ཏ་ཞིང་ཨན་ལིན་ས་ཁུལ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-01-17 08:37ལ་འགྲུབ།

ཏ་ཞིང་ཨན་ལིན་ས་ཁུལ།

ཏ་ཞིང་ཨན་ལིན་ས་ཁུལ།
ཏ་ཞིང་ཨན་ལིན་ས་ཁུལ་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་ཞིག་ཡིན་ཞིང་། ཧའེ་ལུང་ཅང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་བྱང་ཤར་རྒྱུད། ཏ་ཤིང་ཨན་ལིང་རི་རྒྱུད་ཀྱི་བྱང་ཤར་རི་ངོས་སུ་གནས་ཤིང་། དེ་ནི་ཀྲུང་གོའི་བྱང་སྣེ་ཡི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་ཡིན་པ་དང་། གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ཏ་ཞིང་ཨན་ལིན་ས་ཁུལ་གྱི་ཁོངས་གཏོགས་སུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས4དང་། རྫོང་རིམ་པའི་གྲོང་ཁྱེར1 རྫོང2བཅས་ཡོད་པ་དང་། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི8.3(ཁོངས་གཏོགས་ཀྱི་ཅ་ཀུ་ཏ་ཆི་ཆུས་དང་སུང་ལིང་ཆུས་ཀྱི་ས་ཆའི་ཁོངས་གཏོགས་ནང་སོག་རང་སྐྱོང་ལྗོངས་ཡིན་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི1.82ཟིན་པ་དེས་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི21.9%བཟུང་བ)ཡོད། ཐེམ་ཐོའི་མི་འབོར་ཁྲི43.93བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大兴安岭地区
ཕྱི་ཡིག་གི་མིང་།
Da Hinggan Ling Prefecture
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ།
ཁོང་གཏོགས་ས་ཁུལ།
ཧའེ་ལུང་ཅང་ཞིང་ཆེན།
མངའ་ཁོངས།
ཅ་ཀུ་ཏ་ཆི་ཆུས་དང་། སུང་ལིན་ཆུས། ཧུའུ་ཀྲུང་ཆུས། ཞིན་ལིན་ཆུས། མོ་ཧུ་གྲོང་ཁྱེར། ཐ་ཧུ་རྫོང་། ཧུའུ་མ་རྫོང་།
སྲིད་གཞུང་གནས་ཡུལ།
ཅ་ཀུ་ཏ་ཆི་ཆུས།
ས་ཁོངས་ཁ་པར་ཨང་རྟགས།
0457
སྦྲག་སྲིད་ཨང་རྟགས།
165000
གནས་ཡུལ།
ཀྲུང་གོའི་བྱང་ཤར་ས་ཁུལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི8.3ཡོད།
མི་གྲངས།
ཁྲི43.93ཡོད། (སྤྱི་ལོ2017ལོའི་ཐེམ་ཐོའི་མི་འབོར)
གནམ་གཤིས།
གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
པེ་ཅི་གྲོང་ཚོ། ཧུའུ་ཀྲུང་རང་བྱུང་སྲུང་སྐྱོང་ཁུལ། ཡ་ཁེ་ས་ཀུའུ་གཡུལ་ས། ཧྲིན་ཀྲོའུ་པེ་ཅི། དབྱིན་ཧྲན་ཧུང་གངས་ཤུད་ར་བ།
གནམ་གྲུ་ཐང་།
ཅ་ཀུ་ཏ་ཆི་ཀ་ཞན་གནམ་གྲུ་ཐང་། མོ་ཧུ་ཀུའུ་ལེན་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཅ་ཀུ་ཏ་ཆི་འབབ་ཚུགས། མོ་ཧུ་འབབ་ཚུགས། ཐ་ཧུ་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ཧའེP
སྲིད་འཛིན་ཚབ་གྲངས།
232700
1 ངོ་སྤྲོད།

ཏ་ཞིང་ཨན་ལིན་ས་ཁུལ་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་ཞིག་ཡིན་ཞིང་། ཧའེ་ལུང་ཅང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་བྱང་ཤར་རྒྱུད། ཏ་ཤིང་ཨན་ལིང་རི་རྒྱུད་ཀྱི་བྱང་ཤར་རི་ངོས་སུ་གནས་ཤིང་། དེ་ནི་ཀྲུང་གོའི་བྱང་སྣེ་ཡི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་ཡིན་པ་དང་། གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ཏ་ཞིང་ཨན་ལིན་ས་ཁུལ་གྱི་ཁོངས་གཏོགས་སུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས4དང་། རྫོང་རིམ་པའི་གྲོང་ཁྱེར1 རྫོང2བཅས་ཡོད་པ་དང་། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི8.3(ཁོངས་གཏོགས་ཀྱི་ཅ་ཀུ་ཏ་ཆི་ཆུས་དང་སུང་ལིང་ཆུས་ཀྱི་ས་ཆའི་ཁོངས་གཏོགས་ནང་སོག་རང་སྐྱོང་ལྗོངས་ཡིན་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི1.82ཟིན་པ་དེས་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི21.9%བཟུང་བ)ཡོད། ཐེམ་ཐོའི་མི་འབོར་ཁྲི43.93བཅས་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1964ལོའི་ཟླ2པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཉམ་འཐབ་བཀོད་འདོམས་པུའུ་བཙུགས་ནས་ཏ་ཞིང་ཨན་ལིན་གི་བྱང་ཤར་རི་ལྡེབས་གསར་སྤེལ་འཛུགས་སྐྲུན་བྱེད་རྒྱུའི་ཐག་བཅད། ནང་སོག་ཧུའུ་ལུན་པེར་མེང་གི་ཨོ་ལུན་ཁྲུན་རང་སྐྱོང་ཆི་དང་། མོ་ལི་ཏ་ཝ་ཏ་ཝོར་རིགས་རང་སྐྱོང་ཆིའི་སྲིད་འཛིན་ཁུལ་གྱི་ཁག་ཅིག ཧའེ་ལུང་ཅང་ཞིང་ཆེན་ཧེ་ཧུ་ཀྲོན་ཆུས་ཀྱི་ཧུའུ་མ་རྫོང་ཡོངས་དང་ནེང་ཅང་རྫོང་སྲིད་འཛིན་ཁུལ་གྱི་ཁག་ཅིག་བཅས་མཉམ་འཐབ་ཆུས་ཁོངས་སུ་བཅུག ཐོག་མའི་འཆར་གཞི་བཀོད་པ་ལྟར་ན། མཉམ་འཐབ་ཁུལ་དུ་ཏ་དབྱང་ཧྲུའུ་དང་། སུང་ལིན། ཧུའུ་ཀྲུང་། ཞིན་ལིན། ཐ་ཧུ། ཨ་མ་ཨེར། ཀུའུ་ལེན། ས་ཚིགས་བཅོ་བརྒྱད། ཁུའུ་ལུན་སི། ནན་ཡའོ་ཧོ། ཧོ་ལུང་མོན་བཅས་ནགས་ལས་ཀུང་སི11འཛུགས་སྐྲུན་བྱས།

སྤྱི་ལོ1965ལོའི་ཟླ1པོར། ནགས་ལས་པུའུ་ཡིས་ཏ་ཞིང་ཨན་ལིན་མཉམ་འཐབ་ས་ཁུལ་དུ་ཏ་ཞིང་ཨན་ལིན་ནགས་ལས་དོ་དམ་ཅུས་བཙུགས་ཏེ། ཏ་ཞིང་ཨན་ལིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྲིད་ཁེ་གཅིག་གྱུར་གྱི་དོ་དམ་སྒྲིག་སྲོལ་ལག་བསྟར་བྱས།  སྤྱི་ལོ1966ལོའི་ཟླ4པའི་ཚེས20ཉིན། ཧེ་ཧུ་ཀྲོན་ཆུས་ཧུའུ་མ་རྫོང་གི“ནེང་མོ་གཞུང་ལམ”གྱི་བྱང་ཕྱོགས་དང་ཧུའུ་ལུན་པེར་མེང་གི་ཨོ་ལུན་ཁྲུན་རང་སྐྱོང་ཆིའི་ཤར་ལྷོའི་རྒྱུད་དེ་ཏ་ཞིང་ཨན་ལིན་དམིགས་བསལ་ས་ཁུལ་གྱི་སྲིད་འཛིན་ཁུལ་དུ་བགོས།  སྤྱི་ལོ1967ལོའི་ཟླ11པའི་ཚེས26ཉིན། ཏ་ཞིང་ཨན་ལིན་དམིགས་བསལ་ས་ཁུལ་གྱི་མི་དམངས་ཨུ་ཡོན་ལྷན་ཁང་དེ་ཏ་ཞིང་ཨན་ལིན་དམིགས་བསལ་ས་ཁུལ་གྱི“གསར་བརྗེའི་ཨུ་ཡོན་ལྷན་ཁང”དུ་བསྒྱུར། 

སྤྱི་ལོ1980ལོའི་ཟླ9པའི་ཚེས4ལ། ཏ་ཞིང་ཨན་ལིན་ས་ཁུལ་གྱི“གསར་བརྗེའི་ཨུ་ཡོན་ལྷན་ཁང”དེ་ཏ་ཞིང་ཨན་ལིན་སྲིད་འཛིན་ཀུང་ཧྲུའུ་རུ་བསྒྱུར་ནས་ཧའེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གི་མངགས་གཏོང་ལས་ཁུངས་སུ་གྱུར།  སྤྱི་ལོ1981ལོའི་ཟླ5ཚེས14ཉིན་ཀུའུ་ལན་ཆུས་སུ་མའོ་ཧོ་རྫོང་བཙུགས་པ་དང་ཐ་ཧུ་ཆུས་སུ་ཐ་ཧུ་རྫོང་བཙུགས་པ་རེད།    སྤྱི་ལོ1986ལོའི་ཟླ1པོའི་ཚེས29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཀུང་ཧྲུའུ་དང་ནགས་ལས་དོ་དམ་ཅུས་གནས་སའི་ཅ་ཀུ་ཏ་ཆི་ཆུས་ནི་རྫོང་རིམ་པའི་ཆུས་ཀྱི་སྒྲིག་གཞི་འཛུགས་རྒྱུར་ཆོག་མཆན་སྤྲད།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཅ་ཀུ་ཏ་ཆི་ཆུས་ཀྱི་སྲིད་འཛིན་ཀུང་ཧྲུའུ་ནི་ཅ་ཀུ་ཏ་ཆི་ཅིན་ཀོན་ལམ་ཆེན་ཨང1པོ་རུ་ཡོད། ཏ་ཞིང་ཨན་ལིན་ས་ཁུལ་དུ་ཁྱོན་རྫོང་རིམ་པའི་སྲིད་འཛིན་ཁུལ7ཡོད་པའི་ནང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས4དང་། རྫོང་རིམ་པའི་གྲོང་ཁྱེར1 རྫོང2བཅས་ཚུད་ཡོད་པ་དང་། དེ་དག་ནི་ཅ་ཀུ་ཏ་ཆི་ཆུས་དང་། སུང་ལིང་ཆུས། ཞིན་ལིན་ཆུས། ཧུའུ་ཀྲུང་ཆུས། མོ་ཧུ་གྲོང་ཁྱེར། ཧུའུ་མ་རྫོང་། ཐ་ཧུ་རྫོང་བཅས་ཡིན་པ་དང་། དེའི་ནང་ཅ་ཀུ་ཏ་ཆི་ཆུས་དང་སུང་ལིང་ཆུས་ནི་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་ཨོ་ལུན་ཁྲུན་རང་སྐྱོང་ཆི་ཀུའུ་ལི་ཡུལ་ཚོའི་ཁོངས་སུ་གནས་ཡོད།

4 གནས་ཡུལ།

ཏ་ཞིང་ཨན་ལིན་ས་ཁུལ་ནི་བྱང་གི་འཕྲེད་ཐིག50℃ནས53.33བར་དང་ཤར་གྱི་གཞུང་ཐིག121℃ནས་127℃བར་དུ་གནས་པ་དང་། དེ་ནི་ཀྲུང་གོའི་བྱང་སྣེ་དང་འཕྲེད་ཐིག་ཏུའུ་གྲངས་མཐོ་ཤོས་ཀྱི་མཐའ་མཚམས་ས་ཁུལ་ཡིན་པ་དང་། སྲིད་ཁུལ་གྱི་བྱང་ནི་ཧའེ་ལུང་ཅང་གཙང་པོའི་སྟོད་རྒྱུད་ཀྱི་ཆུ་ཁོངས་ཡིན་པ་དང་། ཨུ་རུ་སུ་གཙང་པོ་དང་ཕན་ཚུན་ཁ་གཏད་དུ་གནས་ཡོད། ཤར་ལྷོ་ནི་ཧའེ་ལུང་ཅང་ཞིང་ཆེན་ཧེ་ཧུ་གྲོང་ཁྱེར་ཨའེ་ཧུའེ་ཆུས་དང་ནེང་ཅང་རྫོང་དང་ས་མཚམས་འབྲེལ་ཡོད། ལྷོ་ནུབ་ཏུ་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་ཨོ་ལུན་ཁྲུན་རང་སྐྱོང་ཆི་དང་འབྲེལ་བ། ནུབ་བྱང་དུ་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་ཨེར་ཀུའུ་ན་གྲོང་ཁྱེར་དང་ཀེན་ཧོ་གྲོང་ཁྱེར་གཉིས་ཀྱི་ས་མཚམས་ཡིན། 

5 གནམ་གཤིས།

ཏ་ཞིང་ཨན་ལིན་ས་ཁུལ་གྱི་གནམ་གཤིས་ཐུན་མོང་མ་ཞིག་ཡིན་པ་དང་། གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། གནམ་གཤིས་བརླན་གཤེར་ཆེ་བས་དབྱར་དགུན་དུ་ཆར་པ་མང་། དྲོད་ཁྱད་ཅུང་ཆེ། དབྱར་དུས་ཉིན་རིང་ལ་མཚན་མོ་ཐུང་།  ལོ་རེའི་ཆ་སྙོམས་དྲོད་ཚད་ནི་མུའུ་ཧོ་རྫོང་དང་ཧུའུ་ཀྲུང་ཆུས་བྱང་རྒྱུད་ཀྱི་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ4དང་ས་ཁུལ་གཞན་དག་གི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ2ཡིན།

6 མི་གྲངས།

སྤྱི་ལོ2017ལོར་ཏ་ཞིང་ཨན་ལིན་ས་ཁུལ་གྱི་མི་འབོར་སྐྱེ་ཚད་ཀྱི4.52%ཟིན་པ་དང་། ཤི་ཚད་ཀྱི12.25%ཟིན་པ། མི་འབོར་རང་བཞིན་གྱི་འཕར་ཚད7.73%ཡིན། ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་ཐེམ་ཐོའི་མི་གྲངས439316ཟིན་ཡོད། དེའི་ནང་ཞིང་ལས་མིན་པའི་མི་འབོར391974ཟིན་པ་དེས་མིའི་བསྡོམས་འབོར་གྱི89.2%བཟུང་ཡོད། 

7 དཔལ་འབྱོར།

སྤྱི་ལོ2017ལོར་ཏ་ཞིང་ཨན་ལིན་ས་ཁུལ་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་ཁྲི1496762མངོན་འགྱུར་བྱུང་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས6.2%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི716431ཟིན་ནས6.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི146702ཟིན་ནས10.1%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི633629ཟིན་ནས5.4%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23220ཟིན་པ་དེ་དུས་མཚུངས་ལས6.5%འཕར་བ་དང་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར12098ཟིན་པ་དེ་དུས་མཚུངས་ལས6.6%འཕར་ཡོད། 

8 སྤྱི་ཚོགས་ལས་དོན།
8_1 ཚན་རིག

སྤྱི་ལོ2017ལོའི་ལོ་མཇུག་བར་ཏ་ཞིང་ཨན་ལིན་ས་ཁུལ་དུ་ཞིབ་འཇུག་སུའོ་ཡི་ལས་ཞུགས་མི་སྣ142དང་ཚན་རྩལ་བྱེད་སྒོ་སྤེལ་མཁན119ཡོད།

8_2 རིག་གནས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཏ་ཞིང་ཨན་ལིན་ས་ཁུལ་དུ་རིག་གནས་ཁང7དང་། དཔེ་མཛོད་ཁང7 རྟེན་རྫས་བཤམས་མཛོད་ཁང3 རླབས་འབྲིང་བརྒྱུད་སྒྲོག་འཕེན་གཏོང་ཁང1དང་། ཟློས་སྒྲིག་འཕེན་གཏོང་ཁང24 བརྙན་འཕྲིན་བརྒྱུད་གཏོང་ཁང22བཅས་ཡོད་པ་དང་། རླུང་འཕྲིན་ཕྱོགས་བསྡུས་མི་འབོར་ཁེབས་ཚད་ཀྱི་90.25%ཟིན་ཡོད། བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད་ཀྱི99.8%ཟིན་ཡོད། སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང82736དང་ལོ་གོང་མ་ལས་དུད་ཚང47མང་དུ་ཕྱིན་པ། 

8_3 འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཏ་ཞིང་ཨན་ལིན་ས་ཁུལ་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི316ཡོད་པའི་ནང་རིམ་གསུམ་ཕྱོགས་བསྡུས་སྨན་ཁང1དང་། རིམ་པ་གཉིས་པའི་སྨན་ཁང12 རིམ་པ་དང་པོའི་སྨན་ཁང2 ཡུལ་ཚོ་དང་རྫོང་རིམ་པའི་ཀྲུང་ལུགས་སྨན་ཁང1 ཡུལ་ཚོ་དང་གྲོང་རྡལ། ནགས་ར་བཅས་སུ་འཕྲོད་བསྟེན་ཁང33 སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)11 གྲོང་ཚོའི་འཕྲོད་བསྟེན་ཁང54 དམངས་གཉེར་སྨན་ཁང18དང་སྒོ་བསྟེན་སྨན་བཅོས་ཁང153ཡོད། ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས11དང་། འཕྲོད་བསྟེན་ལྟ་སྐུལ་སུའོ8 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ཁང(ས་ཚིགས)8 ལྟེ་བའི་ཁྲག་ཚུགས(མཛོད)3 བཅས་ཡོད། མིག་སྔར་ལྗོངས་ཡོངས་སུ་ཆ་སྙོམས་མི་སྟོང་རེར་སྨན་པ2.62དང་། ནད་གཡོག2.77 ཉལ་ཁྲི6.41རེ་ཡོད།

8_4 ལུས་རྩལ།

སྤྱི་ལོ2017ལོར་ཏ་ཞིང་ཨན་ལིན་ས་ཁུལ་གྱི་ལུས་རྩལ་པའི་རྒྱལ་ནང་འགྲན་བསྡུར་ཁྲོད་དུ་ཁྱོན་བྱ་དགའ127ཐོབ་པ་དང་། གསེར་གྱི་རྟགས་མ52དང་། དངུལ་གྱི་རྟགས་མ29 ཟངས་ཀྱི་རྟགས་མ46བཅས་ཐོབ་ཡོད། 

8_5 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2017ལོའི་ལོ་མཇུག་བར་ཏ་ཞིང་ཨན་ལིན་ས་ཁུལ་གྱི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་གྱི་མི་གྲངས་ཁྲི23.5ཟིན་ཡོད་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་མི་གྲངས་ཁྲི30.4ཟིན་ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་གྱི་མི་གྲངས་ཁྲི6.95ཟིན་ཡོད། ལས་རྨས་འགན་བཅོལ་ནང་ཞུགས་མཁན་གྱི་མི་གྲངས་ཁྲི9.9ཟིན་པ་དང་བུ་བཙའི་འགན་བཅོལ་ནང་ཞུགས་མཁན་གྱི་མི་གྲངས་ཁྲི9.5ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་གྱི་གཏོང་སྒོ་སྒོར་ཁྲི12276.4ཟིན་པ་དེ་དུས་མཚུངས་ལས4.3%ཆག་ཡོད། གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་གྱི་གཏོང་སྒོ་སྒོར་ཁྲི866.4ཟིན་པ་དེ་དུས་མཚུངས་ལས3.1%ཆག་ཡོད།