། དེའི་ནང་དམའ་རིམ་སློབ་འབྲིང་དཀྱུས་མ19དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ11380ཡོད་པ་དང་། དམའ་རིམ་སློབ་འབྲིང་གི་ལོ་གསུམ་ནང་སྲ་བརྟན་བྱུང་ཚད94.04%ཟིན། དམའ་རིམ་སློབ་འབྲིང་གི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད112.59%ཟིན་ཡོད་པ་རེད། རྫོང་ཡོངས་སུ་ཁྱོན་སློབ་ཆུང66ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ22759ཡོད། སློབ་ཆུང་དུ་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད་93.25%ཟིན། སློབ་ཆུང་དུ་ལོ་དྲུག་རིང་སྲ་བརྟན་གཏོང་ཚད92.27%ཟིན་པ་བཅས་རེད། རྫོང་ཡོངས་སུ་བུ་བཅོལ་ཁང54ཡོད་པ་དང་བུ་བཅོལ་ཁང་དུ་ཕྲུ་གུ་9606ཡོད་པ་དང་། བྱིས་པ་སློབ་ཞུགས་གོང་གི་ལོ་གསུམ་གྱི་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་90.03%ཟིན། སློབ་ཞུགས་གོང་གི་ལོ་གཅིག་གི་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད105.13%ཟིན་ཡོད་པ་རེད། སློབ་མའི་གཟུགས་གཞི་བདེ་ཐང་གི་ཚད་ལེན་ཚོད་ལྟ་གོང་ཞུ་བྱེད་ཚད100%ཟིན་ཡོད། གྲོང་རྡལ་རེར་ལྟེ་བའི་བུ་བཅོལ་ཁང་རེ་ཡོད་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ནས་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་གཏན་འཁེལ་གྱི་ཚད་གཞི་བཟོས་ཡོད། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་བསྡུ་བའི་སྲིད་ཇུས་ལག་བསྟར་དང་། རྒྱུགས་སྤྲོད་མི་དགོས་པར་ཐག་ཉེ་སར་སློབ་གྲྭར་ཞུགས་པ་ལག་བསྟར་བྱ་དགོས།

7_3 འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲན་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི159ཡོད་པའི་ནང་སྨན་ཁང(དམངས་གཉེར་སྨན་ཁང་ཚུད)9དང་། ཡུལ་ཚོ་གྲོང་འཕྲོད་བསྟེན་ཁང8ཡན་ལག་སྨན་ཁང2སྤྱི་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས1བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ཁང1ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས1 ཁྲག་འགོག་ས་ཚིགས1 སྒོ་བསྟེན་སྨན་བཅོས་པུའུ3 བཟོ་གྲྭ(ར་བ)གཏེར་ཁང1 ཁེར་རྐྱང་སྨན་བཅོས་ཁང34བཅས་ཡོད་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ1362ཡོད་པའི་ནང་ལས་གཉེར(ལས་རོགས)སྨན་པ621དང་སྨན་གཡོག663ཐོ་འགོད་བྱས་ཡོད། སྨན་ཁང་དང་འཕྲོད་བསྟེན་ཁང་ལ་ཉལ་ཁྲི1480ཡོད་ལ། གྲོང་ཚོའི་འཕྲོད་བསྟེན་ཁང96དང་། གྲོང་གསེབ་ཀྱི་སྨན་པ་དང་འཕྲོད་བསྟེན་པ226ཡོད་ཅིང་། གྲོང་གསེབ་ཏུ་སྨན་བཅོས་ས་ཚིགས་ཡོད་པའི་གྲོང་ཚོས་གྲོང་ཚོ་བསྡོམས་འབོར་གྱི100%བཟུང་ཡོད། 

དཔྱད་གཞིའི་ཡིག་ཆ།