ཧྭ་ཧྲན་ཆུས།སྔ་མའི་པར་གཞི་དེ གདོང་བསོད་ནམས  ནས 2020-03-02 17:28ལ་འགྲུབ།

ཧྭ་ཧྲན་ཆུས།

ཧྭ་ཧྲན་ཆུས།
ཧྭ་ཧྲན་ཆུས་ནི་ཨན་ཧུའེ་ཞིང་ཆེན་མ་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་མཱ་ཨན་ཧྲན་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཤིང་། ནན་ཅིང་ཅང་ཉིང་ཆུས་དང་ས་མཚམས་འབྲེལ་ནས་ནན་ཅིང་ལུའུ་ཁོའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དང་བར་ཐག་སྤྱི་ལེ20ཡོད་པ་དང་ནན་ཅིང་གྲོང་ཁྱེར་ཚོགས་ཀྱི་ལྟེ་བར་གནས་ཡོད། ཧྭ་ཧྲན་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ179ཡོད་པ་དེའི་ཁོངས་སུ་སྲང་ལམ9དང་ཡུལ་ཚོ1ཡོད་པ་དང་མི་འབོར་ཁྲི43.7(སྤྱི་ལོ2012ལོར)ཡོད་པ་རེད། མངའ་ཁོངས་ནང་དུ་ཕུའུ་རྫིང་མཛེས་ལྗོངས་ཁུལ་སོགས་ལྗོངས་ཁུལ་གྲགས་ཅན་ཡོད་པ་དང་། སྤྱི་ལོ2014ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར268མངོན་འགྱུར་བྱུང་ཡོད། ཧྭ་ཧྲན་ཆུས་ལ“རྒྱལ་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་ལས་དོན་དཔེ་སྟོན་ཁུལ”དང“རྒྱལ་ཡོངས་ཀྱི་སྡེ་ཁུལ་སློབ་གསོའི་ཚོད་ལྟའི་ཁུལ”ཐོབ་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
花山区
གཞི་ཁྱོན།
སྤྱི་ལེ་གྲུ་བཞི་མ179
མི་གྲངས།
ཁྲི44.5(སྤྱི་ལོ2017ལོའི་རྒྱུན་སྡོད་མི་གྲངས)
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཨན་ཧུའེ་ཞིང་ཆེན་མ་ཨན་ཧྲན་གྲོང་ཁྱེར།
མངའ་ཁོངས།
ཡུལ་ཚོ1དང་སྲང་ལམ4
སྲིད་གཞུང་སྡོད་གནས།
ཧའོ་ལེ་སྲང་ལམ།
མཛེས་ལྗོངས་གྲགས་ཅན།
ཕུའུ་ཐེང་མཛེས་ལྗོངས་ཁུལ།
མེ་འཁོར་འབབ་ཚུགས།
མ་ཨན་ཧྲན་འབབ་ཚུགས།
སྲིད་འཛིན་ཁུལ་གྱི་ཚབ་ཨང་།
340503
ས་ཁོངས་ཁ་པར་ཨང་རྟགས།
0555
རླངས་འཁོར་ཚབ་ཨང་།
ཝནE (皖E)
སྦྲག་སྲིད་ཨང་རྟགས།
243000
1 ​ངོ་སྤྲོད་མདོར་བསྡུས།

ཧྭ་ཧྲན་ཆུས་ནི་ཨན་ཧུའེ་ཞིང་ཆེན་མ་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་མཱ་ཨན་ཧྲན་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཤིང་། ནན་ཅིང་ཅང་ཉིང་ཆུས་དང་ས་མཚམས་འབྲེལ་ནས་ནན་ཅིང་ལུའུ་ཁོའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དང་བར་ཐག་སྤྱི་ལེ20ཡོད་པ་དང་ནན་ཅིང་གྲོང་ཁྱེར་ཚོགས་ཀྱི་ལྟེ་བར་གནས་ཡོད།

ཧྭ་ཧྲན་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ179ཡོད་པ་དེའི་ཁོངས་སུ་སྲང་ལམ9དང་ཡུལ་ཚོ1ཡོད་པ་དང་མི་འབོར་ཁྲི43.7(སྤྱི་ལོ2012ལོར)ཡོད་པ་རེད། མངའ་ཁོངས་ནང་དུ་ཕུའུ་རྫིང་མཛེས་ལྗོངས་ཁུལ་སོགས་ལྗོངས་ཁུལ་གྲགས་ཅན་ཡོད་པ་དང་། སྤྱི་ལོ2014ལོར་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར268མངོན་འགྱུར་བྱུང་ཡོད།

ཧྭ་ཧྲན་ཆུས་ལ“རྒྱལ་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་ལས་དོན་དཔེ་སྟོན་ཁུལ”དང“རྒྱལ་ཡོངས་ཀྱི་སྡེ་ཁུལ་སློབ་གསོའི་ཚོད་ལྟའི་ཁུལ”ཐོབ་པ་རེད།

2 འཛུགས་སྐྲུན་ཀྱི་འཕེལ་རིམ། 

སྤྱི་ལོ1964ལོར་ཅིན་ཅ་ཀྲོང་སྲང་ལམ་དོན་གཅོད་ཁང་དང་ཧྭ་ཧྲན་སྲང་ལམ་དོན་གཅོད་ཁང་བཙུགས། སྤྱི་ལོ1976ལོར་སི་ཞིན་ཆུས་དང(སྤྱི་ལོ1979ལོར་ཅིན་ཅ་ཀྲོང་ཁུལ་དུ་བསྒྱུར)ཧྭ་ཧྲན་ཆུས་དུ་བསྒྱུར།

སྤྱི་ལོ2000ལོར་ཧྭ་ཧྲན་ཆུས་སུ་སྲང་ལམ4ཡོད།

སྤྱི་ལོ2001ལོའི་ཟླ7པའི་ཚེས1ཉིན། མ་ཨན་ཧྲན་གྲོང་ཁྱེར་ཆུས་ཕྱིར་འཐེན་བྱས་ཏེ། སྔོན་ཆད་ཆུས་ཀྱི་ཧོ་ལི་གྲོང་རྡལ་དང་ཕུའུ་ཐང་གྲོང་རྡལ་དེ་གྲོང་ཁྱེར་ཧྭ་ཧྲན་ཆུས་ཀྱི་མངའ་འོག་ཏུ་བཅུག་པ་དང་། སྔོན་ཆད་ཆུས་གྱི་ཚི་ཧུའུ་ཞང་དེ་ཅིན་ཅ་ཀྲོང་ཆུས་ཀྱི་མངའ་འོག་ཏུ་བཅུག

སྤྱི་ལོ2004ལོའི་ཟླ1པོའི་ཚེས8ཉིན། ཕུའུ་ཐང་གྲོང་རྡལ་མེད་པར་བཟོས་ཏེ། ཧྥུ་ཐང་གྲོང་རྡལ་གྱི་སྒྲིག་གཞི་ཧྲིལ་པོ་ཧོ་ལི་གྲོང་རྡལ་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ2012ལོའི་ཟླ9པའི་ཚེས8ཉིན《ཨན་ཧུའེ་ཞིང་ཆེན་གྱིས་མ་ཨན་ཧྲན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་བཀའ་ལན》གཞིར་བཟུང་མཱ་ཨན་ཧྲན་གྲོང་ཁྱེར་ཅིན་ཅ་ཀྲོང་ཆུས་དང་ཧྭ་ཧྲན་ཆུས་གསར་པ་མེད་པར་བཟོས་པ་རེད།

3 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2012ལོའི་ཟླ9པའི་བར་ཧྭ་ཡོན་ཆུས་གྱི་མངའ་འོག་ཏུ་ཧོ་ལི་དང་ཐའོ་ཡོན་ལམ། ཧུའུ་ཏུང་ལམ། ཧྲ་ཐང་ལམ། བཅིངས་འགྲོལ་ལམ། ཅང་ཏུང་། ཐང་ཞི། ཅིན་ཅ་ཀྲོང་བཅས་སྲང་ལམ8དང་སྤྱི་ཁུལ34 སྤྱི་ཁུལ་གྱི་གྲ་སྒྲིག་ཚོ་ཆུང5 སྤྱི་ཁུལ་གྱི་གཞིས་སྲུང་ཚོ་ཆུང1བཅས་ཡོད།

4 མི་གྲངས་དང་མི་རིགས། 

སྤྱི་ལོ2012ལོར་ཆུས་སུ་མི་འབོར་ཁྲི50ཡོད་པ་དེ་རྒྱ་རིགས་ཡིན་པ་དང་། དེའི་ནང་འཕོ་སྐྱོད་མི་གྲངས་ཁྲི10ལས་བརྒལ་ཡོད། སྤྱི་ལོ2014ལོའི་རྒྱུན་སྡོད་མི་འབོར་ཁྲི43.7ཡོད།

5 ས་ཁམས་ཁོར་ཡུག
5_1 གནས་ཡུལ།

ཧྭ་ཧྲན་ཆུས་དེ་མ་ཨན་ཧྲན་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་པ་དང་ནན་ཅིང་ཅང་ཉིང་ཆུས་དང་ས་མཚམས་འབྲེལ་ཏེ། ནན་ཅིང་ལུའུ་ཁོའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དང་བར་ཐག་སྤྱི་ལེ20ཡོད་པ་དང་ནན་ཅིང་གྲོང་ཁྱེར་ཚོགས་ཀྱི་ལྟེ་བར་གནས་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ179ཡོད།

5_2 ནམ་ཟླ

ཧྭ་ཧྲན་ཆུས་ཀྱི་གནམ་གཤིས་དྲོ་ཞིང་འཇམ་པ་དང་། ཆར་ཆུ་མང་ཞིང་ཉི་འོད་ཕོག་ཚད་ཆེ། ལོ་རེའི་ཆ་སྙོམས་དྲོད་ཚད15.8℃ཡིན་པ་དང་། 10℃ཡན་གྱི་དྲོད་ཚད་ཆ་སྙོམས5018℃ལས་ཆེ་། ལོ་རེའི་ཆ་སྙོམས་ཀྱི་སད་མེད་དུས་ཉིན234ཡིན་པ་དང་། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི1090ཡིན་ལ། གཙོ་བོ་ཟླ6པ་ནས8པའི་བར་ཡིན། དེས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི44.5%ཟིན་ཡོད། ལོ་རེའི་ཆ་སྙོམས་ཀྱི་དུས་ཚོད་ཆུ་ཚོད2028ཡིན། 

5_3 རང་བྱུང་ཐོན་ཁུངས། 
5_3_1 ཆུའི་ཐོན་ཁུངས།

སྤྱི་ལོ2015ལོར་ཧྭ་ཧྲན་ཆུས་གྱི་ཆུ་ཐོན་གསོ་སྤེལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི2.1ཟིན་པ་དང་། ཉ་སྔོ་ནག་དང་། ཉ་ལི་ཡུས། ཆུ་སྡིག་སྲིན་དང་། ཆུ་འབུ་གློ་ཉ་སོགས་ཐོན་འབབ་ཆེན་པོ་ཡོད།

5_4 ས་ཞིང་ཐོན་ཁུངས།

སྤྱི་ལོ2015ལོར་ཧྭ་ཧྲན་ཆུས་ཀྱི་ས་ཁོངས་སུ་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི4.78དང་། ཆུ་ཁོངས་རྒྱ་ཁྱོན་སྤྱི་ཆིང་ཁྲི4.71 ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི1.33 གཟར་སྒང་རྒྱ་ཁྱོན་སྤྱི་ཆིང་ཁྲི7000ལྷག་ཙམ་དང་གྲམ་ཐང་རྒྱ་ཁྱོན་སྤྱི་ཆིང9000ལྷག་ཙམ། མཚེའུ་རྒྱ་ཁྱོན་སྤྱི་ཆིང་ཁྲི1.1བཅས་ཡོད་པ་རེད།

6 འགྲིམ་འགྲུལ་སྐྱེལ་འདྲེན།

ཧྭ་ཨན་གྲོང་ཁྱེར་དབར་གྱི་མྱུར་བགྲོད་ལྕགས་ལམ་དེ་ནན་ཅིང་ལུའུ་ཁོའུ་རྒྱལ་སྤྱིའི་གནམ་ཐང་དང་དྲང་ཐིག་བར་ཐག་སྤྱི་ལེ20ལས་མེད།

7 དཔལ་འབྱོར་གནས་ཚུལ། 

སྤྱི་ལོ2012ལོར་ཧྭ་ཧྲན་ཆུས་སུ་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར35བྱུང་བ་དང་། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར240བཏང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར113.4མངོན་འགྱུར་བྱུང་ཞིང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར57མངོན་འགྱུར་བྱུང་། ནང་ཁོངས་མ་དངུལ་སྒོར་དུང་ཕྱུར220དང་ཕྱི་དངུལ་ཨ་སྒོར་དུང་ཕྱུར1.85དངོས་སུ་སྤྱད་པ། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར13560མངོན་འགྱུར་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར31618ཟིན་ཡོད།

སྤྱི་ལོ2014ལོར་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར268མངོན་འགྱུར་བྱུང་ནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར18.1ལེགས་གྲུབ་བྱུང་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར257བཏང་ནས17%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར139ཟིན་ནས13%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར35མངོན་འགྱུར་བྱུང་ནས9.5%འཕར་ཡོད། ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར2.97དངོས་སུ་སྤྱད་པ་དང་། ནང་དངུལ་སྒོར་དུང་ཕྱུར180བཏང་བས་སོ་སོར་བརྒྱ་ཆའི15དང་བརྒྱ་ཆའི9འཕར་ཡོད། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱས་གྲངས་བསྡོམས་འབོར་ཨ་སྒོར་དུང་ཕྱུར3.7ཟིན་ཡོད། གྲོང་ཁྱེར་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི3.72དང་སྒོར་ཁྲི1.78སོ་སོར་ཟིན་ནས10%དང12%སོ་སོར་འཕར་ཡོད་པ་རེད། 

8 སྤྱི་ཚོགས་ལས་དོན།
8_1 གྲོང་ཁྱེར་འཛུགས་སྐྲུན།

ཧྭ་ཧྲན་ཆུས་སུ་ཏ་ཧྭ་ཐང་ཆེན་དང་། ཅིན་དབྱིང་གནམ་ས་བཅས་ལྟེ་བར་བྱས་པའི་གྲོང་ཁྱེར་རིམ་པའི་ཚོང་ཁུལ་གཙོ་བོ་དང་། ཨོའུ་ཧྲང་ཧུང་ཤིང་མེ་ཁའེ་ལུང་ལྟེ་བར་བྱས་པའི་གྲོང་ཁྱེར་རིམ་པའི་ཚོང་ཁུལ་ཕལ་པ་བཅས་ལས་ཧུའུ་ཏུང་ལམ་གྱི་གྲངས་འཛིན་སྲང་ལམ་གཅིག་དང་། བཅིངས་འགྲོལ་ལམ་གྱི་ཁྱིམ་སྤྱོད་གློག་ཆས་ཕྱོགས་བསྡུས་ཚོང་ལས་སྲང་ལམ། ཧྭ་ཧྲན་ལམ་གྱི་རྒྱན་སྤྲས་ཨར་ལས་རྒྱུ་ཆའི་སྲང་ལམ། དབྱི་ཧྲོའུ་ལམ་གྱི་མེ་ཟས་སྲང་ལམ། ཁྲུང་དབྱང་ལམ་གྱི་བཟའ་བཏུང་སྲང་ལམ་སོགས་ཁྱད་ལྡན་ཚོང་ལས་སྲང་ལམ་ཞིག་ཆགས་ཡོད་པ་རེད། དེའི་ནང་བཅིངས་འགྲོལ་ལམ་དང་ཏ་ཧྭ་ཐང་ཆེན་གྱི“ཕྱོགས་བསྡུས་རང་བཞིན་གྱི་ཚོང་ལས་སྲང་ལམ”གཉིས་ཀྱིས་ཞིང་ཆེན་རིམ་པའི་ཁྱད་ལྡན་ཚོང་ལས་དཔེ་སྟོན་སྲང་ལམ་གཏོད་པར་ཐོག་མའི་ཞིབ་བཤེར་བྱས་པ་རེད། ཐོག་ཁང་སྤྱི་ཁྱབ་པུའི་དཔལ་འབྱོར་འགོ་ཡག་པོ་བཙུགས་པ་དང་། ཆུས་ཡོངས་སུ་ཚོང་ལས་ཐོག་ཁང་སྟར་པ39དང་སྨི་གྲུ་བཞི་མ་ཁྲི46བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། ཁེ་ལས1100ལ་བཅའ་སྡོད་བྱས་ཡོད། གསར་འཕར་ཐོག་ཁང་ཐོ་འགོད་ཁེ་ལས་ཁྲོད་ཐོ་འགོད་མ་དངུལ་སྒོར་ཁྲི500ཡན་གྱི་རྣམ་གྲངས66དང་། སྒོར་ཁྲི1000ཡན་གྱི་རྣམ་གྲངས24ལ་མ་དངུལ་སྒོར་དུང་ཕྱུར101བཏང་ཡོད་པ་རེད།

8_2 སློབ་གསོ།

སྤྱི་ལོ2013ལོའི་ཟླ4པའི་བར་མཱ་ཨན་ཧྲན་གྲོང་ཁྱེར་ཧྭ་ཧྲན་ཆུས་དུ་སློབ་གྲྭ་འབྲིང་ཆུང32ཡོད་པའི་ནང་སློབ་ཆུང24དང་། དམའ་རིམ་སློབ་འབྲིང་8བུ་བཅོལ་ཁང་སྣ་ཚོགས59(ལྟ་སྐྱོང་བྱ་ཡུལ5)ཡོད་པ་རེད། ད་ཆ་སློབ་གྲྭར་ཡོད་མུས་ཀྱི་སློབ་མ(བྱིས་པ་ཚུད་པ)41430དང་ལས་ཐོག་དགེ་རྒན2937ཡོད། ལས་ཐོག་དགེ་རྒན་ཁྲོད་དམིགས་བསལ་རིམ་པའི་དགེ་རྒན10དང་། གྲོང་ཁྱེར་གྱི་རིག་ཚན་སྣེ་ཁྲིད་པ22གྲོང་ཁྱེར་རིམ་པའི་རྐང་འཛིན་དགེ་རྒན95 རང་ཆུས་སུ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཉི་འོད་ལུས་རྩལ་སྔོན་ཐོན་ཆུས་དང་། རྒྱལ་ཡོངས་ཀྱི་ཁག་ལྔ་པའི་སྡེ་ཁུལ་སློབ་གསོ་ཚོད་ལྟ་ཆུས། ཞིང་ཆེན་སློབ་གསོ་སྟོབས་ཆེའི་ཆུས། ཞིང་ཆེན་གྱི“གཞི་རྩའི་ཆ་གཉིས”ཀྱི་ལས་ཀའི་སྔོན་ཐོན་ཚན་པ་དང་ཞིང་ཆེན་གྱིས་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་བའི་སྔོན་ཐོན་ཆུས། འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིང་ཆེན་རིམ་པའི་ཚོད་ལྟའི་ཆུས། ཞིང་ཆེན་ལོ་ཆུང་གདོང་ལེན་རུ་ཁག་གི་གཙོ་གནད་ལས་ཀའི་དཔེ་སྟོན་ཆུས། ཞིང་ཆེན་རིག་གནས་ལུས་རྩལ་བྱེད་སྒོའི་དཔེ་སྟོན་ཆུས། ཞིང་ཆེན་ཚད་ལྡན་སློབ་གསོའི་གྲོན་བསྡུའི་དཔེ་སྟོན་ཁུལ་སོགས་སུ་གཟེངས་བསྟོད་བྱས་པ་རེད།

8_3 ཚན་རིག་ལག་རྩལ། 

སྤྱི་ལོ2014ལོར་ཧྭ་ཧྲན་ཆུས་ཀྱི་ཁེ་ལས3མཐོ་གསར་ལག་རྩལ་ཁེ་ལས་ཀྱི་བསྐྱར་ཞིབ་ལེགས་གྲུབ་བྱུང་ཞིང་། ལག་རྩལ་མཐོ་གསར་གྱི་ཐོན་རྫས24གསར་དུ་འཕར་སྣོན་བྱུང་། མཐོ་གསར་ལག་རྩལ་ཐོན་ལས་རེ་ཞུ་བྱས་པར་བྱ་དགའ་ཐོབ་པའི་མ་དངུལ་སྒོར་ཁྲི231ཟིན་ཡོད་པ་རེད། ཚན་རྩལ་ལས་སྟེགས་བསྐྲུན་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མཱ་ཨན་རི་བོའི་མཉེན་ཆས་གླིང་རྒྱལ་ཁབ་རིམ་པའི་ཚན་རྩལ་སྒོང་སྙོལ་ཆས་སུ་བདེ་བླག་ངང་རིམ་སྤོར་བྱས་པ་དང་། སྒོང་སྙོལ་འཕྲུལ་ཆས་ཁོ་ནར་བྱ་དགའ་སྤྲོད་པའི་མ་དངུལ་སྒོར་ཁྲི100ཟིན་ཡོད་པ་རེད། ཤེས་བྱའི་བདག་དབང་གི་གྲངས་འབོར་བྱ་འཕུར་བ་ལྟར་མང་དུ་ཕྱིན་ནས་སྤྱི་ལོ2014ལོར་གསར་དུ་འཕར་བའི་མཉེན་ཆས་ཀྱི་རྩོམ་གྱི་བདག་དབང་ཐོ་འགོད་དང་ཁེ་བེད་བདག་ཐོབ་རེ་ཞུའི་གྲངས་འབོར272ཟིན་ཡོད།

8_4 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2011ལོར་ཧྭ་ཧྲན་ཆུས་ཀྱིས་སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་ཁྲི185བཏང་ནས་དབང་པོ་སྐྱོན་ཅན120ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པ་དང་། གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་དུད་ཚང31གི་ཉེན་ཡོད་ཁང་པ་སྒྱུར་བཀོད་བྱས་པ། སྐྱ་འགྲིབ་ཕོག་པའི་ནད་པ་དབུལ་པོ43ལ་རིན་མེད་ངང་གཤགས་བཅོས་བྱས་པ་རེད། “དུས་ཆེན་གཉིས་”ཀྱི་དྲོ་སྐྱིད་སྦྱིན་པའི་བྱེད་སྒོར་མ་དངུལ་སྒོར་ཁྲི180བཏང་བ་རེད། མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི1512སྤྲད་པ་དང་དུད་ཚང3660དང་མི6883ལ་ཕན་པ་ཐོབ་ཡོད། 

8_5 རྨང་གཞིའི་སྒྲིག་བཀོད།

སྤྱི་ལོ2011ལོར་ཧྭ་ཧྲན་ཆུས་ཀྱིས་དམངས་འཚོའི་འདུ་འགོད་ཁག55ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར7.83བཏང་བ་དང་། དུས་ཐེངས་དང་པོའི་ཁང་གླ་ཁེ་བའི་སྡོད་ཁང300ཁྱོན་ཡོངས་ནས་བསྐྲུན་ཟིན། དུས་ཐེངས་གཉིས་པའི་ཁང་གླ་ཁེ་བའི་སྡོད་ཁང500བསྐྲུན་རྒྱུར་འཆར་གཞི་ལྟར་སྐུལ་འདེད་བཏང་ཡོད། ཆུ་མཛོད3གྱི་ཉེན་སེལ་བརྟན་བཟོའི་ལས་གྲྭ་ལེགས་འགྲུབ་བྱ་དགོས།

8_6 མཚན་སྙན་གྲུབ་འབྲས།

ཧྭ་ཧྲན་ཆུས་ལ་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་ལས་དོན་དཔེ་སྟོན་ཁུལ”དང“རྒྱལ་ཡོངས་ཀྱི་སྡེ་ཁུལ་སློབ་གསོའི་ཚོད་ལྟའི་ཁུལ”“རྒྱལ་ཡོངས་ཀྱི་ཉི་འོད་ལུས་རྩལ་སྔོན་ཐོན་ཁུལ”“རྒྱལ་ཡོངས་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ”“རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་ཁུལ”“ཨན་ཧུའེ་ཞིང་ཆེན་གྱི་དུས་བདེའི་ཁུལ”“ཨན་ཧུའེ་ཞིང་ཆེན་གྱི་ཞབས་ཞུའི་ལས་རིགས་གཅིག་སྡུད་ཁུལ”སོགས་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད་པ་རེད།

སྤྱི་ལོ2017ལོའི་ཟླ12པའི་ཚེས14ཉིན་ཧྭ་ཧྲན་ཆུས་དེ་སྤྱི་ལོ2017ལོའི་བཟོ་ལས་ཕུལ་བྱུང་ཅན་བརྒྱའི་རྫོང་ཁུལ་དུ་བདམས་པ་རེད། 

དཔྱད་གཞིའི་ཡིག་ཆ།