ཀུའུ་ཀྲེན་རྫོང་།སྔ་མའི་པར་གཞི་དེ གདོང་བསོད་ནམས  ནས 2020-02-19 11:26ལ་འགྲུབ།

ཀུའུ་ཀྲེན་རྫོང་།

ཀུའུ་ཀྲེན་རྫོང་།
ཀུའུ་ཀྲེན་རྫོང་ནི་ཨན་ཧུའེ་ཞིང་ཆེན་པེང་པུའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཨན་ཧུའེ་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་ཧོའེ་ཧོ་ཆུ་བོའི་དབུས་རྒྱུད་ཀྱི་བྱང་ངོགས་སུ་ཆགས་ཤིང་། ལྷོ་རུ་པེ་ཧྥེ་ཧོ་གཙང་པོ་དང་པེང་པུའུ་གྲོང་ཁྱེར་གྱི་ཉེ་འདབས་དང་འབྲེལ་ཡོད་པ་དང་། བྱང་དུ་ཐུའོ་ཧོ་གཙང་པོ་དང་ལིན་པེ་རྫོང་གཉིས་ཕན་ཚུན་ཁ་གཏད་དུ་གནས་ཡོད་ལ། ཤར་དུ་ཝུའུ་ཧོ་རྫོང་དང་འབྲེལ་ཞིང་ལྷོ་ནུབ་ཏུ་ཧོའེ་ཡོན་རྫོང་དང་འབྲེལ་ཡོད། ནུབ་བྱང་དུ་སུའུ་ཀྲོའུ་ཅན་ཆའོ་ཆུས་ཀྱི་ས་མཚམས་དང་ཉེ་བར་བཅར་ཞིང་། ས་བབ་ནི་ཅུང་གསེག་པའི་བདེ་ཐང་དང་། ཚ་ཁུལ་ཕལ་བ་དང་དྲོད་ཁུལ་གྱི་བར་བརྒལ་ས་ཁུལ་དུ་གནས་ཡོད། སའི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1363ཡོད། ཀུའུ་ཀྲེན་རྫོང་གི་ལོ་རྒྱུས་ཀྱི་རྒྱུན་ཤིན་ཏུ་རིང་ཞིང་། ཧན་ཀའོ་ཙུའུ་ལིའུ་པང་གིས་དེ་གར་ཀུའུ་དབྱང་རྫོང་བཙུགས་པའི་རྗེས་ཤུལ་ད་དུང་གནས་ཡོད། ཝེ་བྱང་མའི་ཐའེ་ཧོ་ཡིས་ལོ་དེར་ཀུའུ་དབྱང་གྲོང་རྡལ་དུ་བསྒྱུར་བ་དང་། སྤྱི་ལོ་སྔོན་གྱི202ལོར། མིང་དུ་གྲགས་པའི“ཧའེ་ཞ་དམག་འཁྲུག”དེ་ཀུའུ་ཀྲེན་མངའ་ཁོངས་སུ་ལངས་པ་དང་ཆབས་ཅིག ཧན་རྒྱལ་རབས་ཀྱི་ལོ་ངོ400ཡི་གཞི་རྩའི་ལས་རིགས་ཀྱི་འགོ་བརྩམས་ཤིང་། གནའ་རྫས་རྟོག་ཞིབ་པས་ལོ་ངོ4600ལྷག་གི་སྔོན་གྱི་ཧའེ་ཞ་ཧྲི་ཆན་མཁར་གྱི་གནས་ཡུལ་རྙེད་པ་དེར“ཏ་ཝུན་ཁོའུ་རིག་གནས་གྲོང་དང་པོ”ཞེས་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
固镇县
ཕྱི་ཡིག་གི་མིང་།
Guzhen County
གཞི་ཁྱོན།
སྟོང་སྨི་གྲུ་བཞི་མ1363
མི་གྲངས།
ཁྲི99(སྤྱི་ལོ2017ལོའི་རྒྱུན་སྡོད་མི་གྲངས)
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ནམ་ཟླ།
ཚ་ཁུལ་ཕལ་བ་དང་དྲོད་འཇམ་བར་བརྒལ་ཁུལ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཏུང་།
མངའ་ཁོངས།
བྱེད་ནུས་ཁུལ2 གྲོང་རྡལ8དང་ཡུལ་ཚོ3
སྲིད་གཞུང་སྡོད་གནས།
ཝོ་པེ་ཁུལ་གསར་ཡུས་ཏུའུ་ལམ་ཆེན་ཨང501པ།
མཛེས་ལྗོངས་གྲགས་ཅན།
ཀུའུ་ཀྲེན་རྫོང་ཀུའུ་ཞ་གནའ་ཤུལ་དང་ཀུའུ་དབྱང་ཁྲེང་གནའ་ཤུལ། ཀྲང་ཅ་མཚེའུ་འདམ་ར། གྲོང་ནུབ་སྤྱི་གླིང་སོགས།
མེ་འཁོར་འབབ་ཚུགས།
ཀུའུ་ཀྲེན་འབབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
0552
རླངས་འཁོར་ཚབ་ཨང་།
ཝནC
སྦྲག་སྲིད་ཨང་རྟགས།
233700
1 ​ངོ་སྤྲོད་མདོར་བསྡུས། 

ཀུའུ་ཀྲེན་རྫོང་ནི་ཨན་ཧུའེ་ཞིང་ཆེན་པེང་པུའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཨན་ཧུའེ་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་ཧོའེ་ཧོ་ཆུ་བོའི་དབུས་རྒྱུད་ཀྱི་བྱང་ངོགས་སུ་ཆགས་ཤིང་། ལྷོ་རུ་པེ་ཧྥེ་ཧོ་གཙང་པོ་དང་པེང་པུའུ་གྲོང་ཁྱེར་གྱི་ཉེ་འདབས་དང་འབྲེལ་ཡོད། བྱང་དུ་ཐུའོ་ཧོ་གཙང་པོ་དང་ལིན་པེ་རྫོང་གཉིས་ཕན་ཚུན་ཁ་གཏད་དུ་གནས་ཡོད་ལ། ཤར་དུ་ཝུའུ་ཧོ་རྫོང་དང་འབྲེལ་ཞིང་ལྷོ་ནུབ་ཏུ་ཧོའེ་ཡོན་རྫོང་དང་འབྲེལ་ཡོད། ནུབ་བྱང་དུ་སུའུ་ཀྲོའུ་ཅན་ཆའོ་ཆུས་ཀྱི་ས་མཚམས་དང་ཉེ་བར་བཅར་ཞིང་། ས་བབ་ནི་ཅུང་གསེག་པའི་བདེ་ཐང་ཡིན་ལ། ཚ་ཁུལ་ཕལ་བ་དང་དྲོད་ཁུལ་གྱི་བར་བརྒལ་ས་ཁུལ་དུ་གནས་ཡོད། སའི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1363ཡོད།

ཀུའུ་ཀྲེན་རྫོང་གི་ལོ་རྒྱུས་ཀྱི་རྒྱུན་ཤིན་ཏུ་རིང་ཞིང་། ཧན་ཀའོ་ཙུའུ་ལིའུ་པང་གིས་དེ་གར་ཀུའུ་དབྱང་རྫོང་བཙུགས་པའི་རྗེས་ཤུལ་ད་དུང་གནས་ཡོད། ཝེ་བྱང་མའི་ཐའེ་ཧོ་ཡིས་ལོ་དེར་ཀུའུ་དབྱང་གྲོང་རྡལ་དུ་བསྒྱུར་བ་དང་། སྤྱི་ལོ་སྔོན་གྱི202ལོར། མིང་དུ་གྲགས་པའི“ཧའེ་ཞ་དམག་འཁྲུག”དེ་ཀུའུ་ཀྲེན་མངའ་ཁོངས་སུ་ལངས་པ་དང་ཆབས་ཅིག ཧན་རྒྱལ་རབས་ཀྱི་ལོ་ངོ400ཡི་གཞི་རྩའི་ལས་རིགས་ཀྱི་འགོ་བརྩམས་ཤིང་། གནའ་རྫས་རྟོག་ཞིབ་པས་ལོ་ངོ4600ལྷག་གི་སྔོན་གྱི་ཧའེ་ཞ་ཧྲི་ཆན་མཁར་གྱི་གནས་ཡུལ་རྙེད་པ་དེར“ཏ་ཝུན་ཁོའུ་རིག་གནས་གྲོང་དང་པོ”ཞེས་འབོད་པ་དང་། པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ101མངའ་ཁོངས་ཧྲིལ་པོར་ཁྱབ་ཅིང་། ཉིང་ལུའོ་མྱུར་བགྲོད་ལྕགས་ལམ་དང་ཧོ་ཞུས་མྱུར་བགྲོད་ལྕགས་ལམ་གྱི་འགྲམ་དུ་བསྐྱོད་ཅིང་། པེང་ཀུའུ་རིམ་པ་དང་པོའི་གཞུང་ལམ་བསྐྲུན་ཚར་ནས་རླངས་འཁོར་ཤར་གཏོང་བྱུང་བ་དང་། ཆུ་ཐོག་སྐྱེལ་འདྲེན་ཧའེ་ཧོ་གཙང་བོ་བརྒྱུད་དེ་འབྲི་ཆུར་བརྒལ་ཐུབ་པ་རེད།

སྤྱི་ལོ2018ལོའི་བར་ཀུའུ་ཀྲེན་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ8དང་ཡུལ་ཚོ3ཡོད་པ་དང་། གཞན་ཡང་བྱེད་ནུས་པའི་ཁུལ2ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར240.74ཡོད་ཅིང་། སྤྱིའི་མི་འབོར་ཁྲི65.86ཟིན་ཡོད་པ་རེད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

ཆིན་རྒྱལ་རབས་ཀྱི་སྐབས་སུ་སི་ཧྲུའེ་ཅུན་གྱི་ཁོངས་སུ(དེང་གི་ཨན་ཧུའེ་ཧོའེ་ཧོ་ཆུ་བོའི་བྱང་རྒྱུད་ཞང་ཧྲན་ཁུལ)གཏོགས།

རྒྱལ་ཁབ་གསུམ་གྱི་སྐབས་སུ་ཀུའུ་དབྱང་རྫོང་མེད་པར་བཟོས་ནས་ཞའོ་རྫོང་དང་ཆི་རྫོང་གྱི་ཁོངས་སུ་བསྡུས་པ་དང་། ཝེ་རྒྱལ་ཁབ་ཀྱི་ཡུས་ཀྲོའུ་ཆའོ་ཅུན་གྱི་ཁོངས་སུ་གཏོགས་པར་བྱས།

ཅིན་རྒྱལ་རབས་ནུབ་མའི་དུས་སུ། ཞའོ་རྫོང་ཕའེ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས།

ཡོན་རྒྱལ་རབས་ཀྱི་ཀྲི་ཡོན་ཁྲི་ལོ་གཉིས་པར(སྤྱི་ལོ1265ལོ)ཆི་རྫོང་དང་ལིན་པེ་རྫོང་གཉིས་ཟླ་བསྒྲིལ་བཏང་ནས་སུའུ་ཀྲོའུ་ཡི་ཁོངས་སུ་གཏོགས་པར་བྱས། ཡོན་ཀྲི་ཁྲི་ལོ་བཞི(སྤྱི་ལོ1267)པར་ལིན་པེན་རྫོང་བསྐྱར་གསོ་བྱས་ཏེ་སི་ཀྲོའུ་ཡི་ཁོངས་སུ་བསྡུས།

མིང་རྒྱལ་རབས་ཀྱི་ཧུང་ཝུའུ་ཁྲི་ལོ12(སྤྱི་ལོ1379ལོ)པར་ཀུའུ་ཀྲེན་རྫོང་ནི་ཧྥེང་དབྱང་ཧྥུ(ཀྲི་ཧྥེང་དབྱང)ཡི་ཧྥེང་དབྱང་རྫོང་དང་ཧོའེ་ཡོན་རྫོང་། སུའུ་ཀྲོའུ་རྫོང་བཅས་སུ་གཏོགས། 

སྤྱི་ལོ1949ལོར་ཀུའུ་ཀྲེན་རྫོང་ནི་སུའུ་རྫོང་དང་ལིན་པེ་རྫོང་། ཝུའུ་ཧོ་རྫོང་། ཧོའེ་ཡོན་རྫོང་བཅས་ཀྱི་ཁོངས་སུ་གཏོགས་པ་དང་། ཝན་པེ་སྲིད་འཛིན་ཀུང་ཧྲུའུ་སུའུ་རྫོང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས་ཡོད། སྤྱི་ལོ1961ལོའི་ཟླ4པར་སུའུ་རྫོང་ཀྲོན་ཆུས་སུ་བསྐྱར་དུ་བཙུགས་པ་དང་ཀུའུ་ཀྲེན་རྫོང་ཁོངས་སུའུ་རྫོང་ཀྲོན་ཆུས་ཀྱི་དོ་དམ་བྱེད་ཁོངས་སུ་གཏོགས།

སྤྱི་ལོ1964ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སུའུ་རྫོང་དང་ལིན་པི་ཝུའུ་ཧོ། ཧོའེ་ཡོན་རྫོང་བཅས་རྫོང4ཡི་སྲིད་འཛིན་ས་ཁོངས་ཁག་སོ་སོར་ཀུའུ་ཀྲེན་རྫོང་འཛུགས་རྒྱུ་དང་། སྤྱི་ལོ1965ལོའི་ཟླ7པའི་ཚེས1ཉིན་ཀུའུ་ཀྲེན་རྫོང་ཀུའུ་ཀྲེན་རྫོང་གིས་ཀུའུ་ཀྲེན་སྐྱོང་ཁུལ་བྱས་ཏེ་དངོས་སུ་བཙུགས་པ་དང་། སུའུ་རྫོང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས་པ་རེད།

སྤྱི་ལོ1983ལོའི་ཟླ7པའི་ཚེས1ཉིན། ཀུའུ་ཀྲེན་རྫོང་དེ་སུའུ་རྫོང་ས་ཁུལ་ནས་པེང་པུའུ་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག

3 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ1980ལོའི་ཟླ1པོར་ཆུས8དང་གྲོང་རྡལ1 ཀུང་ཧྲེ50བཅས་བཙུགས་ཡོད། 

སྤྱི་ལོ1983ལོའི་ཟླ3པར། ཧུའུ་ཀོའུ་ཆུས་ཀྱི་ཁོངས་སུ་གཏོགས་པའི་ཀུང་ཧྲེ5ཡུལ་ཚོ་རུ་བསྒྱུར། ལོ་དེའི་ཟླ8པའི་ཚེས8ཉིན། མ་ཁྲང་ཀུང་ཧྲེ་ནི་མ་ཁྲང་ཀུང་ཧྲེ་ཞེས་པར་བསྒྱུར།

སྤྱི་ལོ1984ལོའི་ཟླ1པོར་ཀུང་ཧྲེ་དང་། ཐོན་སྐྱེད་རུ་ཆེན། ཐོན་སྐྱེད་རུ་ཁག་བཅས་རིམ་པ་གསུམ་གྱི་དབང་བའི་ལམ་ལུགས་མེད་པར་བཟོས་པ་དང་། ཡུལ་ཚོ་དང་གྲོང་ཚོའི་རིམ་པ་གཉིས་པའི་སྲིད་འཛིན་དོ་དམ་སྒྲིག་སྲོལ(ས་ཁོངས་མི་འགྱུར)བཙུགས་ཤིང་། དེའི་ནང་ཅིའུ་ཝན་ཉ་ལས་ཀུང་ཧྲེ་དེ་ཧྲུའོ་ཧྲེང་ཡུལ་ཚོར་བསྒྱུར། 

སྤྱི་ལོ2018ལོའི་བར་ཀུའུ་ཀྲེན་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ8དང་ཡུལ་ཚོ3ཡོད་པ་དང་། ནུས་ལྡན་ཁུལ2བཙུགས་ཤིང་། ཀུའུ་ཀྲེན་རྫོང་མི་དམངས་སྲིད་གཞུང་ཁྲེང་ཀོན་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།  

4 གནས་ཡུལ།

ཀུའུ་ཀྲེན་རྫོང་ནི་ཨན་ཧུའེ་ཞིང་ཆེན་གྱི་བྱང་རྒྱུད་དུ་ཆགས་ཡོད་པ་དང་། བྱང་གི་འཕྲེད་ཐིག33°10′~33°30′དང་ཤར་གྱི་གཞུང་ཐིག117°02′~117°36′བར་དུ་གནས་ཤིང་། ལྷོ་རུ་པེ་ཧྥེ་ཧོ་གཙང་པོ་དང་པེང་པུའུ་གྲོང་ཁྱེར་གྱི་ཉེ་འདབས་དང་འབྲེལ་ཡོད་པ་དང་། བྱང་དུ་ཐུའོ་ཧོ་གཙང་པོ་དང་ལིན་པེ་རྫོང་གཉིས་ཕན་ཚུན་ཁ་གཏད་དུ་གནས་ཡོད། ཤར་དུ་ཝུའུ་ཧོ་རྫོང་དང་འབྲེལ་ཞིང་ལྷོ་ནུབ་ཏུ་ཧོའེ་ཡོན་རྫོང་དང་འབྲེལ་ཡོད། ནུབ་བྱང་དུ་སུའུ་ཀྲོའུ་ཅན་ཆའོ་ཆུས་ཀྱི་ས་མཚམས་དང་ཉེ་བར་བཅར་ཞིང་། ས་བབ་ནི་ཅུང་གསེག་པའི་བདེ་ཐང་ཡིན་ལ། ཚ་ཁུལ་ཕལ་བ་དང་དྲོད་ཁུལ་གྱི་བར་བརྒལ་ས་ཁུལ་དུ་གནས་ཡོད། ཤར་ནུབ་ཀྱི་ཞེང་ཚད་ལ་སྟོང་སྨི47ཙམ་ཡོད་པ་དང་། ལྷོ་བྱང་གི་རིང་ཚད་སྟོང་སྨི51ཙམ་ཡོད་། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1363ཡོད།

5 མི་གྲངས།

སྤྱི་ལོ2016ལོར་ཀུའུ་ཀྲེན་རྫོང་གི་མི་འབོར་སྐྱེ་ཚད་སྟོང་ཆའི18.1དང་འདས་ཚད་སྟོང་ཆའི3.9ཡིན་ཞིང་། རང་བྱུང་འཕར་ཚད་སྟོང་ཆའི14.2ཡིན། ལོ་མཇུག་ཏུ་ཁྱིམ་ཐོ་ཡོད་པའི་མི་འབོར་ཁྲི64.86ཟིན་པ་དེ་ལོ་གོང་མ་ལས་མི་ཁྲི0.77མང་དུ་ཕྱིན་ཡོད། དེའི་ནང་སྐྱེས་པ་ཁྲི33.86ཡོད་པ་དེས་སྤྱིའི་མི་འབོར་གྱི52.2%བཟུང་བ་དང་བུད་མེད་ཁྲི31.00ཟིན་པ་དེས་སྤྱིའི་མི་འབོར་གྱི47.8%བཟུང་ཡོད། ཕོ་མོའི་བསྡུར་ཚད(བུད་མེད་ཀྱི་མི་འབོར100)109.2:100ཡིན། རྒྱུན་སྡོད་མི་འབོར་ཁྲི56.6ཟིན་པ་དེ་ལོ་གོང་མ་ལས་མི་ཁྲི0.8འཕར་ཡོད། 

6 དཔལ་འབྱོར།

སྤྱི་ལོ2017ལོར་ཀུའུ་ཀྲེན་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར215.19ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས9.4%འཕར་བ་དང་། འཕར་ཚད་དེ་གྲོང་ཁྱེར་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི0.3གྱིས་མཐོ་བ་ཡོད་པ་དང་ལོ་ལྔ་བསྟུད་མར་རྫོང་གསུམ་གྱི་ཨང་དང་པོར་སླེབས་ཡོད། ཐོན་ལས་གསུམ་ལ་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར57.06ཟིན་ནས4.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར80.01ཟིན་ནས10.8%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར78.12ཟིན་ནས11.7%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི28.5:36.5:35.0ནས་26.5:37.2:36.3བར་ལེགས་སྒྲིག་བྱས་ཡོད།

སྤྱི་ལོ2017ལོར་ཀུའུ་ཀྲེན་རྫོང་གིས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར16.75ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས13.5%འཕར་བ་དང་། འཕར་ཚད་པང་པུའུ་གྲོང་ཁྱེར་གྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི4.2ཀྱིས་མཐོ་བ་ཡོད་པ་དང་རྫོང་གསུམ་གྱི་ཨང་དང་པོར་སླེབས་ཡོད་པ་རེད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར11.91ཟིན་ནས10.7%འཕར་བ་དང་ཁྲལ་མིན་ཡོང་འབབ་སྒོར་དུང་ཕྱུར4.49ཟིན་ནས26.2%འཕར་ཡོད།

སྤྱི་ལོ2017ལོར་ཀུའུ་ཀྲེན་རྫོང་གི་སྒོར་ཁྲི500ཡན་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས248ཡོད་པ་དེ་ལོ་གོང་མའི་དུས་མཚུངས་ལས53མང་དུ་ཕྱིན་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར239.37བཏང་བ་དེ་དུས་མཚུངས་ལས14.6%འཕར་བ་དེ་ཟླ་དང་པོ་ནས་བཅུ་གཅིག་པའི་བར་དང་བསྡུར་ན་བརྒྱ་ཆའི4.5མཐོ་རུ་ཕྱིན་ཡོད་པ་རེད། དེའི་ནང་ཐོན་ལས་དང་པོར་མ་འཇོག་སྒོར་དུང་ཕྱུར4.93བྱས་པ་དེ287.3%འཕར་བ་དང་། ཐོན་ལས་གཉིས་པའི་མ་འཇོག་སྒོར་དུང་ཕྱུར89.69ཟིན་ནས10.3%འཕར། ཐོན་ལས་གསུམ་པའི་མ་འཇོག་སྒོར་དུང་ཕྱུར144.75ཟིན་ནས14.7%འཕར་བ་དང་། ཐོན་ལས་གསུམ་པའི་མ་འཇོག་གིས་མ་འཇོག་སྐུལ་ཁྲིད་བྱེད་ཚད་བརྒྱ་ཆའི་གྲངས8.9འཕར། མ་འཇོག་ལ་ཕན་འབྲས་ཐོན་ཚད60.8%ཟིན་ཡོད།

སྤྱི་ལོ2017ལོར་ཀུའུ་ཀྲེན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར27635ཟིན་ནས8.9%འཕར་བ་དེ། པང་པུའུ་གྲོང་ཁྱེར་གྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི0.1མཐོ་བ་དང་རྫོང་གསུམ་གྱི་ཨང་དང་པོར་སླེབས་ཡོད། གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར13959ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས་ནས9.0%འཕར་ཡོད།

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོ།

སྤྱི་ལོ2016ལོའི་ལོ་མཇུག་བར་ཀུའུ་ཀྲེན་རྫོང་དུ་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ3ཡོད་པའི་ནང་ལས་རིགས་མཐོ་རིམ་སློབ་འབྲིང་3ཡོད་པ་དང་། སྤྱིར་བཏང་སློབ་གསོའི་སློབ་གྲྭ242ཡོད་པའི་ནང་སློབ་འབྲིང་དཀྱུས་མ27(མཐོ་རིམ་སློབ་འབྲིང9དང་དམའ་རིམ་སློབ་འབྲིང18)དང་། སློབ་ཆུང130 བུ་བཅོལ་ཁང84དམིགས་བསལ་སློབ་གསོའི་སློབ་གྲྭ1བཅས་ཡོད། རྫོང་ཡོངས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་ཆེད་བསྐོས་དགེ་རྒན414དང་སློབ་འབྲིང་དཀྱུས་མའི་ཆེད་བསྐོས་དགེ་རྒན1902ཡོད་པའི་ནང་མཐོ་རིམ་སློབ་འབྲིང་གི་དགེ་རྒན649དང་དམའ་རིམ་སློབ་འབྲིང་གི་དགེ་རྒན1253ཡོད་པ་རེད། རྫོང་ཡོངས་ཀྱི་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི1.07ཡོད་ལ། སློབ་གསོ་དཀྱུས་མའི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི8.96ཡོད་པའི་ནང་སློབ་འབྲིང་དཀྱུས་མའི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི2.49(མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི1.07དང་དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི1.42)དང་སློབ་ཆུང་གི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི4.32ཡོད། བུ་བཅོལ་ཁང་དུ་ཡོད་པའི་བུ་བཅོལ་ཁང་གི་བྱིས་པ་ཁྲི2.14དང་དམིགས་བསལ་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མ163ཡོད་པ་རེད། རྫོང་ཡོངས་ཀྱི་སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%དང་། དམའ་རིམ་སློབ་འབྲིང་གི་སློབ་ལོ་ལོན་པའི་མི་འབོར་སློབ་གྲྭར་ཞུགས་ཚད100%མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད95.0%ཡིན།

7_2 ཚན་རྩལ།

སྤྱི་ལོ2016ལོའི་ལོ་མཇུག་བར་ཀུའུ་ཀྲེན་རྫོང་གིས་མཐོ་གསར་ལག་རྩལ་ཁེ་ལས4གསར་དུ་གཏན་འཁེལ་བྱས་པ་དང་། མཐོ་གསར་ལག་རྩལ་ཁེ་ལས18ཡོད་པ་རེད། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་དུས་མཚུངས་ལས21.1%འཕར་ནས་སྒོར་དུང་ཕྱུར160ཟིན་ཡོད། རྫོང་ཡོངས་ལ་ཞིང་ཆེན་རིམ་པའི(གཙོ་གནས)ཚོད་ལྟ་ཁང་དང་ཞིང་ཆེན་རིམ་པའི་ལས་གྲྭའི་ཚོད་ལྟ་ཁང4དང་ཞིང་ཆེན་རིམ་པ་ཡན་གྱི་ལས་གྲྭ(ལག་རྩལ)ཞིབ་འཇུག་ལྟེ་གནས4ཡོད་པ་རེད། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད560ཟིན་པ་དེ་དུས་མཚུངས་ལས8.3%འཕར་བ་དང་གསར་གཏོད་ཁེ་བེད་བདག་ཐོབ་སྤྲོད་ཚད34ཟིན་ནས་དུས་མཚུངས་ལས35.8%མར་ཆག་ཡོད། མི་ཁྲིའི་གསར་གཏོད་ཁེ་བེད་བདག་ཐོབ་ལྡན་ཚད་མི་ཁྲི་རེར2.1ཟིན་ནས10.0%འཕར་ཡོད། ལོ་ཧྲིལ་པོར་ཞིང་ཆེན་རིམ་པ་ཡན་གྱི་ཞིབ་འཇུག་གསར་སྤེལ་ལས་སྟེགས1གསར་སྐྲུན་བྱས།

7_3 རིག་གནས།

སྤྱི་ལོ2016ལོར་ཀུའུ་ཀྲེན་རྫོང་གིས་ལོ་ཧྲིལ་པོར་འཁྲབ་སྟོན་ཐེངས200ལྷག་ཙམ་བྱས་པ་དང་བྱེད་སྒོ་ཐེངས20ལྷག་ཙམ་སྒྲུབ་འགན་འཁུར་བ་དང་གཉེར་རོགས་བྱས་པའི་ནང་ཡིག་རིས་པར་ལེན་འགྲེམས་སྟོན་ཐེངས6དང་། རིག་རྩལ་བྱེད་སྒོ་ཐེངས16ལས་སྒོའི་རིགས3བཅས་ཡོད་པ་རེད། རྒྱལ་ཁབ་ཀྱི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་དང་ལེན་ཧུར་ཐག་བྱས། སྔ་རྗེས་སུ“མཛེས་སྡུག་ལྡན་པའི་ཀུའུ་ཀྲེན། ཀུའུ་ཡང་ཡོངས་ལ་ཁྱབ”ཅེས་པའི་སྤྱི་ལོ2016ལོའི“དཔྱིད་གསར་བསུ་བའི”གཞས་པའི་འགྲན་བསྡུར་ཆེན་མོ་དང་། སྤྱི་ལོ2016ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་འཚོགས་ཤིང་། མང་ཚོགས་རང་བཞིན་གྱི་ཐང་ཆེན་གྱི་རིག་གནས་འཁྲབ་སྟོན་བྱེད་སྒོ་ཐེངས6སྤེལ་བ་རེད། “དྲོད་འཇམ་གྱི་པེང་པུའུ། སྤྲོ་ལྡན་གྱི་ཀྲུའུ་གྲོང“ཀུའུ་ཀྲེན་ཐང་ཆེན་བསིལ་བའི་མཚན་ཚོགས། གྲོང་ལྷོའི་ཁུལ་གསར་དཔེ་མཛོད་ཁང་བསྐྲུན་ཟིན་པ་དང་། འགྲེམས་ཁང་སྨི་གྲུ་བཞི་མ1000ལྷག་ཙམ་ཟིན། གློག་རྡུལ་དཔེ་དེབ་ཁྲི50 ད་དུང་ཕྱོགས་བསྡུས་ལྟ་ཀློག་ཁང་དང་བྱིས་པའི་ལྟ་ཀློག་ཁང་། གློག་རྡུལ་ལྟ་ཀློག་ཁང་། སྤྲོ་གསེང་དཔེ་དེབ་ཁང་སོགས་ཡོད།

7_4 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2016ལོའི་ལོ་མཇུག་བར་ཀུའུ་ཀྲེན་རྫོང་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི36ཡོད་པའི་ནང་སྨན་ཁང10དང་འཕྲོད་བསྟེན་ཁང11ཡོད། རྫོང་ཡོངས་ཀྱི་འཕྲོད་བསྟེན་ལག་རྩལ་མི་སྣ1896ཡོད་པའི་ནང་ལས་གཉེར་སྨན་པ515དང་། ནད་གཡོག866ཐོ་འགོད་བྱས་ཡོད། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི2016ཡོད་པའི་ནང་སྨན་ཁང་གི་ཉལ་ཁྲི1430ཡོད་པ་རེད། རྫོང་དེ་ཡོངས་ཀྱི་ཞིང་པའི་མཉམ་ལས་ནང་ཞུགས་ཚད98.5%ཟིན་ཡོད། མི་ཁྲི་རེར་ཉལ་ཁྲི31.1ཡོད་པ་དང་མི་ཁྲི་རེར་འཕྲོད་བསྟེན་ལག་རྩལ་མི་སྣ29.2ཡོད། 

དཔྱད་གཞིའི་ཡིག་ཆ།