པ་ཀུང་ཧྲན་ཆུས།སྔ་མའི་པར་གཞི་དེ གདོང་བསོད་ནམས  ནས 2020-02-19 11:06ལ་འགྲུབ།

པ་ཀུང་ཧྲན་ཆུས།

པ་ཀུང་ཧྲན་ཆུས།
པ་ཀུང་ཧྲན་ཆུས་ནི་ཨན་ཧུའེ་ཞིང་ཆེན་ཧོའེ་ནན་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན་པ་དང་། ཧོའེ་ནན་གྲོང་ཁྱེར་གྱི་ནུབ་རྒྱུད་དང་ཧོའེ་ཧོ་ཆུ་བོའི་ལྷོ་ངོགས་སུ་ཆགས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ105ཡོད་ཅིང་། སྤྱི་ལོ2011ལོར་མི་གྲངས་བསྡོམས་འབོར་ཁྲི18ཡོད། ཆུས་ཡོངས་སུ་སྲང་ལམ3དང་གྲོང་རྡལ2ཡོད་པ་སྟེ། ཤིན་ཀྲོན་ཙི་སྲང་ལམ་དང་ཐུའུ་པ་ཙི་སྲང་ལམ། པི་ཅ་ཀང་སྲང་ལམ། པ་ཀུང་ཧྲན་གྲོང་རྡལ། ཧྲན་ཝང་གྲོང་རྡལ་བཅས་ཡིན། ཁྱོན་སྤྱི་ཁུལ25དང་སྡེ་དམངས་ཨུ་ཡོན་ལྷན་ཁང21ཡོད། ཆུས་སྲིད་གཞུང་ཤིན་ཀྲོན་ཙི་སྲང་ལམ་དུ་བཅའ་སྡོད་བྱས་ཡོད། ཧོའེ་ནན་ལྕགས་ལམ་ཧྲུའེ་ཀྲང་ལམ་རྒྱུད་དང་ཧོའེ(ནན)ལི་གཞུང་ལམ་འཕྲེད་གཞུང་ཁུལ་གྱི་ས་ཁོངས། ཁྱད་ཐོན་དངོས་རྫས་ལ་པ་ཀུང་ཧྲན་གྱི་སྲན་ཞོ་དང་། གནའ་ཤུལ་གྲགས་ཅན་ལ་པ་ཀུང་ཧྲན་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་། པ་ཀུང་ཧྲན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། པ་ཀུང་ཧྲན་རྒྱལ་ཁབAAAAAརིམ་པའི་ཡུལ་སྐོར་ཁུལ། ཁྲུང་ཡུན་ཆོན་དང་། ཡུས་ལུའུ་ཆོན། ལན་ཞང་ཆོན། པ་ཀུང་ཞན་ཀོ། སུན་ཅ་མེ་ཏོག་ལྡུམ་ར། ནན་ཐང་། ཧྲི་ལིན། ཡུས་སུའུ། ཧྲི་མོན་ཐན་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
八公山区
གཞི་ཁྱོན།
སྟོང་སྨི་གྲུ་བཞི་མ105
མི་གྲངས།
ཁྲི17.8(སྤྱི་ལོ2017ལོའི་རྒྱུན་སྡོད་མི་གྲངས)
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཝན་བྱང་།
མངའ་ཁོངས།
སྲང་ལམ3དང་གྲོང་རྡལ4
སྲིད་གཞུང་སྡོད་གནས།
ཤིན་ཀྲོན་ཙི་སྲང་ལམ།
མཛེས་ལྗོངས་གྲགས་ཅན།
པ་ཀུང་ཧྲན་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་པ་ཀུང་ཧྲན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།
སྲིད་འཛིན་ཁུལ་གྱི་ཚབ་ཨང་།
340405
ས་ཁོངས་ཁ་པར་ཨང་རྟགས།
0554
རླངས་འཁོར་ཚབ་ཨང་།
ཝནD
1 ​ངོ་སྤྲོད་མདོར་བསྡུས།

པ་ཀུང་ཧྲན་ཆུས་ནི་ཨན་ཧུའེ་ཞིང་ཆེན་ཧོའེ་ནན་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན་པ་དང་། ཧོའེ་ནན་གྲོང་ཁྱེར་གྱི་ནུབ་རྒྱུད་དང་ཧོའེ་ཧོ་ཆུ་བོའི་ལྷོ་ངོགས་སུ་ཆགས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ105ཡོད་ཅིང་། སྤྱི་ལོ2011ལོར་མི་གྲངས་བསྡོམས་འབོར་ཁྲི18ཡོད། ཆུས་ཡོངས་སུ་སྲང་ལམ3དང་གྲོང་རྡལ2ཡོད་པ་སྟེ། ཤིན་ཀྲོན་ཙི་སྲང་ལམ་དང་ཐུའུ་པ་ཙི་སྲང་ལམ། པི་ཅ་ཀང་སྲང་ལམ། པ་ཀུང་ཧྲན་གྲོང་རྡལ། ཧྲན་ཝང་གྲོང་རྡལ་བཅས་ཡིན། ཁྱོན་སྤྱི་ཁུལ25དང་སྡེ་དམངས་ཨུ་ཡོན་ལྷན་ཁང21ཡོད། ཆུས་སྲིད་གཞུང་ཤིན་ཀྲོན་ཙི་སྲང་ལམ་དུ་བཅའ་སྡོད་བྱས་ཡོད། ཧོའེ་ནན་ལྕགས་ལམ་ཧྲུའེ་ཀྲང་ལམ་རྒྱུད་དང་ཧོའེ(ནན)ལི་གཞུང་ལམ་འཕྲེད་གཞུང་ཁུལ་གྱི་ས་ཁོངས། ཁྱད་ཐོན་དངོས་རྫས་ལ་པ་ཀུང་ཧྲན་གྱི་སྲན་ཞོ་དང་། གནའ་ཤུལ་གྲགས་ཅན་ལ་པ་ཀུང་ཧྲན་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་། པ་ཀུང་ཧྲན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། པ་ཀུང་ཧྲན་རྒྱལ་ཁབAAAAAརིམ་པའི་ཡུལ་སྐོར་ཁུལ། ཁྲུང་ཡུན་ཆོན་དང་། ཡུས་ལུའུ་ཆོན། ལན་ཞང་ཆོན། པ་ཀུང་ཞན་ཀོ། སུན་ཅ་མེ་ཏོག་ལྡུམ་ར། ནན་ཐང་། ཧྲི་ལིན། ཡུས་སུའུ། ཧྲི་མོན་ཐན་སོགས་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

པ་ཀུང་ཧྲན་ཆུས་ནི་སྔོན་ཆད་ཧྥེང་ཐའེ་རྫོང་ཅིན་ཧྲི་ཞང་ཡིན་ཞིང་། སྤྱི་ལོ1949ལོའི་ཟླ11པར་ཧོའེ་ནན་གཏེར་ཁུལ་གྱི་སྲིད་འཛིན་དོན་གཅོད་ཁང(རྗེས་ཀྱི་ཧོའེ་ནན་གྲོང་ཁྱེར)དུ་སྤོས་པ་དང་པ་ཀུང་ཧྲན་གྲོང་རྡལ་དུ་བཙུགས། སྤྱི་ལོ1953ལོའི་ཟླ5པར། གྲོང་རྡལ་ནས་ཕྱིར་འཐེན་བྱས་ཏེ་པ་ཀུང་ཧྲན་ཆུས་བཙུགས་པ་རེད།

གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་དང་བྲན་གཡོག་སྤྱི་ཚོགས་ཀྱི་སྐབས་སུ་ཧོའེ་ཧོ་ཆུ་བོའི་འབབ་རྒྱུད་དུ་ཧོའེ་དབྱི་ཚོ་པ་ཞིག་སྐྱེས་ཡོད་པ་དང་། ཀྲོའུ་ནུབ་མའི་དུས་སུ་རྒྱལ་ཕྲན་རྒྱལ་ཁབ་ཅིག་བཙུགས་ཡོད་ཅིང་། མིང་ལ“ཀྲོའུ་ལེ”ཟེར། ཏུའུ་དབྱི་ནི་པ་ཀུང་རི་བོའི་འདབས་སུ་ཡོད། “པ་ཀུང་རི་བོ”ལས་ཐོབ་པ་ནི་ཧན་རྒྱལ་རབས་ནུབ་མའི་ཧོའེ་ནན་རྒྱལ་པོ་ལིའུ་ཨན་གྱིས་ཏའོ་ཁྲེང་ཞན་ལ་སློབ་སྦྱོང་བྱས་པའི་ལྷ་སྒྲུང་ལས་བྱུང་བ་རེད། ཧན་ནུབ་མའི་དུས་སུ། པ་ཀུང་ཧྲན་ནི་ཧོའེ་ནན་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས། ཧན་ལི་ཝང་གི་བུ་དང་ཧན་ཝུའུ་ཏིའི་གོང་མའི་ཨ་ཁུ་ལིའུ་ཨན་ཧོའེ་ནན་རྒྱལ་པོར་བསྐོས། ལིའུ་ཨན་གྱི་ཧྲང་ཝུན་ཡོན་གྱིས་གནམ་འོག་གི་མཁས་མཛངས་ལྡན་པའི་མི3000ལྷག་བསྡུས་ཤིང་། 《ཧོའེ་ནན་ཙི》ཞེས་པའི་རྩོམ་ཡིག་གྲགས་ཅན་ཞིག་བརྩམས་ཤིང་། ཐེངས་དང་པོར་དུས་ཚིགས་ཉེར་བཞི་ལེགས་སྒྲིག་གཏན་འཁེལ་བྱས་ཏེ། མིང་གྲགས་ཅན་གྱི་ཟས་མཆོག་སྟེ་སྲན་ཞོ་གསར་གཏོད་བྱས་པ་རེད། དེའི་ནང་ནས་ལིའུ་ཨན་གྱི་བྱ་དགའ་ཆེ་ཤོས་བརྒྱད་ནི་ཙུའོ་ཝུའུ་དང་། ལི་ཧྲང་། སུའུ་ཧྥེ། ཐེན་ཡུས། མའོ་བྱ་ཡུལ། ལེ་བྱ་ཡུལ། ཝུའུ་བྱ་ཡུལ། ཅིན་ཁྲང་བཅས་གུང་བརྒྱད་དུ་བསྐོས་ཡོད། ལིའུ་ཨན་དང་ཁོང་གཉིས་ཀྱིས་རྒྱུན་དུ་པ་ཀུང་ཧྲན་རི་བོའི་ནང་དུ་དཔེ་ཆ་བརྩམས་ཏེ་གནམ་རིག་ལ་ཞིབ་འཇུག་དང་། ལོ་ཐོ་སྒྲིག་བཟོ། ཉིན་ཞིག་ལ། ལིའུ་ཨན་དང་ཕོ་རབ་བརྒྱད་ཀྱིས་སྦྱངས་ནས་འཆི་མེད་རིལ་བུ་བཟོས་པ་དང་། ཟས་ཟོས་རྗེས་ལྷ་རུ་གྱུར། 《ཐའེ་ཕིང་ཧོན་ཡུས་ཀྱི་ཟིན་ཐོ》ཞེས་པའི་ནང་། “ཞི་ཧོའེ་ནན་གྱི་རྒྱལ་པོ་དང་པ་ཀུང་གཉིས་རི་བོར་འཛེག་ནས་གསེར་སྦས་ཤིང་། སྨན་རོ་ཡོད་ཚད་བྱ་ཁྱིས་ལྡག་པས། ཚང་མ་ལྷ་རུ་གྱུར་ཅེས་བཤད་སྲོལ་ཡོད། དེའི་རྗེས་མི་ཐམས་ཅད་ཀྱིས་གཏམ་རྒྱུད་དེ་ཐོས་མ་ཐག པ་ཀུང་ཞེས་པའི་མིང་ལ་བརྟེན་ནས“པ་ཀུང་ཧྲན་གྲོང་རྡལ་གྱི་མིང་ཡང་དེ་ལྟར་བྱུང་བ་ཡིན།

3 གནས་ཡུལ།

པ་ཀུང་ཧྲན་ཆུས་ནི་ཧོའེ་ཧོ་ཆུ་བོའི་ལྷོ་རྒྱུད་དང་པ་ཀུང་ཧྲན་གྱི་འདབས་སུ་གནས་ཡོད། རི་འབུར་དམའ་གྲས་གཙོ་བོར་བཟུང་ནས་ཧོའེ་ཧོ་ཆུ་བོའི་རྒྱུད་ཀྱི་ས་བབ་ཅུང་དམའ་བ་རེད། པ་ཀུང་ཧྲན་གྱི་ལྷོ་བྱང་བར་དུ་སྤྱི་ལེ8.5ཡོད་པ་དང་། ཤར་ནུབ་ཀྱི་ཞེང་ཚད་སྟོང་སྨི5ཙམ་ཡོད་ཅིང་། ཆེས་མཐོའི་གནས་ནི་པའེ་ཨོ་རི་བོ་སྟེ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི241ཡོད།      སྤྱི་ལོ2011ལོར་པ་ཀུང་ཧྲན་ཆུས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ105ཟིན་ཡོད།

4 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ1990ལོར་པ་ཀུང་ཧྲན་ཆུས་གྱི་ཁོངས་སུ་ཁུང་ཅི་དང་། པི་ཅ་ཀང་། ཞིན་ཀྲོང་ཙེ། ཐུའུ་པ་ཙི་བཅས་ཁྲོམ་ལམ་དོན་གཅོད་ཁང4དང་ཧྲན་ཝང་གྲོང་རྡལ། ཧྲེན་ཞང་བཅས་ཡུལ་ཚོ2ཡོད།

སྤྱི་ལོ2011ལོར་པ་ཀུང་ཧྲན་ཆུས་ནི་ཧོའེ་ནན་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོངས་གཏོགས་ཡིན་ཞིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ105ཡོད་པ་དང་དེའི་ཁོངས་གཏོགས་སུ་གྲོང་ཁྱེར་གཅིག་དང་། གྲོང་རྡལ་གཉིས། སྲང་ལམ་གསུམ་པ་བཅས་ཡོད་པ་དང་ཁྱོན་སྤྱི་ཁུལ་ཨུ་ཡོན་ལྷན་ཁང25དང་སྡེ་དམངས་ཨུ་ཡོན་ལྷན་ཁང21ཡོད།

5 རང་བྱུང་ཐོན་ཁུངས།

པ་ཀུང་ཧྲན་ཆུས་དུ་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ད་ལྟ་རྩད་ཆོད་ཐུབ་པའི་གཏེར་ཁའི་ཐོན་ཁུངས་རིགས50ཟིན་ཡོད་པས་རྡོ་སོལ་ཐོན་ཁུངས་དེ་བས་ཕུན་སུམ་ཚོགས་པོ་ཡོད། རྡོ་ཀ་མ་རུའི་རྡོ་ཐལ་རྡོ། བྱེ་མ་སྨུག་པོའི་རྡོ་གཡམ་དང་། ཀའོ་ལིན་ས་ཆ། གཏེར་ཆུ། རུས་སྦལ་རྡོ་རིལ། གསེར་རྡོ་སྨུག་པོ་སོགས་ཀྱི་སྤུས་ཀ་ཅུང་མཐོ་བ་དང་། གསོག་ཚད་ཧ་ཅང་མང་།

6 མི་གྲངས།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་གྲངས་གཞིར་གཞིགས་ན། པ་ཀུང་ཧྲན་ཆུས་གྱི་མི་འབོར་བསྡོམས166452ཡོད་པའི་ནང་ཤིན་ཀྲོང་ཙི་སྲང་ལམ52748དང་ཐུའུ་པ་ཙེ་སྲང་ལམ26658 པི་ཅ་ཀང་སྲང་ལམ21161རི་ཝང་གྲོང་རྡལ49406ཀུང་ཧྲན་གྲོང་རྡལ16479ཡོད།

སྤྱི་ལོ2005ལོར་པ་ཀུང་ཧྲན་ཆུས་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ103ཡོད་པ་དང་། མི་འབོར་ཁྲི16.7ཡོད།

སྤྱི་ལོ2011ལོར་སྤྱིའི་མི་འབོར་ཁྲི18ཡོད། 

7 འགྲིམ་འགྲུལ་སྐྱེལ་འདྲེན།

པ་ཀུང་ཧྲན་ཆུས་ཀྱི་ས་ཁོངས་ནང་གི་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པ་དང་། ཧོའེ་ཧོ་ཆུ་བོའི་ཆུ་ཐོག་སྐྱེལ་འདྲེན་དུས་བཞི་ཤར་གཏོང་བྱེད་བཞིན་ཡོད། ཧོའེ་ནན་ལྕགས་ལམ་ཧྲུའོ་ཀྲང་ཏོན་དང་ཧོ་ཕུའུ་གཞུང་ལམ། ལེ་དབར་སྟོང་གི་ཧོའེ་ཧོ་ཆུ་བོ་བཅས་སྐྱེལ་འདྲེན་གྱི་འཕར་རྩ་ཆེན་པོ་གསུམ་ཆགས་ནས་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་ཆུས་ཡོངས་སུ་ཁྱབ་ཡོད།

8 དཔལ་འབྱོར་འཕེལ་རྒྱས།

སྤྱི་ལོ2004ལོར་པ་ཀུང་ཧྲན་ཆུས་སུ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར17.1ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས16.2%འཕར་ནས་གྲོང་ཁྱེར་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི6240ཟིན་ནས26%འཕར་ཡོད། སྤྱི་ཚོགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར4.2བཏང་ནས་40%འཕར་ཡོད། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་གཏོད་དགོས། རིན་ཐང་འཕར་མ་སྒོར་ཁྲི4800ཟིན་པ་དེ་དུས་མཚུངས་ལས7.5%འཕར་ཡོད། ཆུས་ཀྱིས་རྡོ་སོལ་གཏེར་ཁ་ནས་ལོ་ཧྲིལ་པོར་རྡོ་སོལ་ཏུན་ཁྲི100ཐོན་སྐྱེད་བྱས་པ་དང་ཤང་གྲོང་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར20.1ཟིན་པ་དེ་དུས་མཚུངས་ལས6.7%འཕར་ཡོད། པ་ཀུང་ཧྲན་ཨར་འདམ་བཟོ་གྲྭར“ཧོའེ་ནན་གྲོང་ཁྱེར་གྱི་དམངས་གཉེར་ཁེ་ལས་ཆེ་གྲས་བཅུ”ཞེས་མིང་བཏགས་ཡོད། ཆུས་ཡོངས་ཀྱི་ལས་ཐོག་ལས་བཟོའི་ལོ་རེའི་ཆ་སྙོམས་གླ་ཕོགས་སྒོར་ཁྲི1.12ཟིན་ནས11.5%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར7362ཟིན་ནས22.5%འཕར་བ་དང་། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར3923ཟིན་ནས6.6%འཕར་ཡོད།

སྤྱི་ལོ2012ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར50.60ཡིན་པས6.1%འཕར་བ་དང་། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར3.08ཟིན་ནས8%འཕར། ས་གནས་ནོར་སྲིད་ཀྱི་ཡོང་སྒོ་སྒོར་དུང་ཕྱུར1.45ཡིན་པས་བརྒྱ་ཆའི26འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21541ཡིན་པས15.6%འཕར་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར9965ཟིན་ནས15.3%འཕར་ཡོད།

9 སྤྱི་ཚོགས་ལས་དོན།
9_1 ཚན་རིག་ལག་རྩལ།

སྤྱི་ལོ2005ལོར་ཚན་རྩལ་མཐོ་བའི་རྣམ་གྲངས4དང་། “ཞིན་ཧའོ་འཆར་གཞིའི”རྣམ་གྲངས2གྲོང་ཁྱེར་རིམ་པའི་ཚན་རྩལ་འཆར་གཞིའི་རྣམ་གྲངས5 དམངས་གཉེར་ཁེ་ལས2 གྲོང་ཁྱེར་རིམ་པའི་དམངས་གཉེར་ཚན་རྩལ་ཁེ་ལས9བཅས་ལ་ཆོག་མཆན་སྤྲད་པ།

སྤྱི་ལོ2007ལོར་རྒྱལ་ཁབ་ཀྱི་མེ་སྟག་འཆར་གཞིའི་རྣམ་གྲངས1དང་། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ཚན་རྩལ་འཆར་གཞིའི་རྣམ་གྲངས23རེ་ཞུ་བྱས་ཡོད། པ་ཀུང་ཧྲན་སྲན་མའི་ཐོན་རྫས་བཟོ་གྲྭ་སོགས་སྲན་མའི་ཐོན་རྫས་ཁེ་ལས་བཞིར་སྤུས་ཚད་དོ་དམ་མ་ལག་གི་ཁས་ལེན་ཐོབ་པ་དང་སྲན་མའི་ཐོན་རྫས་སྣ་ཁ7ལ་རྒྱལ་ཁབ་ཀྱི་ལྗང་མདོག་ཐོན་རྫས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།

སྤྱི་ལོ2011ལོར་པ་ཀུང་ཧྲན་ཆུས་ཀྱི་ཚན་རྩལ་ཡར་ཐོན་ལ་བྱ་དགའ་སྤྲོད་པའི་བྱེད་ཐབས་གཏན་འབེབས་བྱས་ནས་བཏོན་པ་དང་། ལོ་ཧྲིལ་པོར་ཚན་རྩལ་རྣམ་གྲངས11རེ་ཞུ་བྱས་ཡོད།

སྤྱི་ལོ2012ལོར་པ་ཀུང་ཧྲན་ཆུས་སུ་ཚན་རྩལ་རྣམ་གྲངས་གསུམ་གྱི་འགྲོ་གྲོན་སྒོར་ཁྲི289དོན་འཁྱོལ་བྱས་པ་དང་། ལག་རྩལ་གསར་པ་དང་ཐོན་རྫས་གསར་པ25ནང་འདྲེན་ཁྱབ་གདལ་བཏང་། གྲོང་ཁྱེར་རིམ་པའི་ཚན་རིག་ཁྱབ་གདལ་དཔེ་སྟོན་རྟེན་གཞི2སྐྱེད་སྲིང་བྱས་པ་དང་། ཚན་རྩལ་རྣམ་གྲངས5བཀོད་སྒྲིག་བྱས་ཤིང་། ཁེ་བེད་བདག་ཐོབ76རེ་ཞུ་བྱས་པ་བཅས་རེད། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2.3མངོན་འགྱུར་བྱུང་ཡོད།

9_2 སློབ་གསོ།

སྤྱི་ལོ2005ལོར་གཏེར་ལས་ཚོགས་པའི་ཁག2པའི་སློབ་གྲྭ7བདེ་བླག་ངང་རྩིས་སྤྲད་པ་དང་། དགེ་རྒན599བསྡུ་ལེན་བྱས་ཏེ། མ་དངུལ་སྒོར་ཁྲི110བཏང་། ཁུང་ཅི་སློབ་ཆུང་དང་ཀྲང་ལོའུ་སློབ་ཆུང་གི་སློབ་ཁྲིད་ཐོག་ཁང་གསར་སྐྲུན་བྱས་པ་རེད། གྲོང་གསེབ་ཀྱི་སློབ་ཁྲིད་སྒྲིག་བཀོད་དང་སློབ་གཉེར་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད། དམངས་གཉེར་སློབ་གྲྭ1གསར་དུ་གཉེར་ཡོད།      སྤྱི་ལོ2007ལོར་མ་དངུལ་སྒོར་ཁྲི364.09དོན་འཁྱོལ་བྱས་ནས་ལོ་དགུའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་ཡོན་ཙག་ཙིག་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་གི་དཔེ་དེབ་འགྲོ་གྲོན་རྩ་ཆག་བཏང་ཞིང་། འོས་འགན་སློབ་གསོའི་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས། ཆུས་ཀྱི་སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་གཉིས་པ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་ཆུས་ཀྱི་སློབ་ཁྲིད་ཐོག་ཁང་བདུན་ལས་འགོ་བཙུགས་ཡོད། ཆུས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་བ་རེད།

སྤྱི་ལོ2010ལོར་པ་ཀུང་ཧྲན་དུ་ཆུས་ཁོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང20(གྲོང་ཁྱེར་ཁོངས་གཏོགས་ཀྱི་སློབ་འབྲིང3དང་དམངས་གཉེར་སློབ་གྲྭ2ཚུད་མེད)ཡོད་པའི་ནང་སློབ་འབྲིང4དང་སློབ་ཆུང15(གྲོང་གསེབ་ཀྱི་སློབ་ཆུང7)ཡོད་པ་དང་། སློབ་གྲྭ་འབྲིང་ཆུང་གི་ལས་ཐོག་དགེ་རྒན་དང་ལས་བཟོ1080ཡོད། སློབ་གྲྭར་ཡོད་པའི་སློབ་མ10088ཡོད། སློབ་ལོ་རན་པའི་བྱིས་པ་དང་ལོ་ཆུང་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི100ཟིན་པ་དང་། སྲ་བརྟན་བྱུང་ཚད་བརྒྱ་ཆའི99ཟིན།

9_3 རིག་གནས། 

སྤྱི་ལོ2005ལོར་ཆུས་ཡོངས་ཀྱི་རིག་གནས་བྱ་གཞག་དར་ཞིང་རྒྱས་པ་དང་མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱེད་སྒོ་ཕུན་སུམ་ཚོགས་པོ་ཡོད་པས་གྲོང་ཁྱེར་གྱི་སྐབས་གཉིས་པའི་ཞིང་པའི་ལུས་རྩལ་འགྲན་ཚོགས་ཐོག་ཆུས་ཡོངས་ཀྱི་རྣམ་གྲངས5ལ་གསེར་གྱི་རྟགས་མ་ཐོབ་ཡོད། བྱིས་པའི་ཞབས་བྲོ《ཏིལ་མའི་སྒོ་ཕྱེ་བ》ཞེས་པར་སྤྱི་ལོ2004ལོའི་ཨན་ཧུའེ་ཞིང་ཆེན་གྱི་བྱ་དགའ་རིམ་པ་གཉིས་པ་དང་ཧོའེ་ནན་གྲོང་ཁྱེར་གྱི་བྱ་དགའ་རིམ་པ་དང་པོ་ཐོབ།

སྤྱི་ལོ2012ལོར་པ་ཀུང་ཧྲན་ཆུས་དུ་ཞིང་པའི་དཔེ་དེབ་ཁང3དང་གློག་རྡུལ་ལྟ་ཀློག་ཁང2བསྐྲུན་ཡོད། སྐབས་བཅུ་དྲུག་པའི་ན་ཆུང་བྱིས་པའི་སྒྱུ་རྩལ་དུས་ཆེན་དང་། “ས་གཞི་ཆེན་པོའི་སྤྲོ་གླུའི”རིག་གནས་སྡེ་ཁུལ་དུ་སྤེལ་བ། སྐབས་གཉིས་པའི་སྡེ་ཁུལ་སྒྱུ་རྩལ་དུས་ཆེན་དང་སྐབས་བདུན་པའི“ཉི་མ་དམར་པོའི”རིག་རྩལ་མཉམ་འཁྲབ་བྱས་པ་རེད། 《སྲན་ཞོའི་ལོ་རྒྱུས》དང《པ་ཀུང་ཧྲན་གྱི་ལོ་དཔྱད》ཞེས་པ་གཉིས་དཔེ་སྐྲུན་བྱས།

9_4 འཕྲོད་བསྟེན།

སྤྱི་ལོ2005ལོར་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི117བཏང་ནས་འཆར་ལྡན་བུ་བཙའི་ལས་དོན་གྱི་ཆ་འཕྲིན་ཅན་མངོན་འགྱུར་བྱུང་བ་དང་མི་འབོར་གྱི་རང་བྱུང་འཕར་ཚད་སྟོང་ཆ་6ནང་ཚུན་དུ་ཚོད་འཛིན་བྱས་ཡོད། 

སྤྱི་ལོ2007ལོར་གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཁྲོམ་ལམ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས4དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས12འཛུགས་སྐྲུན་བྱེད་འགོ་བརྩམས། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་ལག་བསྟར་ཇུས་གཞི་བཟོས་པ་དང་། ཆུས་རིམ་པའི་དོ་དམ་ལྟེ་གནས་བཙུགས། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་ལག་བསྟར་གྲ་སྒྲིག་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་ཡོད། འཆར་ལྡན་བུ་བཙའ་དང་ཁོར་ཡུག་སྲུང་སྐྱོང་། རྒྱལ་ཁོངས་ཐོན་ཁུངས་སྲུང་སྐྱོང་བཅས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། ལོ་འཁོར་གྱི་བསྡོམས་རྩིས་ནང་མི་འབོར་སྐྱེ་ཚད7.31%ཟིན་པ་དང་། རང་བྱུང་འཕར་ཚད་3.76%ཟིན། སྲིད་ཇུས་དང་མཐུན་ཚད91.9%ཟིན་པ་དང་། ཆུས་ཡོངས་ཀྱི་གསར་སྐྱེས་མི་འབོར་གྱི་ཕོ་མོའི་བསྡུར་ཚད105.2ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད། 

སྤྱི་ལོ2012ལོ་བར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས4དང་། འཕྲོད་བསྟེན་ཞབས་ཞུའི་ས་ཚིགས25ཡུལ་ཚོའི་འཕྲོད་བསྟེན་ཁང2 གྲོང་ཚོའི་འཕྲོད་བསྟེན་ཁང21བཅས་བསྐྱར་སྐྲུན་བྱས་པ་རེད། 

དཔྱད་གཞིའི་ཡིག་ཆ།