དྲི་ཞིམ་བྱུག་རྫས།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-01-17 10:01ལ་འགྲུབ།

དྲི་ཞིམ་བྱུག་རྫས།

དྲི་ཞིམ་བྱུག་རྫས།
འབྲེལ་ཡོད་ཞིབ་འཇུག་ལས་གསལ་བར། དྲི་ཞིམ་སྙིང་བཅུད་དང་ཚོས་རྒྱུ། གཏེར་རྒྱུའི་བྱུག་རྫས་བཅས་སྦག་བཙོག་ཆེན་པོ་གསུམ་ནི་བདེ་ཐང་ལ་གནོད་པའི་རྒྱུ་གཙོ་བོ་གསུམ་ཡིན་ཞིང་། དྲི་ཞིམ་སྙིང་བཅུད་ཀྱི་མི་འཕྲོད་པའི་ནད་ཐོན་པ་དང་ཚོས་རྒྱུས་ངོ་གདོང་ལ་ནག་ཐིག་དང་ཤ་ཁེབས་འཁོར་བ། གཏེར་རྒྱུའི་བྱུག་རྫས་ཀྱིས་ངོ་གདོང་གི་པགས་པ་སྐམ་པོ་བཟོ་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
香水
ཕྱི་ཡིག་གི་མིང་།
perfume
1 ངོ་སྤྲོད།

འབྲེལ་ཡོད་ཞིབ་འཇུག་ལས་གསལ་བར། དྲི་ཞིམ་སྙིང་བཅུད་དང་ཚོས་རྒྱུ། གཏེར་རྒྱུའི་བྱུག་རྫས་བཅས་སྦག་བཙོག་ཆེན་པོ་གསུམ་ནི་བདེ་ཐང་ལ་གནོད་པའི་རྒྱུ་གཙོ་བོ་གསུམ་ཡིན་ཞིང་། དྲི་ཞིམ་སྙིང་བཅུད་ཀྱི་མི་འཕྲོད་པའི་ནད་ཐོན་པ་དང་ཚོས་རྒྱུས་ངོ་གདོང་ལ་ནག་ཐིག་དང་ཤ་ཁེབས་འཁོར་བ། གཏེར་རྒྱུའི་བྱུག་རྫས་ཀྱིས་ངོ་གདོང་གི་པགས་པ་སྐམ་པོ་བཟོ་བཞིན་ཡོད། འབྲེལ་ཡོད་ཞིབ་འཇུག་ལས་གསལ་བར། དྲི་ཞིམ་སྙིང་བཅུད་དང་ཚོས་རྒྱུ། གཏེར་རྒྱུའི་བྱུག་རྫས་བཅས་སྦག་བཙོག་ཆེན་པོ་གསུམ་ནི་བདེ་ཐང་ལ་གནོད་པའི་རྒྱུ་གཙོ་བོ་གསུམ་ཡིན་ཞིང་། དྲི་ཞིམ་སྙིང་བཅུད་ཀྱི་མི་འཕྲོད་པའི་ནད་ཐོན་པ་དང་ཚོས་རྒྱུས་ངོ་གདོང་ལ་ནག་ཐིག་དང་ཤ་ཁེབས་འཁོར་བ། གཏེར་རྒྱུའི་བྱུག་རྫས་ཀྱིས་ངོ་གདོང་གི་པགས་པ་སྐམ་པོ་བཟོ་བཞིན་ཡོད།

2 རིགས་དབྱེ།
2_1 དྲི་ཞིམ་ཆུ།

རྫས་འགྱུར་གྱི་ཐོག་ནས་བརྗོད་ན། དྲི་ཞིམ་ཆུའི་ནང་དུ་དུག་ལྡན་དངོས་པོ་མང་པོ་ཡོད་པས་མིའི་ལུས་པོའི་དབང་རྩའི་མ་ལག་ལ་ཞོར་སྐྱོན་བཟོ་བ་རེད། དྲི་ཞིམ་ཆུ་གཏོར་རྗེས་མི་མང་པོར་མགོ་ཡུ་འཁོར་བ་དང་ཞེན་ཁ་ལོག་པ། སྐྱུག་པ་སོགས་དུག་ཕོག་པའི་ནད་རྟགས་ཐོན་པ་དང་མི་འགའ་ཤས་ལ་མི་འཕྲོད་པའི་ནད་དང་པགས་ནད་སོགས་ཕོག་པས་བུད་མེད་ཚོས་དྲི་ཞིམ་ཆུ་ཉུང་ཙམ་གཏོར་དགོས།

2_2 ཚོས་རྒྱུ།

རྒྱལ་སྤྱིའི་བརྟག་དཔྱད་འབྲས་བུ་ཞིག་ལས་གསལ་བར། འཛམ་གླིང་ཧྲིལ་བོར་ཚོས་རྒྱུ་གང་བྱུང་དུ་བེད་སྤྱོད་བྱས་པའི་རྐྱེན་གྱིས་ངོ་གདོང་ཐོག་ནག་ཐིག་མང་པོ་ཐོན་པའི་བུད་མེད་ཁྲི100ཡན་ཟིན་ཡོད། གཞན་ཡང་ངོ་གདོང་ཇེ་དཀར་གཏོང་བའི་བྱུག་རྫས་དང་ཤ་ཁེབས་དག་བྱེད་ཀྱི་བྱུག་རྫས་ནང་རྫས་འགྱུར་རྒྱུ་ཆ་ཞ་ལྡན་པ་དང་དེར་དུག་ཤེད་ཆེན་པོ་ཡོད་པས་ངོ་གདོང་ལ་གནོད་ཀྱིན་ཡོད། དེ་ཡང་རིན་གོང་མཐོ་བའི་བྱུག་རྫས་དག་གནོད་འཚེ་ཆུང་བའི་ངེས་པ་མེད་པས་བུད་མེད་ཚོས་རང་ཉིད་ལ་འཕྲོད་པའི་བྱུག་རྫས་ཤིག་གདམ་རྒྱུ་ནི་ཧ་ཅང་གལ་ཆེའོ།།

2_3 གཏེར་རྒྱུའི་བྱུག་རྫས།

གཏེར་རྒྱུའི་བྱུག་རྫས་ཀྱིས་དུས་ཐུང་ནང་ངོ་གདོང་གི་པགས་པ་འཇམ་མཉེན་བཟོ་ཐུབ་མོད། འོན་ཀྱང་ཡུན་རིང་སོང་ན་པགས་པའི་ཆུ་ཟད་པ་དང་ངོ་གདོང་སེར་ག་གས་པ་སོགས་ཀྱི་ནད་རྟགས་ཐོན་གྱིན་ཡོད། ཁྲོམ་རའི་ཐོག་གཏེར་རྒྱུའི་བྱུག་རྫས90%ལྷག་ཞུ་གཏུགས་བྱས་ཡོད་དེ། ཆེད་མཁས་པས་ཞག་ཚིལ་འདོན་པའི་པགས་པ་དང་སྐམ་ཤས་ཆེ་བའི་པགས་པ་གང་ཡིན་རུང་གཏེར་རྒྱུའི་བྱུག་རྫས་ལ་དེ་འདྲ་ཡིད་ཆེས་བྱེད་མི་རུང་བའི་དྲན་སྐུལ་བྱས་ཡོད།


བརྡ་འགྲེལ་གདོང་འཛར།

ཚོས་རྒྱུ། གཏེར་ཆུ། དྲི་ཞིམ་ཆུ།