ཏའོ་ལི་ཆུས།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-01-17 11:19ལ་འགྲུབ།

ཏའོ་ལི་ཆུས།

ཏའོ་ལི་ཆུས།
ཏའོ་ལི་ཆུས་ནི་ཧའེ་ལུང་ཅང་ཞིང་ཆེན་ཧ་ཨེར་པིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧ་ཨེར་པིན་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་ཡིན། དེ་ནི་བྱང་གི་འཕྲེད་ཐིག45°32′-47′དང་ཤར་གྱི་གཞུང་ཐིག126°08′-38′བར་ཡིན་ཞིང་། ཤར་གྱིས་པིན་ཀྲོའུ་ལྕགས་ལམ་དང་ཏའོ་ཅའོ་ཁུལ་གཉིས་ཀྱི་ས་མཚམས་དབྱེ་ནས་ནུབ་བྱང་དང་ཧྲང་ཁྲེང་གཉིས་བར་ཁྱིམ་མཚེས་བྱས་ཏེ། ལྷོ་རྒྱུད་དང་ནན་ཀང་ས་ཁུལ་བར་གྱི་ས་མཚམས་འབྲེལ་ཡོད། བྱང་དང་ཀྲའོ་ཏུང་གྲོང་ཁྱེར་དང་སུང་པེའི་ས་ཁུལ་བར་ཕན་ཚུན་འབྲེལ་ཡོད། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ517.2ཟིན་པ་དེའི་ནང་གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ22.6ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
道里区
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཐད་སྐྱོང་ཆུས།
ཁོང་གཏོགས་ས་ཁུལ།
ཧའེ་ལུང་ཅང་ཞིང་ཆེན་ཧ་ཨེར་པིན་གྲོང་ཁྱེར།
མངའ་ཁོངས།
སྲང་ལམ19 སྡེ་ཁུལ109 གྲོང་རྡལ3
སྲིད་གཞུང་གནས་ཡུལ།
ཧྥུའུ་ཧྲུན་སྲང་ལམ་ཨན་ཧྭ་ལམ་ཨང103པ།
ས་ཁོངས་ཁ་པར་ཨང་རྟགས།
0451
སྦྲག་སྲིད་ཨང་རྟགས།
150070
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི517.2ཡོད།
མི་གྲངས།
ཁྲི72.80ཡོད། (སྤྱི་ལོ2013ལོ)
གནམ་གཤིས།
དྲོད་འབྲིང་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཐའེ་དབྱང་གླིང་ཕྲན་དང་། ཀྲུང་དབྱང་ཁྲོམ་གཞུང་། ཀོ་ཀོ་ལི་ཁྲོམ་གཞུང། ཡ་པུའུ་ལི་གངས་ཤུད་ར་བ། གངས་འཁྱགས་འཛམ་གླིང་ཆེན་པོ་སོགས་ཡོད།
གནམ་གྲུ་ཐང་།
ཧ་ཨེར་པིན་ཐའེ་ཕིང་རྒྱལ་སྤྱིའི་གནམ་ཐང་།
མེ་འཁོར་འབབ་ཚིགས།
ཧ་ཨེར་པིན་འབབ་ཚིགས།
རླངས་འཁོར་ཚབ་ཨང་།
ཧའེA
སྲིད་འཛིན་ཚབ་གྲངས།
230102
1 ​ངོ་སྤྲོད།

ཏའོ་ལི་ཆུས་ནི་ཧའེ་ལུང་ཅང་ཞིང་ཆེན་ཧ་ཨེར་པིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧ་ཨེར་པིན་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་ཡིན།  དེ་ནི་བྱང་གི་འཕྲེད་ཐིག 45°32′-47′དང་ཤར་གྱི་གཞུང་ཐིག126°08′-38′བར་ཡིན་ཞིང་། ཤར་གྱིས་པིན་ཀྲོའུ་ལྕགས་ལམ་དང་ཏའོ་ཅའོ་ཁུལ་གཉིས་ཀྱི་ས་མཚམས་དབྱེ་ནས་ནུབ་བྱང་དང་ཧྲང་ཁྲེང་གཉིས་བར་ཁྱིམ་མཚེས་བྱས་ཏེ། ལྷོ་རྒྱུད་དང་ནན་ཀང་ས་ཁུལ་བར་གྱི་ས་མཚམས་འབྲེལ་ཡོད། བྱང་དང་ཀྲའོ་ཏུང་གྲོང་ཁྱེར་དང་སུང་པེའི་ས་ཁུལ་བར་ཕན་ཚུན་འབྲེལ་ཡོད། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ517.2ཟིན་པ་དེའི་ནང་གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ22.6ཟིན་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1953ལོའི་ཟླ8པའི་ཚེས1ཉིན། ཧ་ཨེར་པིན་གྲོང་ཁྱེར་ཏེ་ཀྲུང་དབྱང་ཐད་གཏོགས་གྲོང་ཁྱེར་ཏུ་བསྒྱུར་པ་དང་། བྱང་ཤར་སྲིད་འཛིན་ཨུ་ཡོན་ལྷན་ཁང་གིས་ཚབ་བྱས་ནས་དོ་དམ་བྱས། ཏའོ་ལི་དང་། ཞིན་དབྱང་། ཀུའུ་ཞང་ཆུས་བཅས་སྔར་བཞིན་ཧ་ཨེར་པིན་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས།  སྤྱི་ལོ1954ལོའི་ཟླ8པའི་ཚེས9ཉིན་དེ་སྔའི་སུང་ཅང་ཞིང་ཆེན་དང་ཧའེ་ལུང་ཅང་ཞིང་ཆེན་གཉིས་ཟླ་སྒྲིལ་བཏང་ནས་ཧའེ་ལུང་ཅང་ཞིང་ཆེན་གསར་བ་བཙུགས་པ་དང་ཧ་ཨེར་པིན་ནི་ཞིང་ཆེན་གྱི་ལྟེ་གནས་སུ་གྱུར། ཧ་ཨེར་པིན་གྲོང་ཁྱེར་ནི་ཀྲུང་དབྱང་ཐད་སྐྱོང་གྲོང་ཁྱེར་ནས་ཧའེ་ལུང་ཅང་ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར་དུ་བསྒྱུར། ཏའོ་ལི་ཆུས་དང་ཀུའུ་ཞང་ཆུས་གཉིས་ཧ་ཨེར་པིན་གྲོང་ཁྱེར་གྱི་མངའ་འོག་ཏུ་བསྒྱུར།  སྤྱི་ལོ1956ལོའི་ཟླ10པར་ཏའོ་ལི་ཆུས་དང་ཀུའུ་ཞང་ཆུས་གཉིས་ཟླ་སྒྲིལ་བཏང་ནས་ཏའོ་ལི་ཆུས་གསར་པ་ཞིག་བཙུགས་པ་དང་། སྔར་བཞིན་ཧ་ཨེར་པིན་གྲོང་ཁྱེར་གྱི་སྲིད་འཛིན་ཁུལ་ཞིག་ཡིན། 

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཏའོ་ལི་ཆུས་མི་དམངས་སྲིད་གཞུང་ནི་ཧྥུའུ་ཧྲུན་སྲང་ལམ་གྱི་ཨན་ཧྭ་ལམ་ཨང103པ་རུ་ཡོད། སྤྱི་ལོ2016ལོའི་བར་ཏའོ་ལི་ཆུས་ཀྱི་ཁོངས་གཏོགས་སུ་སྲང་ལམ20དང་གྲོང་རྡལ3ཡོད་པ་སྟེ། ཀྲའོ་ལིན་སྲང་ལམ་དང་། ཞིན་དབྱང་ལམ་གྱི་སྲང་ལམ། ཧྥུའུ་ཧྲུན་སྲང་ལམ། ཀུང་ལུ་སྲང་ལམ། ཞིན་ཧྭ་སྲང་ལམ། གྲོང་ཁྱེར་དང་གྲོང་གསེབ་ལམ་གྱི་སྲང་ལམ། ཀུང་ནུང་སྲང་ལམ། ཧྲང་ཀྲི་སྲང་ལམ། སི་ཏ་ལིན་སྲང་ལམ། ཐུང་ཅང་སྲང་ལམ། ཅིང་ཝེ་སྲང་ལམ། ཀུང་ཁྲེན་སྲང་ལམ།  ཨན་ཅིང་སྲང་ལམ། ཨན་ཧུ་སྲང་ལམ། ཀྲེང་དབྱང་ཧུ་སྲང་ལམ། ཅན་ཀུའུ་སྲང་ལམ། ཁང་ཨན་སྲང་ལམ། ཨའེ་ཅན་སྲང་ལམ། ཆུན་ལི་སྲང་ལམ། ཐའེ་ཕིན་སྲང་ལམ། ཞིན་ཧྥ་གྲོང་རྡལ། ཞིན་ནུང་གྲོང་རྡལ། ཡུས་ཧྲུའུ་གྲོང་རྡལ་བཅས་ཡོད།

4 གནས་ཡུལ།

ཏའོ་ལི་ཆུས་ནི་ཧ་ཨེར་པིན་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་ཡིན་པ་དང་། དེ་ནི་བྱང་གི་འཕྲེད་ཐིག45°32′-47′དང་། ཤར་གྱི་གཞུང་ཐིག126°08′-38′བར་དུ་གནས་ཡོད།

5 གནམ་གཤིས།

ཏའོ་ལི་ཆུས་ཁོངས་ཀྱི་གནམ་གཤིས་ནི་དྲོད་འབྲིང་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་དང་། ཆ་སྙོམས་དྲོད་ཚད3.5℃དང་ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི530ཟིན་གྱི་ཡོད། དུས་བཞི་གསལ་བ། དགུན་དུས་རིང་ཞིང་གྲང་ངར་ཆེ་བ་དང་། དབྱར་དུས་ཐུང་ལ་ཚ་བ་ཆེ་བ། དཔྱིད་དུས་དང་སྟོན་དུས་ཀྱི་དྲོད་ཚད་འཕེལ་འགྲིབ་ཀྱི་འགྱུར་ལྡོག་མགྱོགས་ཤིང་། བར་བརྒལ་དུས་ཚིགས་སུ་གཏོགས་ལ། དུས་ཚོད་ཅུང་ཐུང་། 

6 མི་གྲངས།

སྤྱི་ལོ2013ལོར་ཏའོ་ལི་ཆུས་ཀྱི་ལོ་མཇུག་ཏུ་ཐེམ་ཐོའི་མི་འབོར་ཁྲི72.80ཟིན་པ་དེ་སྤྱི་ལོ2012ལོ་ལས་མི་ཁྲི0.91འཕར་ཡོད། དེའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི61.99ཟིན་ནས་མི་ཁྲི0.44མང་དུ་ཕྱིན་པ་དང་། སྐྱེས་པ་ཁྲི35.23ཟིན་ནས་མི་ཁྲི0.37མང་དུ་ཕྱིན་པ། བུད་མེད་ཁྲི37.57ཟིན་ནས་མི་ཁྲི0.53མང་དུ་ཕྱིན་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར་ཁྲི0.56ཡོད།

7 དཔལ་འབྱོར།

སྤྱི་ལོ2016ལོར་ཏའོ་ལི་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར663.1ཟིན་པ་དེ་དུས་མཚུངས་ལས7.8%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར17.3ཟིན་ནས2.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར184.9ཟིན་ནས8.3%འཕར་བ། ཐོན་ལས་གསུམ་པ(ཞབས་ཞུའི་ལས་རིགས)འཕར་ཐང་སྒོར་དུང་ཕྱུར460.9ཡིན་པས7.8%འཕར་བ། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ2.6:27.9:69.5ཡིན། 

8 སྤྱི་ཚོགས་ལས་དོན།
8_1 རིག་གནས།

སྤྱི་ལོ2013ལོར་ཏའོ་ལི་ཆུས་སུ་རིག་གནས་ཁང1དང་། སྤྱི་པའི་དཔེ་མཛོད་ཁང1 གྲོང་ཁྱེར་རིམ་པའི་དཔེ་མཛོད་ཁང་གི་ཡན་ལག་ཁང10 ཕྱོགས་བསྡུས་རིག་གནས་ས་ཚིགས23བཅས་ཡོད། དཔེ་མཛོད་ཁང་གིས་ལོ་ཧྲིལ་པོར་ཚགས་པར40དང་དུས་དེབ110སྔོན་མངག་བྱས་ཡོད། ལོ་ཧྲིལ་པོར་ཁྱོན་འཁྲབ་སྟོན་ཆེ་གྲས་ཐེངས419ལྷག་ཙམ་བྱས་པ་དང་སྡེ་ཁུལ་གྱི་རིག་གནས་ལུས་རྩལ་བྱེད་སྒོ་ཆུང་གྲས་ཐེངས1000ལྷག་ཙམ་སྤེལ་བ། འཁྲབ་སྟོན་པ་མི་ཐེངས་ཁྲི་ལྷག་ཙམ་ཟིན་པ། ལྟད་མོ་བ་མི་ཐེངས་ཁྲི10ལྷག་ཙམ་ཟིན་ཡོད།

8_2 སློབ་གསོ།

སྤྱི་ལོ2013ལོར་ཏའོ་ལི་ཆུས་སུ་བུ་བཅོལ་ཁང56དང་། སློབ་ཆུང་དཀྱུས་མ28 དམའ་རིམ་སློབ་འབྲིང་དཀྱུས་མ18 མཐོ་རིམ་སློབ་འབྲིང8 དམིགས་བསལ་སློབ་གསོའི་སློབ་གྲྭ1 འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ5བཅས་ཡོད། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ5ཡོད་པ་དེ་དག་ནི་ལས་རིགས་མཐོ་རིམ་སློབ་འབྲིང3དང་དར་མའི་འབྲིང་རིམ་ཆེད་ལས་སློབ་གྲྭ2བཅས་ཡིན། ལྗོངས་ཡོངས་ཀྱི་སློབ་གསོའི་སྒྲིག་གཞི་ནས་མཐར་ཕྱིན་པའི་སློབ་མ20713ཡོད་པ་དང་། སློབ་མ་བསྡུ་བའི་མི་གྲངས17220ཡོད་པ། སློབ་གྲྭར་ཡོད་པའི་སློབ་མ67680བཅས་ཡོད། 

8_3 ཚན་རིག

སྤྱི་ལོ2013ལོར་ཏའོ་ལི་ཆུས་སུ་མཐོ་གསར་ལག་རྩལ་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར47ཟིན་པ་དེ་དུས་མཚུངས་ལས25.0%འཕར་བ་དང་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་རིན་ཐང་འཕར་ཐང་སྒོར་དུང་ཕྱུར13ཟིན་པ་དེས་ལྗོངས་ཡོངས་ཀྱིGDPཡི2.5%བཟུང་ཡོད། བདག་དབང་བསྡོམས་འབོར1543རེ་ཞུ་བྱས་པ་དེ་དུས་མཚུངས་ལས0.3%འཕར་བ། དབང་ཆ་སྤྲད་པའི་བདག་དབང་བསྡོམས་འབོར961ཡོད་པ་དེ9.8%ཆག་ནས་བསྡོམས་འབོར་གྲོང་ཁྱེར་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད།

8_4 ལུས་རྩལ།

སྤྱི་ལོ2013ལོར་ཏའོ་ལི་ཆུས་སུ་ལུས་སྦྱོང་དང་ལུས་རྩལ་དཔེ་སྟོན་སྡེ་ཁུལ་གྱི་ཡོ་བྱད6སྒྲིག་སྦྱོར་བྱས་ཡོད། གཞི་རིམ་གྱི་རིག་གནས་དཔུང་ཁག145ཡོད་པ་དང་། རིག་གནས་དང་ལུས་རྩལ་གྱི་རྐང་འཛིན་པ་མི་ཁྲི2ལྷག་ཙམ་ཡོད། ལོ་ཧྲིལ་པོར་རིག་རྩལ་འཁྲབ་སྟོན་གལ་ཆེན་ཐེངས419ལྷག་ཙམ་སྤེལ་བ་ཡིན།

8_5 འཕྲོད་བསྟེན།

སྤྱི་ལོ2013ལོར་ཏའོ་ལི་ཆུས་སུ་འཕྲོད་བསྟེན་སྒྲིག་གཞི་སྣ་ཚོགས(གྲོང་གསེབ་ཀྱི་འཕྲོད་བསྟེན་ཁང་ཚུད་མེད)269ཡོད་པ་དང་། དེའི་ནང་སྨན་ཁང45དང་། འཕྲོད་བསྟེན་ཁང5 སྒོ་བསྟེན་སྨན་ཁང(སྒེར་གྱི་སྨན་བཅོས་ཁང་ཚུད་པ)172བཅས་ཡོད། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་མི་འབོར་ཁྱབ་ཚད་ཀྱི100%ཟིན་ཡོད། 


བརྡ་འགྲེལ་གདོང་འཛར།

ཏའོ་ལི་ཆུས། འཕྲོད་བསྟེན། ཚན་རིག