ཤྭ་བ་མཆུ་དཀར།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-01-17 15:06ལ་འགྲུབ།

ཤྭ་བ་མཆུ་དཀར།

ཤྭ་བ་མཆུ་དཀར།
ཤྭ་བ་མཆུ་དཀར་གྱི་མིང་གཞན་ལ་ཤྭ་དམར་ཡང་ཟེར། མཆུ་ཏོའི་མཐའ་སྐོར་དང་མ་མགལ་གྱི་མདོག་དཀར་པོ་ཡིན་པའི་མིང་དེ་ལྟར་ཐོགས། ལྗིད་ཚད་ལ་སྤྱི་རྒྱ200ཡན་དང་གཟུགས་པོའི་རིང་ཚད་ལ་ལི་སྨི1.55ནས1.9ཡོད་ཅིང་། ཕོའི་རིགས་ལ་རྭ་ཅོ་ཡོད་པ་དང་སྤྱིར་བཏང་དུ་ལྔ་ཚེབ་ཡིན་ཞིང་། དྲུག་ཚེབ་ཡོད་པ་ནི་ལོ་ཅུང་མཐོ་ཤོས་ཅན་ཡིན་ཞིང་མོའི་རིགས་ལ་རྭ་ཅོ་མེད། ཤྭ་བ་མཆུ་དཀར་ནི་གྲང་ངར་ཆེ་བའི་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་རིགས་ཤིག་ཡིན་ལ། དེའི་ཤྭ་ར་དང་ཤྭ་ཁྲག་སོགས་སྨན་རྫས་རྩ་ཆེན་གྱི་རིགས་སུ་གཏོགས་པས། སྙན་གྲགས་ཆེ་ཞིང་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱི་གྲས་སུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白唇鹿
ཕྱི་ཡིག་གི་མིང་།
White-lipped Deer
ལ་ཏིང་གི་སྐད།
Cervus albirostris
ཁམས།
སྲོག་ཆགས་ཁམས།
རིགས།
ཤྭ་བ་མཆུ་དཀར།
སྲུང་སྐྱོབ་རིམ་པ།
རྒྱལ་ཁབ་ཀྱི་སྲུང་སྐྱོབ་སྲོག་ཆགས་རིམ་པ་དང་པོ།
1 ​ངོ་སྤྲོད།

ཤྭ་བ་མཆུ་དཀར་གྱི་མིང་གཞན་ལ་ཤྭ་དམར་ཡང་ཟེར། མཆུ་ཏོའི་མཐའ་སྐོར་དང་མ་མགལ་གྱི་མདོག་དཀར་པོ་ཡིན་པའི་མིང་དེ་ལྟར་ཐོགས། ལྗིད་ཚད་ལ་སྤྱི་རྒྱ200ཡན་དང་གཟུགས་པོའི་རིང་ཚད་ལ་ལི་སྨི1.55ནས1.9ཡོད་ཅིང་། ཕོའི་རིགས་ལ་རྭ་ཅོ་ཡོད་པ་དང་སྤྱིར་བཏང་དུ་ལྔ་ཚེབ་ཡིན་ཞིང་། དྲུག་ཚེབ་ཡོད་པ་ནི་ལོ་ཅུང་མཐོ་ཤོས་ཅན་ཡིན་ཞིང་མོའི་རིགས་ལ་རྭ་ཅོ་མེད། ཤྭ་བ་མཆུ་དཀར་ནི་གྲང་ངར་ཆེ་བའི་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་རིགས་ཤིག་ཡིན་ལ། དེའི་ཤྭ་ར་དང་ཤྭ་ཁྲག་སོགས་སྨན་རྫས་རྩ་ཆེན་གྱི་རིགས་སུ་གཏོགས་པས། སྙན་གྲགས་ཆེ་ཞིང་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱི་གྲས་སུ་གཏོགས། ཤྭ་བ་མཆུ་དཀར་གྱི་སྤུ་མདོག་ལ་དབྱར་དགུན་གྱི་ཁྱད་པར་ཡོད་དེ། དགུན་དུས་སུ་སྤུ་སྦོམ་ཞིང་མཐུག་པ་དང་སྐྱེས་ཚུལ་ཡང་དྲང་ཐད་ཀྱིས་སྐྱེས་ནས་སྤུ་མགོ་ཅུང་འཁྱིལ་ཞིང་དབྱར་དུས་སུ་སྤུ་སྲབ་ཅིང་ཞིབ་མོ་ཡིན།

2 ཁྱབ་ཚུལ།

ཤྭ་བ་མཆུ་དཀར་ནི་མདོ་དབུས་མཐོ་སྒང་གི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་གྱི་ནུབ་རྒྱུད་དང་བོད་ལྗོངས་ཀྱི་ཤར་རྒྱུད་དེ་མཚོ་ངོས་ལས་མཐོ་ཚད་ལ་སྨི3000ནས5000ཡོད་པའི་ནགས་ཁྲོད་དང་རྩྭ་ཐང་དུ་འཚོ་བ་རོལ་གྱིན་ཡོད་ལ། ཁྱུ་བསྒྲིགས་ནས་འགྲོ་ཞིང་སྐྱེ་འཕེལ་བྱེད་པའི་དུས་རིམ་དུ་མ་གཏོགས་ཕོ་མོ་མཉམ་འགྲོགས་ཀྱི་འཚོ་བ་མི་རོལ་ཞིང་། ཁ་ཟས་གཙོ་བོ་ནི་རྩྭ་ལྗང་དང་རྩྭི་ཤིང་རིགས་ཀྱི་ལོ་མའང་ཟ་ལ། དབྱར་དཔྱིད་དུས་ཚིགས་གཉིས་སུ་ཚྭ་བལྡག་པའི་གོམས་སྲོལ་ཡོད། ཞོགས་པ་དང་ས་སྲོད་ཀྱི་དུས་སུ་ཁ་ཟས་འཚོལ་ཞིང་ཉིན་དཀར་ལྷིང་འཇགས་ཀྱི་ས་ནས་ངལ་གསོ་བ་ཡིན། དྲོད་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་ས་མཐོ་སར་འགྲོ་ཞིང་ཡང་ཟླ་དགུ་བ་ནས་བཅུ་བའི་ནང་དྲོད་ཚད་རིམ་བཞིན་ཇེ་འཁྱགས་སུ་སོང་བ་དང་བསྟུན་ཕྱིར་དམའ་སར་འབབ་པ་ཡིན།

3 སྐྱེ་འཕེལ་བྱེད་སྟངས།

ལོ་རེར་སྡེབ་སྦྱོར་ཐེངས་གཅིག་བྱེད་ཅིང་སྦྱིག་པའི་དུས་སྐབས་ནི་སྤྱིར་བཏང་དུ་ཟླ་དགུ་བ་ནས་བཅུ་བའི་ནང་ཡིན་ལ། མངལ་སྦྲུམ་པའི་དུས་ཚོད་ནི་ཟླ་བརྒྱད་ནས་དགུ་ཡིན། ཕོ་རྣམས་ལོ་གཉིས་ཀྱི་སྟེ་ནས་རྭ་ཅོ་སྐྱེས་ཤིང་ལོ་གསུམ་ལ་བུད་ན་ཉིས་ཚེབ་བམ་ཡང་ན་སུམ་ཚེབ་ཏུ་དབྱེ་ནས་སྐྱེས་པ་དང་། མོ་རྣམས་ལོ་གསུམ་གྱི་ཐོག་ནས་ཤེའུ་བཙའ་འགོ་རྩོམ་ཞིང་ཕོ་རྣམས་ལོ་ལྔ་བུད་ན་མ་གཏོགས་སྡེབ་སྦྱོར་བྱེད་འགོ་མི་རྩོམ་པ་རེད། ཕོ་རྣམས་ཀྱིས་ལོ་རེར་རྭ་ཅོ་ཐེངས་རེར་བརྗེས་ཤིང་མོ་རེས་ལོ་རེར་ཤེའུ་རེ་མ་གཏོགས་མི་བཙའ་ཞིང་ཚེ་ཚད་ནི་ཕལ་ཆེར་ལོ་ཉི་ཤུ་ཡས་མས་ཡིན།

4 སྲུང་སྐྱོབ་རིམ་པ།

ཤྭ་བ་མཆུ་དཀར་ནི་རང་རེའི་རྒྱལ་ཁབ་ན་མ་གཏོགས་མེད་པའི་རི་སྐྱེས་སྲོག་ཆགས་དཀོན་པོའི་རིགས་ཤིག་ཡིན་པ་དང་དེའི་ཁྲག་རྭ་དང་ཤ་རུས། མཁལ་མ། ཚིལ། རླིག་འབྲས། རྔ་མ། བུ་རོགས་བཅས་ནི་བོད་སྨན་རྩ་ཆེན་གྱི་གྲས་ཡིན་པས་སྲུང་སྐྱོང་བྱེད་པའི་དོན་སྙིང་ཧ་ཅང་ཆེ་བ་རེད།

རྩད་ཞིབ་བྱས་པ་ལྟར་ན། ཤྭ་བ་མཆུ་དཀར་མང་དུ་བརྔོན་པ་སོགས་ཀྱི་དབང་གིས་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ཏེ་ད་སྔ་ཆིག་ཁྲི་ཙམ་ལྷག་ལས་མེད་པས། སྔར་ལས་ལྷག་པའི་སྒོ་ནས་རྒྱུན་སྐྱོང་བེད་སྤྱོད་ཀྱི་སྲིད་ཇུས་དང་འཆར་འགོད་འཐེན་ནས་སྐྱེ་ཁམས་མ་ལག་གི་རང་བྱུང་སྲུང་སྐྱོང་ཁུལ་ནས་ཤྭ་བ་མཆུ་དཀར་གྱི་རིགས་ལ་སྲུང་སྐྱོང་བྱས་ཏེ། རྔོན་འགོག་བྱེད་པ་དང་ཁྲག་རྭ་ལེན་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་གཏན་འགོག་བྱ་དགོས།


བརྡ་འགྲེལ་གདོང་འཛར།

རང་བྱུང་། སྲོག་ཆགས།