ཏ་ཐུང་ཆུས།སྔ་མའི་པར་གཞི་དེ གདོང་བསོད་ནམས  ནས 2020-03-02 17:25ལ་འགྲུབ།

ཏ་ཐུང་ཆུས།

ཏ་ཐུང་ཆུས།
ཏ་ཐུང་ཆུས་ནི་ཨན་ཧུའེ་ཞིང་ཆེན་ཧོའེ་ནན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧོའེ་ནན་གྲོང་ཁུལ་གྱི་ཤར་རྒྱུད་དང་ཧྲུན་ཀེང་རི་བོའི་བྱང་ངོས། ཧོའེ་ཧོ་ཆུ་བོའི་ལྷོ་ངོགས་སུ་ཆགས་ཡོད་ལ། དེའི་བྱང་ཕྱོགས་སུ་ཕན་ཅི་ཆུས་དང་ཆུ་བོ་གཅིག་གིས་ཆོད་ཅིང་། ཤར་དུ་ཡའོ་ཧྲན་རི་བོ་དང་ཀའོ་ཐང་མཚེའུ་ཡོད་པ་དང་། ནུབ་ཏུ་ཐེན་ཅ་ཝན་ཆུས་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ350ཡོད་ཅིང་། སྤྱིའི་མི་གྲངས་ལ188102(སྤྱི་ལོ2011ལོ)དང་མངའ་ཁོངས་སུ་སྲང་ལམ1དང་གྲོང་རྡལ3 ཡུལ་ཚོ1བཅས་ཡོད་ལ། ཏ་ཐུང་སྲང་ལམ་དུ་ཆུས་སྲིད་གཞུང་བཙུགས་ཡོད། སྤྱི་ལོ2011ལོར་ཏ་ཐུང་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར44.7ལེགས་གྲུབ་བྱུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大通区
གཞི་ཁྱོན།
སྤྱི་ལེ་གྲུ་བཞི་མ350
མི་གྲངས།
ཁྲི18.7(སྤྱི་ལོ2017ལོའི་གཏན་སྡོད་མི་གྲངས)
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཨན་ཧུའེ་ཞིང་ཧོའེ་ནན་གྲོང་ཁྱེར།
སྲིད་གཞུང་སྡོད་གནས།
ཏ་ཐུང་སྲང་ལམ།
སྲིད་འཛིན་ཁུལ་གྱི་ཚབ་ཨང་།
340402
རླངས་འཁོར་ཚབ་ཨང་།
ཝནD (皖D)
1 ​ངོ་སྤྲོད་མདོར་བསྡུས།

ཏ་ཐུང་ཆུས་ནི་ཨན་ཧུའེ་ཞིང་ཆེན་ཧོའེ་ནན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧོའེ་ནན་གྲོང་ཁུལ་གྱི་ཤར་རྒྱུད་དང་ཧྲུན་ཀེང་རི་བོའི་བྱང་ངོས། ཧོའེ་ཧོ་ཆུ་བོའི་ལྷོ་ངོགས་སུ་ཆགས་ཡོད། དེའི་བྱང་ཕྱོགས་སུ་ཕན་ཅི་ཆུས་དང་ཆུ་བོ་གཅིག་གིས་ཆོད་ཅིང་། ཤར་དུ་ཡའོ་ཧྲན་རི་བོ་དང་ཀའོ་ཐང་མཚེའུ་ཡོད་པ་དང་། ནུབ་ཏུ་ཐེན་ཅ་ཝན་ཆུས་དང་འབྲེལ་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ350ཡོད། སྤྱིའི་མི་གྲངས་ལ188102(སྤྱི་ལོ2011ལོ)དང་མངའ་ཁོངས་སུ་སྲང་ལམ1དང་གྲོང་རྡལ3 ཡུལ་ཚོ1བཅས་ཡོད་པ་དང་། ཏ་ཐུང་སྲང་ལམ་དུ་ཆུས་སྲིད་གཞུང་བཙུགས་ཡོད། སྤྱི་ལོ2011ལོར་ཏ་ཐུང་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར44.7ལེགས་གྲུབ་བྱུང་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

ཏ་ཐུང་ཆུས་ནི་ཡོན་རྒྱལ་རབས་ཀྱི་སྔོན་དུ་རྒྱུན་པར་ཧྲོའུ་ཀྲུའུ་ཡི་ཁོངས་སུ་གཏོགས།

ཡོན་རྒྱལ་རབས་ཀྱི་ཀྲི་ཡོན་ཁྲི་ལོ་ཉེར་བརྒྱད་པར(སྤྱི་ལོ1291ལོ)ཧོའེ་ཡོན་རྫོང་བཙུགས་པ་དང་དེའི་ཁོངས་སུ་གཏོགས།

ཡོན་དང་། མིང་། ཆིང་རྒྱལ་རབས་བཅས་ནས་བཅིངས་འགྲོལ་གྱི་སྔ་ནུབ་ཏུ་ཧའེ་ཡོན་རྫོང་གི་མངའ་འོག་ཏུ་གཏོགས།

ཆིང་རྒྱལ་རབས་ཀྱི་ཞོན་ཐུང་ཁྲི་ལོ་གཉིས་པར(སྤྱི་ལོ1910ལོ)ཞའོ་རྫོང་གི་ཏོན་ཧྲུའུ་ཡུན་སོགས་ཆུས་ཁོངས་སུ་རྡོ་སོལ་གཏེར་ཁ་གྲབས་འཛུགས་བྱེད་པར་ཡོང་བ་དང་། སྤྱི་ལོ1911ལོར“ཏ་ཐུང་རྡོ་སོལ་ཀུང་ཟི”དངོས་སུ་ཐོ་འགོད་བྱས་པ་ནི“ཏ་ཐུང”ཞེས་པའི་མིང་གི་འབྱུང་ཁུངས་ཡིན།

ཀྲུང་ཧྭ་མིན་གོའི་སྲིད་ལོ་བཅུ་དགུ་བའི(སྤྱི་ལོ1930ལོ)ཟླ3པའི་ཚེས27ཉིན། རྒྱལ་དམངས་སྲིད་གཞུང་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་མ་དངུལ་བཏང་སྟེ། ཅིའུ་ལུང་ཀང་དུ་ཧོའེ་ནན་སོལ་གཏེར་ཅུས་བཙུགས་པ་ནི་གཞུང་གཉེར་ཧོའེ་ནན་སོལ་གཏེར་གྱི་མགོ་ཁུངས་ཡིན། ཀྲུང་ཧྭ་མིན་གོའི་སྲིད་ལོ་ཉེར་བདུན་པའི(སྤྱི་ལོ1938ལོ)ཟླ6པར་འཇར་པན་བཙན་འཛུལ་དམག་གིས་ཏ་ཐུང་དང་ཅིའུ་ལུང་ཀང་རྡོ་སོལ་གཏེར་ཁ་ཧམ་འཕྲོག་བྱས། ཀྲུང་ཧྭ་མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོ)འཇར་པན་གིས་མགོ་བཏགས་པ་དང་། ཏ་ཐུང་གཏེར་ཁུངས་དང་ཅིའུ་ལུང་གཏེར་ཁུངས་རྣམས་རྒྱལ་དམངས་སྲིད་གཞུང་དང་སུང་ཙི་ཝུན་འབྱོར་ལྡན་ཚོགས་པས་སླར་ཡང་རྩིས་ལེན་བྱས་པ་རེད། མིན་གོའི་དུས་སྐབས་སུ་ཧོའེ་ནན་གཏེར་ཁུལ་ཆགས་པ་དང་བསྟུན་ནས་དོན་དངོས་ཀྱི་བདག་སྤྲོད་བྱེད་ཁོངས་སུ་ལུའོ་ཧོ་དང་ཧྲང་ཡའོ་ས་ཁུལ་ནི་ཧོའེ་ཡོན་ཆུས་ཀྱི་ཁོངས་སུ་གཏོགས་པ་དང་། ཏ་ཐུང་དང་ཅིའུ་ལུང་ཀང་ས་ཁུལ་ནི་གཏེར་ཁུལ་གྱི་བདག་སྤྲོད་བྱེད་ཁོངས་སུ་གཏོགས།

སྤྱི་ལོ1949ལོའི་ཟླ1པོའི་ཚེས18ཉིན་ཏ་ཐུང་བཅིངས་འགྲོལ་ཐོབ་རྗེས། ཏ་ཐུང་དང་ཅིའུ་ལུང་ཀང་གཉིས་སུ་ཡུལ་ཚོ་སྲིད་གཞུང་ཁོངས་གཏོགས་ཀྱི་ཧོའེ་ནན་སོལ་གཏེར་དམིགས་བསལ་སྲིད་འཛིན་ཁུལ་སོ་སོར་བཙུགས། སྤྱི་ལོ1949ལོའི་ཟླ11པར་ཏ་ཐུང་གྲོང་རྡལ་དང་ཅིའུ་ལུང་ཀང་གྲོང་རྡལ་དུ་བསྒྱུར་ནས་ཧོའེ་ནན་གཏེར་ཁུལ་གྱི་ཁོངས་སུ་གཏོགས་པ་རེད།

སྤྱི་ལོ1950ལོའི་ཟླ9པ་ནས་སྤྱི་ལོ1953ལོའི་ཟླ5པའི་བར་ཧོའེ་ནན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཁོངས་སུ་གཏོགས་པ་རེད།

སྤྱི་ལོ1967ལོའི་ཟླ1པོར་གྱེན་ལོག་ཕྱོགས་ཁག་གི“དབང་འཕྲོག་”པ་དང་། ཏང་སྲིད་ལས་ཁུངས་ཀྱི་ནུས་པ་ཤོར་ནས“གཡོན་སྐྱོར”རུ་དཔུང་གིས་དམག་དོན་དོ་དམ་ལག་བསྟར་བྱས།

སྤྱི་ལོ1968ལོའི་ཟླ3པའི་ཚེས28ཉིན། ཏ་ཐུང་ཁུལ་དུ་ཤར་རླུང་ཁུལ་དུ་མིང་བསྒྱུར། ཤར་རླུང་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་ནས། དེ་སྔའི་སྲིད་གཞུང་གི་བྱ་བའི་ལས་ཁུངས་མེད་པར་བཟོས་ཏེ། གཞུང་ལས་ཁང་དང་། ཆབ་སྲིད་པུའུ། ཐོན་སྐྱེད་བཀོད་འདོམས་པུའུ་དང་མི་དམངས་བདེ་སྲུང་པུའུ་བཙུགས། གཞི་རིམ་དུའང་དེ་དང་བསྟུན་ནས་གསར་བརྗེའི་ཨུ་ཡོན་ལྷན་ཁང་ངམ་གསར་བརྗེའི་འགོ་ཁྲིད་ཚོ་ཆུང་བཙུགས་པ་རེད།

སྤྱི་ལོ1972ལོའི་ཟླ7པར། གྲོང་ཁྱེར་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་བརྡ་སྦྱོར་ལྟར། “རིག་གནས་གསར་བརྗེ་ཆེན་པོའི”ཐོག་མའི་མིང་བསྒྱུར་བའི་ཏུང་ཧྥེང་ཆུས་དེ་ཏ་ཐུང་ཁུལ་དུ་སླར་གསོ་བྱས།

སྤྱི་ལོ1980ལོའི་ཟླ8པར། ཏ་ཐུང་ཆུས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་བསྡུས་ཏེ། ཏ་ཐུང་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་དེ་ཏ་ཐུང་ཆུས་མི་དམངས་སྲིད་གཞུང་ཞེས་པར་བསྒྱུར།

སྤྱི་ལོ1983ལོའི་ཟླ5པར། ཞིང་ལས་ཐོན་སྐྱེད་སྒྲིག་སྲོལ་བཅོས་བསྒྱུར་གྱི་དགོངས་དོན་ལྟར། མི་དམངས་ཀུང་ཧྲེ་མེད་པར་བཟོས་ཏེ། ཡུལ་ཚོ་མི་དམངས་སྲིད་གཞུང་གསར་དུ་བཙུགས།

3 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ1953ལོའི་ཟླ5པ་ནས་སྤྱི་ལོ1955ལོའི་ཟླ3པའི་བར་དུ། ཏ་ཐུང་དང་ཅིའུ་ལུང་ཀང་གྲོང་རྡལ་གཉིས་མེད་པར་བཟོས་ཏེ། ཏ་ཐུང་དང་ཅིའུ་ལུང་ཀང་ཁུལ་གཉིས་ཀྱི་མི་དམངས་སྲིད་གཞུང་བཙུགས།

སྤྱི་ལོ1955ལོའི་ཟླ4པའི་ཚེས1ཉིན་ཏ་ཐུང་དང་ཅིའུ་ལུང་ཀང་ཁོའོ་རིམ་པའི་ཁུལ་གཉིས་མེད་པར་བཟོས་ནས་རྫོང་རིམ་པའི་གྲོང་ཁྱེར་ཁོངས་གཏོགས་ཏ་ཐུང་ཆུས་ཟླ་སྒྲིལ་བཏང་ནས་བཙུགས་པ་རེད། དེའི་ཁོངས་སུ་ཏ་ཐུང་དང་ཅིའུ་ལུང་ཀང་གཉིས་ཀྱིས་གྲོང་ཁུལ་དང་གསར་དུ་བཙུགས་པའི་ཤ་ཡུས་ཡུལ་ཚོ་བཙུགས་ཡོད། ཟླ12པར་ཞ་ཡུས་ཡུལ་ཚོ་ཡང་གྲོང་འདབས་ཁུལ་གྱི་སྲིད་གཞུང་གི་མངའ་འོག་ཏུ་བཅུག

སྤྱི་ལོ1965ལོའི་ཟླ12པར་ཏ་ཐུང་དུ་སྲང་ལམ་དོན་གཅོད་ཁང་བཙུགས། དེའི་རིང་གྲོང་གསེབ་ཀྱི་རྒྱ་ཁྱོན་ཆེ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྣོལ་འདྲེས་བྱུང་བ། སྲིད་དབང་འཛུགས་སྐྱོང་བར་བརྒལ་གྱི་གནས་སུ་གྱར་བ། ལྗོངས་ཡོངས་སུ་གཅིག་གྱུར་གྱི་སྲིད་དབང་འགོ་ཁྲིད་སྒྲིག་གཞི་ཆགས་མེད། གྲོང་གསེབ་དང་གྲོང་ཁྱེར། བཟོ་གཏེར་སོགས་ནི་སོ་སོའི་གོང་རིམ་གྱི་འགོ་ཁྲིད་ཀྱི་ཁོངས་སུ་གཏོགས་པ་དང་། ས་ཁོངས་ཀྱི་གཏོགས་ཁོངས་ཀྱང་རྟག་ཏུ་འགྱུར་ལྡོག་འགྲོ་གི་ཡོད།

སྤྱི་ལོ1969ལོའི་ཟླ3པར། ལུའོ་ཧོ་དང་ཡའོ་ཧོ། ཧྲང་དོང་། ཀུང་ཅི་བཅས་མི་དམངས་ཀུང་ཧྲེ4ཏ་ཐུང་གི་ཁོངས་གཏོགས་ཁུལ་དུ་བགོས། དེ་ནས་བཟུང་། ཏ་ཐུང་ཁུལ་གྱི་ས་ཁོངས་ཀྱི་དབྱེ་མཚམས་དང་ཁོངས་གཏོགས་ནི་གཞི་རྩའི་གཏན་ཁེལ་ཡིན་པ་སྟེ། ཁོངས་གཏོགས་ཏ་ཐུང་དང་ཅིའུ་ལུང་ཀང་སྲང་ལམ་གཉིས་ཏེ། ཡའོ་ཧོ་དང་ཡའོ་ཧོ། ལུའོ་ཧོ། ཀུང་ཅི། ཧོའེ་ཧྥེང་བཅས་མི་དམངས་ཀུང་ཧྲེ5ཡོད། 

སྤྱི་ལོ1984ལོའི་ཟླ12པར་ལུའོ་ཧོ་ཡུལ་ཚོ་དང་ཧྲང་ཡའོ་ཡུལ་ཚོ་མེད་པར་བཟོས་ནས། ལུའོ་ཧོ་གྲོང་རྡལ་དང་ཧྲང་ཡའོ་གྲོང་རྡལ་དུ་བསྒྱུར། སྐབས་དེར་ཏ་ཐུང་ཆུས་ཀྱི་མངའ་འོག་ཏུ་ཡའོ་དང་ལུའོ་ཧོ་གྲོང་རྡལ་གཉིས་དང་ཡའོ་ཧོ་དང་ཀུང་ཅི། ཧོའེ་ཧྥེང་བཅས་ཡུལ་ཚོ་གསུམ། ཏ་ཐུང་དང་ཅིའུ་ལུང་ཀང་སྲང་ལམ་གཉིས་བཅས་ཡོད།

སྤྱི་ལོ1992ལོའི་ཟླ2པར། ཁོངས་གཏོགས་ཀྱི་ཡུལ་ཚོ་གསུམ་དང་གྲོང་རྡལ་གཉིས། སྲང་ལམ་གཉིས་མེད་པར་བཟོས་ནས་གྲོང་རྡལ་གསུམ་དང་སྲང་ལམ་གཅིག་ཏུ་བཏང་ཞིང་། ཧྲང་ཡའོ་གྲོང་རྡལ་དང་ཡའོ་ཧོ་ཡུལ་ཚོ་ཟླ་སྒྲིལ་བཏང་ནས་ཧྲང་ཡའོ་གྲོང་རྡལ་གསར་པ་བཙུགས་པ་དང་། ལུའོ་ཧོ་གྲོང་རྡལ་དང་ཀུང་ཅི་ཡུལ་ཚོ་ཟླ་སྒྲིལ་བཏང་ནས་ལུའོ་ཧོ་གྲོང་རྡལ་གསར་པ་བཙུགས་པ་དང་། ཧོའེ་ཧྥུང་ཡུལ་ཚོ་དང་བརྒྱད་ཟིལ་སྒང་གི་སྲང་ལམ་ཟླ་སྒྲིལ་བཏང་ནས་དགུ་ལོང་སྒང་གྲོང་རྡལ་གསར་པ་བཙུགས་ཡོད། ཏ་ཐུང་སྲང་ལམ་རང་སོར་བཞག

སྤྱི་ལོ2004ལོར་དེ་སྔའི་ཁྲང་ཧྥེང་རྫོང་ཁུང་ཏེན་ཡུལ་ཚོ་དེ་ཏ་ཐུང་ཆུས་ཀྱི་དོ་དམ་བྱེད་ཁོངས་སུ་བཅུག་ཡོད། དེ་ནས་བཟུང་ཏ་ཐུང་ཆུས་ཁོངས་སུ་ཧྲང་ཡའོ་གྲོང་རྡལ་དང་། ལུའོ་ཧོ་གྲོང་རྡལ། ཅིའུ་ལུང་ཀང་གྲོང་རྡལ། ཁུང་ཏེན་ཡུལ་ཚོ་། ཏ་ཐུང་སྲང་ལམ་བཅས་ཡོད།

སྤྱི་ལོ2007ལོར་ཏ་ཐུང་ཆུས་ཀྱི་ཁོངས་གཏོགས་སུ་སྲང་ལམ1ཡོད་པ་སྟེ། ཏ་ཐུང་སྲང་ལམ་དང་། གྲོང་རྡལ3ཧྲང་ཡའོ་གྲོང་རྡལ་དང་། ལུའོ་ཧོ་གྲོང་རྡལ། ཅིའུ་ལུང་ཀང་གྲོང་རྡལ། ཡུལ་ཚོ1ཁུང་ཏེན་ཡུལ་ཚོ་བཅས་ཡོད། 

4 གནས་ཡུལ།

ཏ་ཐུང་ས་ཁུལ་ནི་ཧོའེ་ནན་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་པ་དང་། ཧོའེ་ཧོ་ཆུ་བོའི་ལྷོ་ངོགས་དང་ཧྲུན་ཀེང་རི་བོའི་བྱང་འདབས་སུ་ཆགས་ཡོད། ཤར་ངོས་ཏིང་ཡོན་དང་ཧྥེང་དབྱང་། ཧོའེ་ཡོན་བཅས་ཀྱི་འབྲེལ་མཚམས་དང་། ལྷོ་ངོས་ཁྲང་ཧྥེང་དང་ཉེ་བར་བཅར་ཡོད་ལ། ནུབ་ངོས་ཐེན་ཅ་ཅི་ཆུས་དང་ས་མཚམས་འབྲེལ་ཡོད་ཅིང་། བྱང་ངོས་ཕན་ཅི་ཆུས་དང་ཧོའེ་ཧོ་ཆུ་བོ་དང་ཁ་སྤྲོད་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ350ཙམ་ཡོད།

5 དཔལ་འབྱོར་འཕེལ་རྒྱས།

སྤྱི་ལོ2011ལོར་ཏ་ཐུང་ཆུས་ཀྱི་ལོ་ཧྲིལ་པོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར44.7ལེགས་གྲུབ་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2010ལོ་ལས12.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར5.0ཟིན་པ་དེ་སྤྱི་ལོ2010ལོ་ལས3.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར30.7ཟིན་པ་དེ་སྤྱི་ལོ2010ལོ་ལས14.4%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར9.0ཟིན་པ་དེ་སྤྱི་ལོ2010ལོ་ལས་8.7%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་སྤྱི་ལོ2011ལོའི9.6:69.3:21.1ནས11.1:68.7:20.2ལ་ལེགས་སྒྲིག་བྱས་ཤིང་། དེའི་ནང་བཟོ་ལས་འཕར་ཐང་གིསGDPནང་བཟུང་བའི་བསྡུར་ཚད60.2%ཟིན་པ་དེ་སྤྱི་ལོ2011ལོ་ལས་བརྒྱ་ཆའི0.8མར་ཆག་ཡོད། མི་རེའི་ཆ་སྙོམསGDPསྒོར23764ཟིན་པ་དེ་སྤྱི་ལོ2010ལོ་ལས10.8%འཕར་ཡོད།

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོ།

སྤྱི་ལོ2011ལོར་ཏ་ཐུང་ཆུས་ཀྱིས་སློབ་གྲྭ38སྲ་བརྟན་དུ་བཏང་བར་ཁྱོན་སྨི་གྲུ་བཞི་མ་ཁྲི5.72ཅན་གྱི་སློབ་གྲྭའི་ཉལ་ཁང་ཡོད་པ་དང་། ཏ་ཐུང་ཆུས་ཀྱི་རིགས་ཁག་གི་འབྲིང་རིམ་ལས་རིགས་སློབ་གསོའི(ལག་རྩལ་བཟོ་པའི་སློབ་གྲྭ་ཚུད་མེད)སློབ་གྲྭར་ཡོད་པའི་སློབ་མ6132ཡོད། མཐོ་འབྲིང་དཀྱུས་མའི་སློབ་གྲྭར་ཡོད་པའི་སློབ་མ2148ཡོད་ལ། འོས་འགན་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མ16471ཡོད་པའི་ནང་དམའ་རིམ་སློབ་འབྲིང་གི་སློབ་མ6681དང་སློབ་ཆུང་གི་སློབ་མ9790ཡོད། སློབ་ལོ་ལོན་པའི་བྱིས་པ་སློབ་ཆུང་གི་སློབ་ཞུགས་བྱེད་ཚད་དང་དམའ་རིམ་སློབ་འབྲིང་གི་སློབ་ལོ་ལོན་པའི་མི་འབོར་གྱི་སློབ་ཞུགས་བྱེད་ཚད100%དང99%སོ་སོར་ཟིན་ཡོད།

6_2 འཕྲོད་བསྟེན།

སྤྱི་ལོ2011ལོར་ཏ་ཐུང་ཆུས་སུ་འཕྲོད་བསྟེན་སྒྲིག་གཞི101ཡོད་པའི་ནང་སྨན་ཁང2དང་། འཕྲོད་བསྟེན་ཁང4སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)21བུད་མེད་དང་ཕྲུ་གུའི་བདེ་སྲུང་ཁང(སོའོ་དང་ས་ཚིགས)1ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས1འཕྲོད་བསྟེན་ལྟ་སྐུལ་ཁང1བཅས་ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ910ཡོད་པའི་ནང་ལས་གཉེར(ལས་རོགས)སྨན་པ361དང་སྨན་གཡོག367ཐོ་འགོད་བྱས་ཡོད། སྨན་ཁང་དང་འཕྲོད་བསྟེན་ཁང་གི་ཉལ་ཁྲི1204ཡོད།

སྤྱི་ལོ2011ལོར་ཏ་ཐུང་སྲང་ལམ་གི་སྨི་གྲུ་བཞི་མ4800ཟིན་པའི་སྤྱི་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་བ་དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས3བསྐྱར་སྐྲུན་རྒྱས་སྐྲུན་བྱས། གྲོང་ཚོ་འཕྲོད་བསྟེན་ཁང50ཡི་ཆ་འཕྲིན་དོ་དམ་མ་ལག་ལས་སྟེགས་བསྐྲུན་ཟིན་པ་བཅས་རེད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པ་བརྟན་པོའི་ངང་སྐུལ་སྤེལ་བཏང་བས་མཉམ་ལས་སྨན་བཅོས་ནང་ཞུགས་ཚད104.3%ཟིན་ཡོད།

6_3 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2011ལོར་ཏ་ཐུང་ཆུས་ཀྱི་ལས་ཞུགས་མི་སྣ21204ཡོད་པ་དེ་སྤྱི་ལོ2010ལོ་ལས15.2%འཕར་ཡོད། དེའི་ནང་ལས་གནས་ཐོག་ཡོད་པའི་ལས་བཟོ་བ19968ཡོད་པ་དེ་སྤྱི་ལོ2010ལོ་ལས18.6%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས5108འཕར་བ་དང་། སྤྱི་ལོ2011ལོའི་ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཐོ་འགོད་བྱས་པའི་ལས་ཤོར་མི་གྲངས89ཟིན་ལ། ཐོ་འགོད་བྱས་པའི་ལས་ཀ་ཤོར་ཚད3.85%ཟིན་ཡོད།

སྤྱི་ལོ2011ལོར་ཏ་ཐུང་ཆུས་ཀྱིས་རིམ་རྩིས་བྱས་ན་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་མི་ཐེངས་ཁྲི6.38འགན་ལེན་བྱས་པ་དང་། མ་མཐའི་འཚོ་བ་འགན་ལེན་མ་དངུལ་སྒོར་ཁྲི1453.7སྤྲད་པ་དེ་སྤྱི་ལོ2010ལོ་ལས15.9%འཕར་བ་དང་། རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་མི་ཐེངས་ཁྲི4.82འགན་ལེན་བྱས་པ་དང་མ་དངུལ་སྒོར་ཁྲི596.5སྤྲད་པ་དེ་སྤྱི་ལོ2010ལོ་ལས22.5%འཕར་ཡོད། སྤྱི་ལོ2011ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་རིགས་ཁག་གི་གསོ་ཉར་རང་བཞིན་གྱི་སྤྱི་ཚོགས་ཕན་བདེ་ཁང་གི་ཉལ་ཁྲི522ཡོད་པ་དང་རིགས་ཁག་གི་མི་སྣ369གསོ་ཉར་བྱས་ཡོད། 

དཔྱད་གཞིའི་ཡིག་ཆ།