ཧྥེང་ཐའེ་རྫོང་།སྔ་མའི་པར་གཞི་དེ གདོང་བསོད་ནམས  ནས 2020-02-19 10:49ལ་འགྲུབ།

ཧྥེང་ཐའེ་རྫོང་།

ཧྥེང་ཐའེ་རྫོང་།
ཧྥེང་ཐའེ་རྫོང་ནི་ཨན་ཧུའེ་ཞིང་ཆེན་ཧོའེ་ནན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། གནའ་བོའི་མིང་ལ་ཀྲོའུ་ལེ་ཟེར་ཞིང་། ཧོའེ་ཧོ་ཆུ་བོའི་དབུས་རྒྱུད་དང་ཧོའེ་པེ་བདེ་ཐང་གི་ལྷོ་མཐའ་དང་འབྲེལ་ཡོད་ལ། བྱང་རྒྱུད་པའོ་ཀྲོའུ་གྲོང་ཁྱེར་མེང་ཁྲེང་རྫོང་དང་འབྲེལ་བ་དང་། ནུབ་བྱང་གི་མཚམས་དེ་པའོ་ཀྲོའུ་གྲོང་ཁྱེར་ལེ་ཞིན་རྫོང་དང་འབྲེལ་ཞིང་། ནུབ་ངོས་ཧྥུ་དབྱང་གྲོང་ཁྱེར་དབྱི་ཧྲང་རྫོང་དང་འབྲེལ་ནས་ཧོའེ་ཧོ་ཆུ་བོའི་བར་མཚམས་བཅད་ཡོད། ཤར་ཕྱོགས་སུ་ཧོའེ་ནན་གྲོང་ཁྱེར་དང་འབྲེལ་ཡོད། རྫོང་ཁོངས་དེ་ཤར་ནས་ལྷོ་དང་ནུབ་ནས་བྱང་དུ་གསེག་སྟེ་ཆགས་ཡོད་པ་དང་། ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི50དང་ཤར་ནུབ་ཀྱི་ཞེང་ཚད་སྟོང་སྨི42ཡོད་ལ། དེའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1100ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
凤台县
གཞི་ཁྱོན།
སྟོང་སྨི་གྲུ་བཞི་མ1100
མི་གྲངས།
ཁྲི59.8(སྤྱི་ལོ2018ལོའི་རྒྱུན་སྡོད་མི་གྲངས)
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཨན་ཧུའེ་ཞིང་ཆེན་ཧོའེ་ནན་གྲོང་ཁྱེར།
མངའ་ཁོངས།
ཡུལ་ཚོ4དང་གྲོང་རྡལ15
སྲིད་གཞུང་སྡོད་གནས།
ཁྲེང་ཀོན་གྲོང་རྡལ་ཧྥེང་ཁྲེང་ལམ་ཆེན།
མཛེས་ལྗོངས་གྲགས་ཅན།
མའོ་ཞན་གནའ་བོའི་བྲག་ཕུག་དང་ཅའོ་ཀང་མཚེའུའི་འདམ་རའི་སྤྱི་གླིང་།
མེ་འཁོར་འབབ་ཚུགས།
ཧྥེང་ཐའེ་འབབ་ཚུགས།
སྲིད་འཛིན་ཁུལ་གྱི་ཚབ་ཨང་།
340421
ས་ཁོངས་ཁ་པར་ཨང་རྟགས།
0554
རླངས་འཁོར་ཚབ་ཨང་།
ཝནD
སྦྲག་སྲིད་ཨང་རྟགས།
232100
1 ངོ་སྤྲོད་མདོར་བསྡུས།

ཧྥེང་ཐའེ་རྫོང་ནི་ཨན་ཧུའེ་ཞིང་ཆེན་ཧོའེ་ནན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། གནའ་བོའི་མིང་ལ་ཀྲོའུ་ལེ་ཟེར་ཞིང་།  ཧོའེ་ཧོ་ཆུ་བོའི་དབུས་རྒྱུད་དང་ཧོའེ་པེ་བདེ་ཐང་གི་ལྷོ་མཐའ་དང་འབྲེལ་ཡོད་ལ། བྱང་རྒྱུད་པའོ་ཀྲོའུ་གྲོང་ཁྱེར་མེང་ཁྲེང་རྫོང་དང་འབྲེལ་བ་དང་། ནུབ་བྱང་གི་མཚམས་དེ་པའོ་ཀྲོའུ་གྲོང་ཁྱེར་ལེ་ཞིན་རྫོང་དང་འབྲེལ། ནུབ་ངོས་ཧྥུ་དབྱང་གྲོང་ཁྱེར་དབྱི་ཧྲང་རྫོང་དང་འབྲེལ་ནས་ཧོའེ་ཧོ་ཆུ་བོའི་བར་མཚམས་བཅད་ཡོད། ཤར་ཕྱོགས་སུ་ཧོའེ་ནན་གྲོང་ཁྱེར་དང་འབྲེལ་ཡོད། རྫོང་ཁོངས་དེ་ཤར་ནས་ལྷོ་དང་ནུབ་ནས་བྱང་དུ་གསེག་སྟེ་ཆགས་ཡོད་པ་དང་། ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི50དང་ཤར་ནུབ་ཀྱི་ཞེང་ཚད་སྟོང་སྨི42ཡོད་ལ། དེའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1100ཡོད།

ཧྥེང་ཐའེ་རྫོང་གིས་རྡོ་སོལ་དང་གློག་ལ་བརྟེན་པའི་ཐོན་ལས་གཙོ་བོ་གཉེར་ཞིང་། ཀྲུང་གོའི་ཁྲོན་ཟབ་རྡོ་སོལ་སྔོག་འདོན་གྱི་རྫོང་ཆེ་གྲས་དང་པོ་དེ་ཡིན་པ་དང་། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་གྱི་སྔོན་ཐོན་རྫོང་དང་། རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་སྔོན་ཐོན་རྫོང་། རྒྱལ་ཡོངས་ཀྱི་ཆུ་བེད་སྔོན་ཐོན་རྫོང་། ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་གློག་སྒྲོན་གྱི་ཕ་ཡུལ། ཀྲུང་གོའི་མི་རིགས་དང་དམངས་ཁྲོད་གླུ་གར་གྱི་ཕ་ཡུལ། རྒྱལ་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་སྔོན་ཐོན་རྫོང་། རྒྱལ་ཡོངས་ཀྱི་སྐྱེད་ཚལ་རྫོང་་དང་རྒྱལ་ཡོངས་ཀྱི་ཤེས་དཔལ་རྫོང་གྲོང་སོགས་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་དང“ཧོའེ་ཧྲང་གི་མུ་ཏིག”དང“ཨན་ཧུའེ་བྱང་རྒྱུད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་པའི་མཚན་སྙན་ཐོབ་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

ཀྲོའུ་རྒྱལ་རབས་ནུབ་མའི་སྐབས་སུ་ཆིང་དབྱང་ཀྲོའུ་གཉིས(མཚོ་སྔོན་དང་ཧོའེ་ཧའེ་ས་མཚམས་ཡིན)ཀྱི་ཁོངས་སུ་གཏོགས།

ཆིན་རྒྱལ་རབས་ཀྱི་སྐབས་སུ་ཆིན་རྒྱལ་རབས་ཀྱིས་ཁྲུའུ་རྒྱལ་ཁབ་བསྣུབས་རྗེས་ཀྲུང་གོ་གཅིག་གྱུར་བྱས་ནས་ཅུན་རྫོང་ལམ་ལུགས་ལག་བསྟར་བྱས། ཚའེ་རྫོང་ནི་སི་ཧྲུའེ་ཅུན་དང་ཅིའུ་ཅང་ཅུན་ཡིན།

ཧན་རྒྱལ་རབས་ནུབ་མའི་སྐབས་སུ་ཧན་རྒྱལ་རབས་ཀྱི་དུས་འགོའི་གོང་མ་ཀའོ་ཏི་ཁྲི་ལོ་ལྔ(སྤྱི་ལོའི་སྔོན་གྱི202ལོ)པར་ཧོའེ་ནན་རྒྱལ་ཁབ་བཙུགས་པ་དང་། དེའི་འོག་ཏུ་ཚའེ་ཧོའེ་ནན་རྒྱལ་ཁབ་བཙུགས། ཡོན་ཧྲི་ཁྲི་ལོ་དང་པོར(སྤྱི་ལོའི་སྔོན་གྱི122ལོ)ཧོའེ་ནན་རྒྱལ་ཁབ་ཕན་མེད་དུ་གྱུར་ཅིང་། ཅིའུ་ཅང་ཅུན་དང་ཞ་ཚའེ་རྫོང་ཕེ་ཅུན་གྱི་ཁོངས་སུ་གཏོགས་པར་བྱས།

ཧན་རྒྱལ་རབས་ཤར་མའི་སྐབས་སུ་ཚང་མ་ཅིའུ་ཅང་ཅུན་གྱི་ཁོངས་སུ་གཏོགས།

རྒྱལ་ཁབ་གསུམ་གྱི་སྐབས་སུ་ཝེ་རྒྱལ་ཁབ་ཀྱི་ཧོའེ་ནན་ཅུན་གྱི་ཁོངས་སུ་གཏོགས།

སུའེ་རྒྱལ་རབས་ཀྱི་གོང་མ་ཁའེ་ཧོང་གི་ཐོག་མའི་མཚམས་སུ་ཚའེ་ཅུན་མེད་པར་བཟོས་པ་དང་། སྔར་བཞིན་ཚའེ་རྫོང་དུ་བཞག་ཅིང་། ཧོའེ་ནན་ཏའོ་ཡི་ཁོངས་སུ་གཏོགས།

སུང་རྒྱལ་རབས་བྱང་མའི་སྐབས་སུ་ཚའེ་རྫོང་ནི་ཧྲོའུ་ཀྲོའུ་རུ་བསྒྱུར་ཅིང་། ཧོའེ་ནན་ནུབ་ལུའུ་ཡི་ཁོངས་སུ་གཏོགས།

ཡོན་རྒྱལ་རབས་ཀྱི་སྐབས་སུ་ཚའེ་རྫོང་ཨན་ཧྥེང་ལུའུ་ཡི་ཁོངས་སུ་གཏོགསཔ་་ཡིན།

མིང་རྒྱལ་རབས་ཀྱི་ཧུང་ཝུའུ་ཁྲི་ལོ་གཉིས་པར(སྤྱི་ལོ1369ལོ)ཟླ9པར་ཧྲོའུ་ཁྲུན་རྫོང་དང་། ཨན་ཧྥེང་རྫོང་། ཞ་ཚའེ་རྫོང་བཅས་མེད་པར་བཟོས་ནས་ཧྲོའུ་ཀྲོའུ་རུ་ཟླ་སྒྲིལ་བཏང་བ་རེད། ཞ་ཚའེ་གྲོང་རྡལ་དུ་སྐོར་ཞིབ་སི་བཙུགས།      ཆིང་རྒྱལ་རབས་ཀྱི་སྐབས་སུ་ཧྲོའུ་ཀྲོའུ་ཧྥེང་དབྱང་ཧྥུ་ཡི་ཁོངས་སུ་གཏོགས་པ་ཡིན།

ཀྲུང་ཧྭ་མིན་གོའི་སྲིད་ལོ་ཉེར་གཅིག་པའི(སྤྱི་ལོ1932ལོ)ཟླ10པར་ཨན་ཧུའེ་ཞིང་ཆེན་སྲིད་འཛིན་ལྟ་ཞིབ་ཁུལ་བཞི་པའི་ཁོངས་སུ་གཏོགས་པ་དང་ཧྲོའུ་རྫོང་གི་ཀྲོན་ཡོན་ཀུང་ཧྲུའུ་ཁོངས་སུ་གཏོགས། ཀྲུང་ཧྭ་མིན་གོའི་སྲིད་ལོ་ཉེར་བདུན་པར་(སྤྱི་ལོ1938ལོ)ཨན་ཧུའེ་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བདུན་པའི་ཁོངས་སུ་གཏོགས་པ་དང་། ཧྥུ་དབྱང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་ཧོའེ་ནན་ཀྲོན་ཡོན་ཀུང་ཧྲུའུ་རུ་གཏོགས།

སྤྱི་ལོ1949ལོའི་ཟླ1པོའི་ཚེས12ཉིན་ཧྥེང་ཐའེ་རྫོང་བཅིངས་འགྲོལ་བཏང་བ་དང་ཧྥུ་དབྱང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1999ལོའི་ཟླ11པར་མའོ་ཅི་ཡིས་རྫོང་རིམ་པའི་སྒྲིག་གཞི་བཙུགས་པའི“ཧོའེ་ནན་གྲོང་ཁྱེར་མའོ་ཅི་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་བསྡུས་ཚོད་ལྟའི་ཁུལ”བཙུགས་ནས་ཧོའེ་ནན་ཐད་སྐྱོང་ཁུལ་དུ་གྱུར།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཧྥུང་ཐའེ་རྫོང་གི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ894དང་། མི་འབོར་ཁྲི64.2གྲོང་རྡལ8དང་། ཡུལ་ཚོ8 དཔལ་འབྱོར་གསར་སྤེལ་ཁུལ1སྤྱི་ཁུལ36 སྲིད་འཛིན་གྲོང་ཚོ213བཅས་ཡོད། མའོ་ཅི་ཚོད་ལྟ་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ201དང་མི་འབོར་ཁྲི12.93ཡོད་པ་དེའི་ཁོངས་སུ་མའོ་ཅི་གྲོང་རྡལ་དང་ཞ་ཅི་གྲོང་རྡལ། ཅའོ་ཀང་མཚེའུ་གྲོང་རྡལ་བཅས་དང་། སྡེ་ཁུལ5དང་སྲིད་འཛིན་གྲོང་ཚོ38ཡོད།

སྤྱི་ལོ2015ལོའི་ཟླ10པའི་ཚེས9ཉིན་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད་ཧྥེང་ཐའེ་རྫོང་ལིའུ་ཅི་ཤང་མེད་པ་བཟོས་ནས་ལིའུ་ཅི་གྲོང་རྡལ་བཙུགས་པ་དང་གྲོང་རྡལ་སྲིད་གཞུང་སྔར་བཞིན་ལིའུ་ཅི་གྲོང་ཚོར་བཅའ་སྡོད་བྱས་ཡོད།

3 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2018ལོའི་བར་ཧྥེང་ཐའེ་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ15དང་ཡུལ་ཚོ4ཡོད་པ་རེད། ཧྥེང་ཐའེ་རྫོང་སྲིད་གཞུང་གིས་གྲོང་ཁྱེར་གྱི་གྲོང་རྡལ་ཧྥེང་ཁྲེང་ལམ་ཆེན་དུ་བཅའ་སྡོད་བྱས་ཡོད།

4 ས་ཁམས་ཁོར་ཡུག

གནས་ཡུལ།ཧྥེང་ཐའེ་རྫོང་ནི་ཨན་ཧུའེ་ཞིང་ཆེན་ཧོའེ་ནན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། གནའ་བོའི་མིང་ལ་ཀྲོའུ་ལེ་ཟེར་ཞིང་།  ཧོའེ་ཧོ་ཆུ་བོའི་དབུས་རྒྱུད་དང་ཧོའེ་པེ་བདེ་ཐང་གི་ལྷོ་མཐའ་དང་འབྲེལ་ཡོད་ལ། བྱང་རྒྱུད་པའོ་ཀྲོའུ་གྲོང་ཁྱེར་མེང་ཁྲེང་རྫོང་དང་འབྲེལ་བ་དང་། ནུབ་བྱང་གི་མཚམས་དེ་པའོ་ཀྲོའུ་གྲོང་ཁྱེར་ལེ་ཞིན་རྫོང་དང་འབྲེལ་ཞིང་། ནུབ་ངོས་ཧྥུ་དབྱང་གྲོང་ཁྱེར་དབྱི་ཧྲང་རྫོང་དང་འབྲེལ་ནས་ཧོའེ་ཧོ་ཆུ་བོའི་བར་མཚམས་བཅད་ཡོད། ཤར་ཕྱོགས་སུ་ཧོའེ་ནན་གྲོང་ཁྱེར་དང་འབྲེལ་ཡོད། རྫོང་ཁོངས་དེ་ཤར་ནས་ལྷོ་དང་ནུབ་ནས་བྱང་དུ་གསེག་སྟེ་ཆགས་ཡོད་པ་དང་། བྱང་གི་འཕྲེད་ཐིག32°33′—33°དང་ཤར་གྱི་གཞུང་ཐིག116°21′—116°56′བར་དུ་གནས་ཡོད། ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི50དང་། ཤར་ནུབ་ཀྱི་ཞེང་ཚད་སྟོང་སྨི42ཙམ་དང་། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1100ཡོད། རྫོང་མཁར་ནས་རྒྱལ་ས་པེ་ཅིན་དང་དྲང་ཐིག་སྟོང་སྨི810དང་། ཞིང་ཆེན་ལྟེ་གནས་ཧོ་ཧྥེ་སྟོང་སྨི111ཧོའེ་ནན་གྲོང་ཁུལ་བར་སྟོང་སྨི30ཡོད།

5 མི་གྲངས། 

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྥེང་ཐའེ་རྫོང་གི་ཐེམ་ཐོའི་མི་འབོར་ཁྲི67.8368ཟིན་པ་དེ་ལོ་གོང་མ་ལས་མི3493མང་དུ་སོང་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི18.2881ཟིན་པ་དང་། མི་འབོར་བསྡོམས་འབོར་ཁྲོད་སྐྱེས་པའི་མི་འབོར་ཁྲི35.9214ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་ཚད་ཀྱི53.0%བཟུང་ཡོད། བུད་མེད་མི་འབོར་ཁྲི31.9154ཟིན་པ་དེས་སྤྱིའི་མི་འབོར་གྱི་བསྡུར་ཚད་ཀྱི47.0%བཟུང་བ་དང་། གསར་སྐྱེས་མི་འབོར9532ཡོད། རྐྱེན་ལམ་དུ་ཤོར་བའི་མི་འབོར3486ཡོད། རྒྱུན་སྡོད་མི་འབོར་ཁྲི59.8(མི་འབོར་དཔེ་འདེམས་བརྟག་དཔྱད་གཞི་གྲངས) ཡོད་པ་རེད།

6 དཔལ་འབྱོར།

སྤྱི་ལོ2018ལོར་ཧྥུང་ཐའེ་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར272.3062ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས4.7%འཕར་བའི་ནང་། ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར35.803ཟིན་པ་དེ་དུས་མཚུངས་ལས5.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར160.7892ཟིན་པ་དེ་དུས་མཚུངས་ལས4.3%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར75.714ཟིན་པ་དེ་དུས་མཚུངས་ལས5.5%འཕར་ཡོད། རྫོང་ཡོངས་ཀྱི་ཐེངས་གསུམ་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི12.6:61.1:26.3ནས13.1:59.1:27.8བར་འགྱུར་ལྡོག་ཕྱིན་ཡོད། ཐོན་ལས་གསུམ་པས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས1.5མཐོ་རུ་ཕྱིན་ནས་ཐོན་ལས་གྲུབ་ཆ་རིམ་བཞིན་ལེགས་སུ་ཕྱིན་ཡོད། མི་རེའི་ཆ་སྙོམསGDPསྒོར40245(ཨ་སྒོར5853)ཡིན། ལོ་ཧྲིལ་པོར་དམངས་གཉེར་ཁེ་ལས1814མང་དུ་ཕྱིན་པ་དང་མི་ཁྲི་རེར་ཁྲིམས་མིའི་ཁེ་ལས28.4མང་དུ་ཕྱིན་པ་དང་། ལོ་ཧྲིལ་པོའི་ཁེར་རྐྱང་བཟོ་ཚོང་དུད་ཚང4392མང་དུ་ཕྱིན། དམངས་གཉེར་དཔལ་འབྱོར་གྱིསGDPབསྡུར་ཚད་6.2%བཟུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.1མཐོ་རུ་ཕྱིན་ཡོད།

7 སྤྱི་ཚོགས་ལས་དོན།
7_1 ཚན་རིག་ལག་རྩལ། 

སྤྱི་ལོ2018ལོར་ཧྥུང་ཐའེ་རྫོང་གི་ཚན་རྩལ་འགྲོ་གྲོན་སྒོར་ཁྲི་5768བཏང་ནས2.2%འཕར་བ་དང་། ལོ་མཇུག་ཏུ་མཐོ་གསར་ཐོན་ལས་ཁེ་ལས23ཡོད་པ་དང་། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར2.0556ཟིན་པ་དེ་དུས་མཚུངས་ལས29.2%འཕར། ཁེ་བེད་བདག་ཐོབ626རེ་ཞུ་བྱས་པའི་ནང་གསར་གཏོད་ཁེ་བེད་བདག་ཐོབ་439ཡོད་པ་དང་། དབང་ཆ137སྤྲད་པ་དེའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ10ཡོད་པ་དང་། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས5དང་ཞིང་ཆེན་གྱི་མཐོ་གསར་ལག་རྩལ་སྐྱེད་སྲིང་ཁེ་ལས1གསར་དུ་ངོས་འཛིན་བྱས། ནུས་ལྡན་གསར་གཏོད་ཁེ་བེད་བདག་ཐོབ159ཡོད་པ་དང་མི་ཁྲི་ལ་ཁེ་བེད་བདག་ཐོབ2.7ཡོད་པ་དང་། ལོ་མཇུག་ཏུ་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁེ་ལས23ཟིན་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་དུས་མཚུངས་ལས9.8%འཕར་ཡོད། 

7_2 སློབ་གསོ།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྥེང་ཐའེ་རྫོང་དུ་ཁྱོན་སློབ་གྲྭ་270ཡོད་པའི་ནང་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ2དང་། སློབ་འབྲིང་དཀྱུས་མ33སློབ་ཆུང109བུ་བཅོལ་ཁང125བཅས་ཡོད་པ་རེད། སློབ་གྲྭར་ཡོད་པའི་སློབ་མ་ཁྲི11.5921ཡོད་པའི་ནང་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ2630དང་། སློབ་འབྲིང་དཀྱུས་མའི་སློབ་མ32407སློབ་ཆུང་སློབ་མ59285བུ་བཅོལ་ཁང་གི་སློབ་མ21307བཅས་ཡོད་པ་རེད། ཆེད་བསྐོས་དགེ་རྒན6220ཡོད་པའི་ནང་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ133དང་། སློབ་འབྲིང་དཀྱུས་མའི་ཆེད་བསྐོས་དགེ་རྒན2279སློབ་ཆུང་གི་ཆེད་བསྐོས་དགེ་རྒན2747བྱིས་གསོ་ཁང་གི་ཆེད་བསྐོས་དགེ་རྒན1020བཅས་ཡོད། རྫོང་དེ་ཡོངས་ཀྱི་སློབ་གསོའི་གྲོན་དངུལ་སྒོར་དུང་ཕྱུར7.6973བཏང་བ་དེ་དུས་མཚུངས་ལས9.7%འཕར་ཡོད། རྫོང་ཡོངས་ཀྱི་སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་སློབ་ཆུང་ཐོན་པའི་སློབ་རིམ་འཕར་ཚད100%ཟིན།

7_3 རིག་གནས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྥེང་ཐའེ་རྫོང་དུ་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ་2ཡོད་པ་དང་། རིག་གནས་ཁང(ས་ཚིགས)18དང་། ཟློས་གར་ཁང3གློག་བརྙན་ཟློས་གར་ཁང3ལུས་རྩལ་ཁང1དཔེ་མཛོད་ཁང1ཞིང་དུད་དཔེ་དེབ་ཁང243བཅས་ཡོད། སྤྱི་པའི་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི6.9དང་གློག་རྡུལ་དཔེ་དེབ་ཁྲི25ཉར་ཡོད་པ་རེད། རིག་གནས་ཁང་དང་དཔེ་མཛོད་ཁང་། རིག་གནས་ས་ཚིགས། ཞིང་པའི་དཔེ་དེབ་ཁང་། གློག་རྡུལ་ལྟ་ཀློག་ཁང་བཅས་ཚང་མ་རིན་མེད་ངང་སྒོ་ཕྱེ་བ་དང་རིན་མེད་ངང་སྒོ་ཕྱེ་བའི་ཉིན་གྲངས་ཟླ་རེར་ཉིན25ཡན་ཟིན་པ་དང་མི་ཐེངས་ཁྲི23ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད། རིག་རྩལ་བྱེད་སྒོ་སྣ་ཚོགས་ཁྱོན་ཐེངས1200ལྷག་ཙམ་སྤེལ་བ་དང་ལུས་རྩལ་བྱེད་སྒོ་ཐེངས1508སྤེལ་ཡོད། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང2ཡོད་པ་དང་ཞིང་ཆེན་རིམ་པའི་མིང་གཞུང4ཡོད། རླུང་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད100%ཟིན་ཡོད།

7_4 འཕྲོད་བསྟེན། 

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྥེང་ཐའེ་རྫོང་དུ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི360ཡོད་པའི་ནང་རྫོང་རིམ་པའི་སྨན་ཁང2དང་། ཤང་གྲོང་འཕྲོད་བསྟེན་ཁང15སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས2སྤྱི་ཁུལ་འཕྲོད་བསྟེན་ས་ཚིགས23གྲོང་ཚོའི་འཕྲོད་བསྟེན་ཁང208ཁེར་རྐྱང་སྨན་བཅོས་ཁང98ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས1བུད་མེད་དང་ཕྲུ་གུའི་བདེ་སྲུང་ཁང1བཅས་ཡོད་པ་རེད། རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་ལག་རྩལ་མི་སྣ1833ཡོད་པའི་ནང་ལས་གཉེར་སྨན་པ696དང་། ལས་གཉེར་ལས་རོགས་སྨན་པ280ཐོ་འགོད་ནད་གཡོག་པ857བཅས་ཡོད་པ་རེད། རྫོང་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིར་ནད་ཁྲི2080དང་། རྫོང་མི་དམངས་སྨན་ཁང380རྫོང་ཀྲུང་ལུགས་སྨན་ཁང330ཤང་གྲོང་འཕྲོད་བསྟེན་ཁང561སྨན་བཅོས་སྒྲིག་གཞི་གཞན་དག809མི་སྟོང་རེར་ནད་ཁྲི3.1བཅས་ཡོད་པ་རེད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་ལ་ཞུགས་མཁན་མི་ཁྲི52.803ཟིན་ནས་ཞུགས་ཚད104.0%ཟིན་པ་དང་། སློབ་ལོ་ལོན་པའི་བྱིས་པ་རིགས་དང་པོའི་རིམས་འགོག་སྨན་ཁབ་རྒྱག་ཚད90%ཡན་ཟིན་པ་དང་འགོག་སྨན་ཐེངས་ཁྲི15.6བརྒྱབ་ཡོད་པ་རེད། འགོས་ནད་དང་། གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་སྙན་ཞུ་བྱེད་ཚད100%ཟིན།

7_5 ངལ་རྩོལ་ལས་ཞུགས།

སྤྱི་ལོ2018ལོར་ཧྥེང་ཐའེ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས8340མང་དུ་ཕྱིན་པ་དེ་ལོ་གོང་མ་ལས་མི1640ཉུང་དུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.9%ཟིན་པ་དང་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས36863ཡོད།

7_6 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྥེང་ཐའེ་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི21.6948ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས60198ཟིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས64163ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་མི་གྲངས61446ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས36863ཡོད་པ། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་མི་གྲངས་ཁྲི52.803ཞུགས་ཡོད། 

དཔྱད་གཞིའི་ཡིག་ཆ།