ཡུས་ཧྲན་ཆུས།སྔ་མའི་པར་གཞི་དེ གདོང་བསོད་ནམས  ནས 2020-03-02 17:30ལ་འགྲུབ།

ཡུས་ཧྲན་ཆུས།

ཡུས་ཧྲན་ཆུས།
ཡུས་ཧྲན་ཆུས་ནི་ཨན་ཧུའེ་ཞིང་ཆེན་མ་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཡུས་ཧྲན་ཆུས་ཀྱི་ནུབ་ངོས་འབྲི་ཆུ་དང་འབྲེལ་ཞིང་། ཧོ་རྫོང་དང་ཧན་ཧྲན་རྫོང་གཉིས་དང་དེ་བཞིན་ཀྲེང་ཕུའུ་གྲུ་ཁའི་ཁུལ་གསར་གཙང་པོས་བཅད་དེ་ཁ་སྤྲོད་དུ་གནས་ཡོད། ཤར་ངོས་ནན་ཅིང་གྲོང་ཁྱེར་ཅང་ཉིང་ཆུས་དང་ས་མཚམས་འབྲེལ་ཞིང་། ལྷོ་ཕྱོགས་ཏང་ཐུའུ་རྫོང་དང་པའོ་ཝང་ཆུས་དང་ཉེ་བར་བཅར་ཏེ། བྱང་ངོས་ཧྭ་ཧྲན་ཆུས་དང་འབྲེལ་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ173ཡོད་པ་རེད། ཡུས་ཧྲན་ཆུས་ནི་སྤྱི་ལོ1976ལོར་བཙུགས་པ་དང་། མངའ་ཁོངས་ནང་གི་ཡུས་ཧྲན་རི་བོའི་རྐྱེན་གྱིས་མིང་དེ་ལྟར་ཐོགས་པ་རེད། “འབྲི་ཆུའི་སན་ཅི”ཡི་ཐོག་མའི་ཚའེ་ཧྲི་ཅི་དང“འབྲི་ཆུའི་ཐོག་ཁང་གསུམ་དང་ཁང་ཆེན་གཅིག་”ཅེས་པའི་ཐའེ་པའེ་ཐོག་ཁང་དང་། དུས་རབས20པའི་ལོ་རབས80པར་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི་ཡ་གྱལ་ཀྲུའུ་རན་བང་སོ། “དེང་རབས་ཀྱི་ཚའོ་ཧྲིན”ནགས་ཚལ་ཐར་ཐོར་གྱི་སྒྱུ་རྩལ་ཁང་དང་ཀོང་ཅི་དགོན། སྤོས་མེ་རབ་ཏུ་འབར་བའི་ཞའོ་ཅིའུ་ཧྭ། གནའ་བོའི་མིའི་རིགས་ཀྱི་རྗེས་ཤུལ་ཡན་ཏུན་རི་བོ་སོགས་རིག་གནས་ཡུལ་སྐོར་ཐོན་ཁུངས་གལ་ཆེན་དག་ཡུས་ཧྲན་ཆུས་སུ་འདུས་ཡོད། གྲོང་ཁྱེར་གྱི་ཟློས་གར་ཁང་ཆེན་མོ་དང་དཔེ་མཛོད་ཁང་། དངོས་མང་བཤམས་སྟོན་ཁང་། ཚན་རྩལ་ཁང་། འཆར་འགོད་ཁང་སོགས་རིག་གནས་སྒྲིག་བཀོད་མང་པོ་དང་ཨན་ཧུའེ་བཟོ་ལས་སློབ་ཆེན། ཧོ་ཧའེ་སློབ་ཆེན་ཝུན་ཐེན་སློབ་གླིང་། མ་ཨན་ཧྲན་ལས་རིགས་ལག་རྩལ་སློབ་གླིང་། མ་ཨན་ཧྲན་དགེ་འོས་ཆེད་ལས་སོགས་མཐོ་སློབ་དྲུག་ཚང་མ་ཡུས་ཧྲན་དུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
雨山区
གཞི་ཁྱོན།
སྟོང་སྨི་གྲུ་བཞི་མ173
མི་གྲངས།
ཁྲི26(སྤྱི་ལོ2018ལོའི་ཁྱིམ་ཐོའི་མི་གྲངས)
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཨན་ཧུའེ་ཞིང་ཆེན་པེང་པུའུ་གྲོང་ཁྱེར།
མངའ་ཁོངས།
ཡུལ་ཚོ1དང་གྲོང་རྡལ2 སྲང་ལམ4 གསར་སྤེལ་ཁུལ2
སྲིད་གཞུང་སྡོད་གནས།
ཡུས་ཧྲན་སྲང་ལམ།
མཛེས་ལྗོངས་གྲགས་ཅན།
ཚའེ་ཧྲི་ཅི། ཐའེ་པའེ་ཐོག་ཁང་། ཀྲུའུ་རེན་བང་སོ། ལིན་སན་ཀྲི་སྒྱུ་རྩལ་ཁང་། ཀོང་ཅི་དགོན། ཞའོ་ཅིའུ་ཧྭ། ཡན་ཏུན་ཧྲན།
སྲིད་འཛིན་ཁུལ་གྱི་ཚབ་ཨང་།
340504
ས་ཁོངས་ཁ་པར་ཨང་རྟགས།
0555
རླངས་འཁོར་ཚབ་ཨང་།
ཝནE (皖E)
1 ​ངོ་སྤྲོད་མདོར་བསྡུས།

ཡུས་ཧྲན་ཆུས་ནི་ཨན་ཧུའེ་ཞིང་ཆེན་མ་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཡུས་ཧྲན་ཆུས་ཀྱི་ནུབ་ངོས་འབྲི་ཆུ་དང་འབྲེལ་ཞིང་། ཧོ་རྫོང་དང་ཧན་ཧྲན་རྫོང་གཉིས་དང་དེ་བཞིན་ཀྲེང་ཕུའུ་གྲུ་ཁའི་ཁུལ་གསར་གཙང་པོས་བཅད་དེ་ཁ་སྤྲོད་དུ་གནས་ཡོད། ཤར་ངོས་ནན་ཅིང་གྲོང་ཁྱེར་ཅང་ཉིང་ཆུས་དང་ས་མཚམས་འབྲེལ་ཞིང་། ལྷོ་ཕྱོགས་ཏང་ཐུའུ་རྫོང་དང་པའོ་ཝང་ཆུས་དང་ཉེ་བར་བཅར་ཏེ། བྱང་ངོས་ཧྭ་ཧྲན་ཆུས་དང་འབྲེལ་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ173ཡོད་པ་རེད།

ཡུས་ཧྲན་ཆུས་ནི་སྤྱི་ལོ1976ལོར་བཙུགས་པ་དང་། མངའ་ཁོངས་ནང་གི་ཡུས་ཧྲན་རི་བོའི་རྐྱེན་གྱིས་མིང་དེ་ལྟར་ཐོགས་པ་རེད། “འབྲི་ཆུའི་སན་ཅི”ཡི་ཐོག་མའི་ཚའེ་ཧྲི་ཅི་དང“འབྲི་ཆུའི་ཐོག་ཁང་གསུམ་དང་ཁང་ཆེན་གཅིག་”ཅེས་པའི་ཐའེ་པའེ་ཐོག་ཁང་དང་། དུས་རབས20པའི་ལོ་རབས80པར་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི་ཡ་གྱལ་ཀྲུའུ་རན་བང་སོ། “དེང་རབས་ཀྱི་ཚའོ་ཧྲིན”ནགས་ཚལ་ཐར་ཐོར་གྱི་སྒྱུ་རྩལ་ཁང་དང་ཀོང་ཅི་དགོན། སྤོས་མེ་རབ་ཏུ་འབར་བའི་ཞའོ་ཅིའུ་ཧྭ། གནའ་བོའི་མིའི་རིགས་ཀྱི་རྗེས་ཤུལ་ཡན་ཏུན་རི་བོ་སོགས་རིག་གནས་ཡུལ་སྐོར་ཐོན་ཁུངས་གལ་ཆེན་དག་ཡུས་ཧྲན་ཆུས་སུ་འདུས་ཡོད། གྲོང་ཁྱེར་གྱི་ཟློས་གར་ཁང་ཆེན་མོ་དང་དཔེ་མཛོད་ཁང་། དངོས་མང་བཤམས་སྟོན་ཁང་། ཚན་རྩལ་ཁང་། འཆར་འགོད་ཁང་སོགས་རིག་གནས་སྒྲིག་བཀོད་མང་པོ་དང་ཨན་ཧུའེ་བཟོ་ལས་སློབ་ཆེན། ཧོ་ཧའེ་སློབ་ཆེན་ཝུན་ཐེན་སློབ་གླིང་། མ་ཨན་ཧྲན་ལས་རིགས་ལག་རྩལ་སློབ་གླིང་། མ་ཨན་ཧྲན་དགེ་འོས་ཆེད་ལས་སོགས་མཐོ་སློབ་དྲུག་ཚང་མ་ཡུས་ཧྲན་དུ་གནས་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

ལོ་ངོ2200ལྷག་གི་སྔོན་གྱི་ཆིན་རྒྱལ་རབས་ཀྱི་སྐབས་སུ། ཧའེ་ཅི་ཅུན་ཏན་དབྱང་རྫོང(དེང་གི་ཏང་ཐུའུ་རྫོང་ཏན་དབྱང་གྲོང་རྡལ)གི་ཁོངས་སུ་གཏོགས་པ་ཡིན།

སུང་རྒྱལ་རབས་བྱང་མའི་ཡོན་ཧྥེང་ཁྲི་ལོ(སྤྱི་ལོ1080ལོ)ཡིན་ཞིང་། ད་ལྟའི་ཡུས་ཧྲན་ཆུས་ཀྱི་བྲག་དམར་གྲོང་རྡལ་དང་། ཆིན་ཡུས་གྲོང་རྡལ(དེང་གི་ཅ་ཧྲན་ཡུལ་ཚོ་ཆིན་ཡུས་གྲོང་ཚོ)གྱི་ཁོངས་གཏོགས་ཏང་ཐུའུ་རྫོང་ཡིན།

དེའི་རྗེས་སུ། ས་ཁུལ་དེ་ཡོན་དང་མིང་ཆིང་རྒྱལ་རབས་དང་། ཀྲུང་ཧྭ་མིན་གོ ཐ་ན་རྒྱལ་ཡོངས་བཅིངས་འགྲོལ་བཏང་རྗེས་ཀྱི་སྤྱི་ལོ1956ལོའི་མ་ཨན་ཧྲན་གྲོང་ཁྱེར་མ་བཙུགས་གོང་བར་དུ་ཏང་ཐུའུ་རྫོང་གི་ཁོངས་སུ་གཏོགས།

སྤྱི་ལོ1956ལོའི་ཟླ11པའི་ཚེས15ཉིན། ཨན་ཧུའེ་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གིས《མ་ཨན་ཧྲན་གྲོང་ཁྱེར་འཛུགས་པའི་སྐོར་གྱི་བརྡ་ཐོ》གཞིར་བཟུང་། ཐུའུ་རྫོང་གི་མ་ཨན་ཧྲན་གཏེར་ཁུལ་ཡོངས་རྫོགས་དང་ཚའེ་ཧྲི་གྲོང་རྡལ་ཡོངས་རྫོགས། ཡུས་ཧྲན་ཡུལ་ཚོ་མང་ཆེ་བ། པའོ་ཆིན་ཡུལ་ཚོ(དེང་གི་ཅ་ཧྲན་ཡུལ་ཚོ)ཁག་གཅིག་ནི་མ་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་བགོས། ལོ་དེའི་ཟླ11པའི་ཚེས26ཉིན། གྲོང་ཨུ་ཡིས་མ་ཨན་ཧྲན་གྲོང་ཁུལ་དུ་མཱ་ཨན་ཧྲན་དང་ཞང་ཧྲན། ཧྲི་ཧྲི་བཅས་སྲང་ལམ་གསུམ་བཙུགས་པ་དང་། གྲོང་ཁྱེར་ཉེ་འཁོར་དུ་ཏང་ཨུ་བཙུགས།

སྤྱི་ལོ1976ལོའི་ཟླ6པའི་ཚེས1ཉིན། ཡུས་ཧྲན་རི་ཁུལ་དངོས་སུ་བཙུགས། དེ་ནི་མ་ཨན་ཧྲན་གྲོང་ཁྱེར་ཁོངས་གཏོགས་ཀྱི་གྲས་ཤིག་ཡིན།

3 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ1956ལོ་ནས་སྤྱི་ལོ1976ལོའི་བར་གྱི་ཉེ་བའི་ལོ20རིང་། ཡུས་ཧྲན་ཆུས་དང་མ་ཨན་ཧྲན་གྲོང་ཁྱེར་དུ་སྲིད་འཛིན་ས་ཁོངས་ཀྱི་འགྱུར་ལྡོག་དང་བསྟུན་ནས་འགྱུར་ལྡོག་བྱུང་བ་དང་། ཁྲོམ་གཞུང་དོན་གཅོད་ཁང་དང་མི་དམངས་ཀུང་ཧྲེ་དང་གྲོང་རྡལ་མི་དམངས་སྲིད་གཞུང་བཅས་འདུས།

སྤྱི་ལོ1976ལོའི་ཟླ6པའི་ཚེས1ཉིན་བར་ཡུས་ཧྲན་ཆུས་དངོས་སུ་བཙུགས་པ་དང་། དེའི་མངའ་འོག་ཏུ་ཡུས་ཧྲན་དང་ཕིང་ཧུའུ། རྡོ་འདོན་བཅས་ཁྲོམ་གཞུང་གསུམ་ཡོད། དེ་རྗེས་ས་ཁོངས་དབྱེ་ནས་ལེགས་སྒྲིག་ཆེན་པོ་ཐེངས4བྱས་པ་རེད། 

སྤྱི་ལོ2001ལོའི་ཟླ7པའི་ཚེས13ཉིན། མ་ཨན་ཧྲན་གྲོང་ཁྱེར་གྱི་སྲིད་འཛིན་ཁུལ་དབྱེ་བ་ལེགས་སྒྲིག་བྱས་ཏེ། ཞང་ཧྲན་ཆུས་ཕྱིར་འཐེན་བྱས་ཏེ། སྔོན་ཆད་ཀྱི་ཞང་ཧྲན་ཆུས་ཀྱི་ཞང་ཧྲན་གྲོང་རྡལ་དང་ཡུས་ཧྲན་ཡུལ་ཚོ། ཅ་ཧྲན་ཡུལ་བཅས་ཡུས་ཧྲན་ཆུས་ཀྱི་མངའ་འོག་ཏུ་བཅུག

སྤྱི་ལོ2004ལོའི་ཟླ1པོའི་ཚེས8ཉིན། ཡུས་ཧྲན་ཆུས་དང་ཅ་ཧྲན་ཆུས་མེད་པར་བཟོས་ཤིང་། སྔོན་གྱི་ཡུལ་ཚོ་གཉིས་པ་ཅ་ཧྲན་ཡུལ་ཚོ་རུ་ཟླ་སྒྲིལ་བཏང་།      སྤྱི་ལོ2004ལོའི་ཟླ2པའི་ཚེས2ཉིན་ཏང་ཐུའུ་རྫོང་གི་དངུལ་ཐང་གྲོང་རྡལ་དེ་ཡུས་ཧྲན་ཆུས་ཀྱི་མངའ་ཁོངས་སུ་བགོས་ཡོད།

སྤྱི་ལོ2018ལོའི་ལོ་མཇུག་བར་ཡུས་ཧྲན་ཆུས་ཀྱི་ཁོངས་གཏོགས་སུ་སྲང་ལམ4དང་། གྲོང་རྡལ2 ཡུལ་ཚོ1བཅས་ཡོད་པ་དང་གསར་སྤེལ་ཁུལ་གཉིས་ལོགས་སུ་བཙུགས་ཡོད། ཆར་རི་ཁུལ་མི་དམངས་སྲིད་གཞུང་གིས་ཆར་བའི་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཡུས་ཧྲན་ཆུས་ཀྱི་ནུབ་ཕྱོགས་འབྲི་ཆུ་དང་ཧོ་རྫོང་། ཧན་ཧྲན་བཅས་གཙང་པོས་བཅད་ཅིང་། ཤར་དུ་ནན་ཅིན་གྲོང་ཁྱེར་ཅང་ཉིང་ཁུལ་དང་འབྲེལ་ཡོད། ལྷོ་རུ་ཏང་ཐུའུ་རྫོང་དང་པོ་ཝང་ཁུལ་དང་འབྲེལ་ཞིང་། བྱང་དུ་ཧྭ་ཧྲན་རི་ཁུལ་དང་འབྲེལ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ173ཡོད།

4_2 ནམ་ཟླའི་ཁྱད་ཆོས།

ཡུས་ཧྲན་ཆུས་ནི་ཚ་ཁུལ་བྱང་མའི་དུས་རླུང་གི་བར་བརྒལ་ཁུལ་ཡིན་པ་དང་། དུས་བཞི་དང་དུས་རླུང་མངོན་གསལ་ཡིན་ཞིང་། སད་རྒྱག་པའི་དུས་ཡུན་ཐུང་བ་དང་ཉི་འོད་ཕོག་ཚད་རིང་བ། ཆར་པ་འབབ་ཚད་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད15.8℃ཡིན་པ་དང་། ཆར་ཆུ་འབབ་ཚད་ཧའོ་སྨི1080ཡིན། སད་མེད་དུས་ཉིན234ཡིན་དང་ཉི་འོད་ཕོག་ཡུན་ཆུ་ཚོད2109.9ཡིན། 

4_3 རང་བྱུང་ཐོན་ཁུངས།
4_3_1 སྐྱེ་དངོས་ཐོན་ཁུངས།

ཡུས་ཧྲན་ཆུས་ཀྱི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཉ་རིགས་སྣ་ཁ70ལྷག་ཡོད། རི་སྐྱེས་ཀྱི་སྨན་སྤྱོད་རྩི་ཤིང་ལ་སྐྱུ་རུ་ར་དང་། གསེར་དངུལ་མེ་ཏོག འདྲེ་ཚེར་མ། ལུག་མིག་མེ་ཏོག དབྱར་རྩྭ་སོགས་ཡོད།

4_3_2 གཏེར་རྫས་ཐོན་ཁུངས།

ཡུས་ཧྲན་རི་ཁུལ་དུ་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ལྷག་པར་དུ་ལྕགས་ཁབ་ལེན་གཏེར་རྡོ(ལྕགས་ཁབ་ལེན་དང་ལྕགས་དམར། མེ་ལོང་། ལྕགས་གཏེར། མུ་ཟི་ལྕགས་གཏེར་བཅས)གསོག་ཚད་ཧ་ཅང་ཆེན་པོ་ཡོད་ཅིང་། གཙོ་བོ་ནན་ཧྲན་དང་ཞང་ཧྲན། མ་ཧྲན། ཧོང་མེ་ཧྲན་སོགས་སུ་འདུས་ཡོད། དེའི་ནང་ནན་ཧྲན་གཏེར་ཁུལ་གྱི་ཀོང་ཧྲན་ལྕགས་གཏེར་ནི་དུས་རབས20པའི་ལོ་རབས80པར་རྒྱལ་ཡོངས་ཀྱི་མཐོངས་ཡངས་གཏེར་ཁ་ཆེ་གྲས8ཀྱི་གྲས་ཤིག་ཡིན། གཞན་ཡང་ད་དུང་གསེར་དང་ཟངས། ལིན། དབྱང་ལྔ་མཚུར་གཉིས་རྫས་དང་། རྡོ་དྭངས་མ་སོགས་གཏེར་རྫས་ཐོན་ཁུངས་ཡོད། 

5 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཡུས་ཧྲན་ཆུས་ཀྱི་ཁྱིམ་ཐོའི་མི་འབོར་ཁྲི26.0547ཟིན་པའི་ནང་ཞིང་ལས་མི་འབོར་ཁྲི3.0256དང་ཞིང་ལས་མི་འབོར་མིན་པའི་མི་འབོར་ཁྲི23.0291ཟིན་ཡོད།

6 དཔལ་འབྱོར།

སྤྱི་ལོ2018ལོར་ཡུས་ཧྲན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར219.15ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས8.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར2.242ཟིན་པ་དེ་དུས་མཚུངས་ལས0.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར65.795ཟིན་པ་དེ་དུས་མཚུངས་ལས12.3%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར151.115ཟིན་པ་དེ་དུས་མཚུངས་ལས6.4%འཕར་ཡོད། སྤྱི་ལོ2018ལོར་ཡུས་ཧྲན་ཆུས་སུ་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར16.98བྱུང་བ་དེ་དུས་མཚུངས་ལས12.1%འཕར་བ་དང་། ལོ་ཧྲིལ་པོར་ནོར་སྲིད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར10.56ཟིན་པ་དེ་དུས་མཚུངས་ལས13.8%མར་ཆག་ཡོད། 

ཡུས་ཧྲན་ཆུས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར56968ཟིན་པ་དེ་དུས་མཚུངས་ལས8.8%འཕར་བ་དང་། ཞིང་མིའི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར29060ཟིན་པ་དེ་དུས་མཚུངས་ལས9.8%འཕར་ཡོད། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི1.38ཟིན་ནས་0.1%མར་ཆག་པ་དང་། དེའི་ནང་གྲོའི་ཐོན་ཚད་ཏུན་ཁྲི0.12ཟིན་ནས0.5%མར་ཆག་ཡོད། འབྲས་ཐོན་ཚད་ཏུན་ཁྲི1.14ཟིན་ནས0.01%མར་ཆག་ཅིང་། ཤ་རིགས་ཐོན་ཚད་ཏུན་ཁྲི0.66ཟིན་ནས1.25%འཕར་ཡོད། བྱ་སྒོང་ཐོན་ཚད་ཏུན་ཁྲི0.84ཟིན་ནས6.9%འཕར་ཡོད། ཡུས་ཧྲན་ཆུས་ཀྱི་ཆུའི་ཐོན་རྫས་ཐོན་ཚད་ཏུན་ཁྲི0.11ཟིན་ནས6.4%མར་ཆག་ཡོད།

7 འགྲིམ་འགྲུལ་སྐྱེལ་འདྲེན།

ཡུས་ཧྲན་ཆུས་ནས་ནན་ཅིན་ལུའུ་ཁོའུ་གནམ་གྲུ་ཐང་དང་ཝན་ལི་དམག་དམངས་གཉིས་སྤྱོད་གནམ་གྲུ་ཐང་བར་སྟོང་སྨི30ཡོད་པ་དང་། འབྲི་ཆུའི་འགྲམ་ཐིག་སྟོང་སྨི12དང་། རིགས་དང་པོའི་འགག་སྒོ་ཏུན་ཁྲི་རིམ་པའི་ཆུ་ཟབ་གྲུ་ཁ་ཡོད། ཉིང་མ་མྱུར་བགྲོད་གཞུང་ལམ་དང་། བྱང་རྒྱུད་གཙང་རྒྱུད་མྱུར་ལམ། ཁྲང་ཧོ་མྱུར་ལམ། རྒྱལ་ལམ205ལྕགས་ལམ། ཝན་ཀན་ལྕགས་ལམ། ཉིང་ཨན་གྲོང་ཁྱེར་བར་གྱི་ལྕགས་ལམ་དང་དེ་བཞིན་མ་ཨན་ཧྲན་འབྲི་ཆུའི་ཟམ་ཆེན་བཅས་བརྒྱུད་ཡོད།

ཉིང་ཐུང་ལྕགས་ལམ་དེ་མངའ་ཁོངས་ཡོངས་སུ་ཁྱབ་ཅིང་། པེ་ཅིང་ནས་ཧྲང་ཧའེ་དང་། ཨན་ཧུའེ། ཤོན་ཧང་སོགས་ལྕགས་ལམ་གྱི་མ་ལམ་དང་སྦྲེལ་ཡོད། པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ནན་ཅིང་བབས་ཚུགས་ནས་མ་ཨན་ཧྲན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ20ཙམ་ཡོད། ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་ཉིང་ཨན(ནན་ཅིན—ཨན་ཆིན)གྲོང་ཁྱེར་དབར་གྱི་ལྕགས་ལམ་དེ་མ་ཨན་ཧྲན་བརྒྱུད་ཡོད་པ་དང་བསྐྲུན་ཚར་ནས།མེ་འཁོར་ཤར་གཏོང་ཐུབ་རྗེས་མ་ཨན་ཧྲན་ནས་ནན་ཅིང་བར་སྐར་མ15ལས་འགོར་གྱི་མེད་པ་དང་ཧྲང་ཧའེ་བར་ཆུ་ཚོད་གཅིག་དང་ཕྱེད་ཀ་ལས་འགོར་གྱི་མེད།

འབྲི་ཆུའི་ཆུ་ལམ་ཡག་ཤོས་དང་ཝུའུ་ཧྲེན་མིས་བཟོས་གཙང་པོ་དེ་གར་འཛོམས་ཡོད། མ་ཨན་ཧྲན་གྲུ་ཁ་ནི་འབྲི་ཆུའི་གྲུ་ཁ་ཆེ་གྲས་བཅུའི་གྲས་ཤིག་དང་། རྒྱལ་ཁབ་ཀྱི་འགག་སྒོ་རིགས་དང་པོ། རྒྱལ་ཡོངས་ཀྱི་ཐའེ་ཝན་ལ་ཐད་ཀར་འཕུར་བའི་གྲུ་ཁ་ཁག་དང་པོའི་གྲས་ཤིག་བཅས་ཡིན་པ་དང་ཏུན་ཁྲི་རིམ་པའི་གྲུ་གཟིངས་ལ་བསྡད་ནས་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་གྲུ་གཟིངས་ལ་སྒོ་ཕྱེ་ཡོད།

8 སྤྱི་ཚོགས་ལས་དོན།
8_1 ཚན་རིག་ལག་རྩལ།

སྤྱི་ལོ2018ལོར་ཡུས་ཧྲན་ཆུས་སུ་མཐོ་གསར་ལག་རྩལ་ཁེ་ལས10དང་། ཞིང་ཆེན་རིམ་པའི་དམངས་གཉེར་ཚན་རྩལ་ཁེ་ལས4ཞིང་ཆེན་གྱི་མཐོ་གསར་ལག་རྩལ་ཐོན་རྫས62བཅས་གསར་དུ་གཏན་འཁེལ་བྱས་པ་དང་། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད885ཡོད་པ་དང་ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་སྤྲོད་དབང146ཡོད་པ་རེད།

8_2 སློབ་གསོ།

སྤྱི་ལོ2018ལོར་ཡུས་ཧྲན་རི་ཁུལ་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་སློབ་ཆུང་གི་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་དང་། མེ་ཏོག་ལྡུམ་ར་དང་དམའ་རིམ་སློབ་འབྲིང་གི་ལུས་རྩལ་ཁང་སོགས་སློབ་གསོའི་སྒྲིག་བཀོད་ཁག་གཅིག་གསར་སྐྲུན་བྱས་ནས་ལྷོ་ཁའི་སློབ་ཆུང་དེ་རྡོ་འདོན་སློབ་ཆུང་དང་གྲོང་ཚོ་དགུ་པའི་སློབ་ཆུང་དང་གསར་དུ་བསྐྲུན་པའི་སློབ་ཆུང་དང་སོ་སོར་མཉམ་འདྲེས་བྱས་ནས་ཚོགས་པ་ཅན་གྱི་སློབ་གཉེར་ལག་བསྟར་བྱས་པ་རེད།

8_3 འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཡུས་ཧྲན་ཁུལ་དུ་གཞུང་བཙུགས་སྨན་བཅོས་སྒྲིག་གཞི9ཡོད་པ་རེད། རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་ལ་བསྐྱར་ཞིབ་བྱས་པ་བརྒྱུད་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་གྱི་སྔོན་ཐོན་ཚན་པའི་མཚན་སྙན་ཐོབ་ཡོད། སྡེ་ཁུལ་ཉིན་མོའི་ལྟ་རྟོག་ལྟེ་གནས་དང་དེ་བཞིན་བསྒར་འཇུག་རྣམ་པའི་རྒན་གསོའི་སྒྲིག་གཞི3གསར་སྐྲུན་བྱས་པ་དང་རྒན་གསོའི་ཉལ་ཁྲི་ཁྱོན3000ལས་བརྒལ་ཡོད་པ་རེད། 

དཔྱད་གཞིའི་ཡིག་ཆ།