ཁོན་ཁྲེང་ཆུས།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-01-17 10:33ལ་འགྲུབ།

ཁོན་ཁྲེང་ཆུས།

ཁོན་ཁྲེང་ཆུས།
ཁོན་ཁྲེང་ཆུས་ནི་ཁྲང་ཁྲུན་གྲོང་ཁྱེར་གྱི་ཁོངས་གཏོགས་གྲོང་ཁྱེར་གྱི་གྲས་ཤིག་ཡིན་པ་དང་། ཤར་དུ་དབྱི་ཐུང་གཙང་པོའི་ས་མཚམས་དབྱེ་ནས་ཏེ་ཧུའེ་གྲོང་ཁྱེར་དང་། ཁྲང་ཁྲུན་ཆུས་གསར་བའི་པེ་ཧུའུ་ཚན་རྩལ་གསར་སྤེལ་ཁུལ། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། ཨར་ལམ་ཆུས་བཅས་དང་ཕན་ཚུན་འབྲེལ་བ་ཡོད། ནུབ་ལྗང་གླིང་ཆུས་དང་ཕན་ཚུན་འབྲེལ་ཞིང་། ལྷོ་ནན་ཀོན་ཆུས་དང་ཁྲའོ་དབྱང་ཆུས་དང་འབྲེལ། བྱང་ནི་ནུང་ཨན་རྫོང་དང་འབྲེལ་ཡོད། གྲོང་ཁྱེར་ཁོན་ཁྲེང་ཆུས་ནི་ཁྲང་ཁྲུན་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོངས་གཏོགས་ཀྱི་གྲས་ཤིག་ཡིན་པ་དང་། ཤར་དུ་དབྱི་ཐུང་གཙང་པོ་ས་མཚམས་བྱས་ཏེ་ཏེ་ཧུའེ་གྲོང་ཁྱེར་དང་ཁྲང་ཁྲུན་ཁུལ་གསར་གྱི་པེ་ཧུའུ་ཚན་རྩལ་གསར་སྤེལ་ཁུལ་དང་། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། ཨར་ལམ་ཁུལ་བཅས་དང་ཕན་ཚུན་འབྲེལ་བ་ཡོད། ནུབ་དང་ལྗང་གླིང་ཁུལ་ཕན་ཚུན་འབྲེལ་ཞིང་། ལྷོ་ནི་ནན་ཀོན་ཆུས་དང་ཁྲའོ་དབྱང་ཆུས་དང་། བྱང་ནི་ནུང་ཨན་རྫོང་དང་ས་འབྲེལ་ཡིན། སྤྱི་ལོ2016ལོའི་བར་དུ་ལྗོངས་ཡོངས་ཀྱི་ཁོངས་གཏོགས་སུ་སྲང་ལམ10དང་། གྲོང་རྡལ5 ཤང1བཅས་ཡོད་པ་དང་། ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ་གཉིས(ཁྲང་ཁྲུན་ཁོན་ཁྲེང་དཔལ་འབྱོར་གསར་སྤེལ་ཁུལ་དང་ཁྲང་ཁྲུན་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་གསར་སྤེལ་ཁུལ)དོ་དམ་བྱས་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར270(སྤྱི་ལོ2016ལོ)ཟིན་པ་དང་། ཁོན་ཁྲེང་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ900.48ཟིན་ཞིང་། རྒྱ་ཁྱོན་དངོས་ལ(སྲང་ལམ་དང་ལན་ཅ་གྲོང་རྡལ་10ཚུད་པ)སྤྱི་ལེ་གྲུ་བཞི་མ166.95ཟིན་པའི་ཁྲོད་གྲོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ29.39ཟིན་ཡོད་པ་རེད། མི་གྲངས་ཁྲི39ཡོད(སྤྱི་ལོ2016ལོར) སྤྱི་ལོ2018ལོའི་ཟླ12པར། ཁོན་ཁྲེང་ཆུས་ཀྱི་དམངས་སྲིད་པུས་ཁག་གསུམ་པའི་རྒྱལ་ཡོངས་ཀྱི་སྡེ་ཁུལ་བཅོས་སྐྱོང་དང་ཞབས་ཞུའི་གསར་གཏོད་ཚོད་ལྟའི་ཁུལ་དུ་གཏན་འཁེལ་བྱས།
གཞི་རྩའི་གནས་ཚུལ།

དབྱིན་ཡིག་གི་མིང་།
Kuancheng District
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
སྦྲག་སྲིད་ཨང་རྟགས།
130051,130052,130114
རླངས་འཁོར་ཚབ་ཨང་།
ཅིA
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ900.48
ནམ་ཟླ།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་ཕྱེད་བཞའ་བརླན་གྱི་དུས་རླུང་ནམ་ཟླ།
མི་གྲངས།
ཁྲི39
1 ​ལོ་རྒྱུས་འཕེལ་རིམ། 
1_1 གནའ་རབས། 

ཁོན་ཁྲེང་ཆུས་ནི་ཞ་རྒྱལ་རབས་ནས་ཀྲོའུ་རྒྱལ་རབས་བར་གྱི་གཟབ་བརླིང་གི་གནས་ཤིག་ཡིན་ཞིང་། ཧན་ཅིན་དུས་སྐབས་སུ་ཧྥུ་ཡུས་ཀྱི་མངའ་འོག་ཏུ་གཏོགས། ལིའོ་རྒྱལ་རབས་ནི་ཧོང་ལུང་ཧྥུ་ཡི་མངའ་འོག་ཏུ་གཏོགས། ཆིང་རྒྱལ་རབས་ཀྱི་སྐབས་སུ་ཀུའོ་ཨེར་ལུའོ་སིའི་ཁོངས་སུ་གཏོགས། ཅ་ཆིང་ཁྲི་ལོ་ལྔ་བར(སྤྱི་ལོ1800ལོ)ཆིང་སྲིད་གཞུང་གིས་ས་ཆ་གཡར་ནས་ཁྲང་ཁྲུན་པའོ་རུ་བཅོས་སྒྲིག་གི་དོན་རྐྱེན་ཐག་གཅོད་བྱས་ཤིང་། མིང་ལ་ཁྲང་ཁྲུན་ཐིང་ཟེར། དེ་ནི་རྫོང་རིམ་པའི་སྲིད་འཛིན་སྒྲིག་གཞི་དང་མཚུངས་པས་ཁྲིམས་འཛིན་དོ་དམ་དང་སྲིད་འཛིན་ལས་དོན་གྱི་འགན་འཁུར་ཡོད། ཏའོ་ཀོང་ཁྲི་ལོ་ལྔ(སྤྱི་ལོ1825ལོར)བར་ཁྲང་ཁྲུན་ཐིང་ཀྲི་སུའོ་ནས་ཞིན་ལི་ཁྲེང་། ཁོན་ཁྲེང་ཙི(ད་ལྟའི་ནན་ཀོན་ཆུས་ཀོན་ནེ)རུ་གནས་སྤོས། 

1_2 ཉེ་རབས། 

གོང་མ་ཀོང་ཞུས་ཀྱི་ཁྲི་ལོ་ཉེར་གཉིས་པར(སྤྱི་ལོ1896ལོར)ཧྲ་ཨུས་བཙན་ཤེད་ཀྱིས་ཆིང་སྲིད་གཞུང་ལ་གསང་ཆིངས་འཇོག་ཏུ་བཅུག་པ་དང་། ཁྲང་ཁྲུན་ནུབ་བྱང་རྒྱུད་ཀྱི་ཨར་ཏའོ་ཀོའུ་རུ་མེ་འཁོར་འབབ་ཚིགས་བཙུགས་ཤིང་། མིང་ལ“ཁོན་ཁྲེང་ཙི་ས་ཚིགས”ཟེར། ཧྲ་ཨུའི་གནས་སྤོས་ཡུལ་མི་འབོར་ཆེན་ཞིག་གིས་དེ་གར་ཆོས་ཚོགས་དང་ལྕགས་ལམ་སྤྲོ་སྐྱིད་ཁང་སོགས་བཙུགས་པ་དང་ཆབས་ཅིག་ཁའེ་ཞོན་ལམ་གྱི་ཤར་རྒྱུད་དུ་དབྱི་ཁོང་སྲང་ལམ་དང་། ཨར་ཕུའུ་ཁྲོ་སྲང་ལམ། སན་ཕུའུ་སྲང་ལམ་བཅས་བསྐྲུན་ཡོད། དེ་ལྟར་ཨར་ཏའོ་ཀོའུ་རུ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ5.7ཡོད་པ་དང་། ཨུ་རུ་སུའི་ཁྱད་ཆོས་ལྡན་པའི“དམིགས་བསལ་ས་ཁུལ”ཞིག་ཆགས་ཡོད། ཁོན་ཁྲིན་ས་ཚུགས་ཀྱི་མིང་རྒྱ་ཆེར་བཀོལ་སྤྱོད་བྱས་པས། མི་རྣམས་ཀྱིས་ཨར་ཏའོ་ཀོའུ་ལ“ཁོན་ཁྲིན་ཙི”ཞེས་འབོད་ཅིང་། གྲོང་ཁྱེར་ཁོན་ཁྲེང་ཙི་གནད་སྤོས་པའི་འབྱུང་ཁུངས་ནི་འདི་ལྟར་བྱུང་ངོ་།། 

ཀོང་ཞུས་ཁྲི་ལོ་སོ་གཅིག་པར(སྤྱི་ལོ1905ལོར)ཨ་མེ་རི་ཁས་འཇར་ཕན་དང་ཨུ་རུ་སུའི་བར་གྱི་དམག་འཁྲུག་འདུམ་སྒྲིག་བྱས་པ་དང་། འཇར་ཕན་དང་ཨུ་རུ་སུས《ཕུའུ་ཚི་མའོ་སིའི་ཆིངས་ཡིག》བཞག་པ་རེད། ཆིངས་ཡིག་ལ་གཞིགས་ནས་འཇར་ཕན་གྱིས་ཨུ་རུ་སུའི་ལག་ཏུ་ཡོད་པའི་ཁྲང་ཁྲུན་ནས་ལུའི་ཏ་བར་གྱི་ལྕགས་ལམ་གྱི་དབང་ཆ་དང་ལྕགས་ལམ་གྱི་ཟུར་གཏོགས་ས་ཆ་བླངས་ཤིང་། དེ་ནས་ཁྲང་ཁྲུན་གྱི་བྱང་ངོས་ཧྲ་ཧོང་ཨུ་རུ་སུས་དོ་དམ་བྱས་པ་དང་། ཁྲང་ཁྲུན་གྱི་ལྷོ་ངོས་འཇར་ཕན་གྱིས་བདག་གཉེར་བྱས་པ་རེད། ཀོང་ཞུས་སྲིད་ལོ་སུམ་ཅུ་སོ་གཉིས་པར(སྤྱི་ལོ1906ལོར) ཅི་ལིན་གྱི་དམག་དཔོན་ཏ་ཀུའེ་ཡིས་ཀྲུང་འཇར《ཤར་གྱི་ཞིང་ཆེན་གསུམ་གྱི་ལས་དོན་སྐོར་གྱི་ཆིངས་ཡིག》དང་ཞར་བྱུང་ཆིངས་ཡིག་གཞིར་བཟུང་ནས་ཁྲང་ཁྲུན་དེ་ཚོང་འགྲུལ་ས་ཁུལ་དུ་འཛུགས་རྒྱུའི་གཏན་འབེབས་བྱས། འཇར་ཕན་གྱིས་དྲག་ཤུགས་ལ་བརྟེན་ནས་ཆིང་སྲིད་གཞུང་ལ་བཙན་སྐུལ་བྱས་ཏེ་འཇར་སྒོར330875སྤྲད་ནས་ས་ཆ150ལྷག་ཙམ(སྤྱི་ལེ་གྲུ་བཞི་མ4.5ཙམ་ཟིན་པ)ཉོས་པ་རེད། 

མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)ཁོན་ཁྲེང་ཆུས་ཁྲང་ཁྲུན་རྫོང་དུ་བསྒྱུར། 

“དགུ་གཅིག་བརྒྱད”དུས་འགྱུར་བྱུང་རྗེས། བྱང་ཤར་ས་ཁུལ་ཡོངས་སུ་འཇར་ཕན་གྱི་མི་སེར་སྤེལ་ཡུལ་དུ་གྱུར་པར་མ་ཟད། འཇར་ཕན་བཙན་རྒྱལ་རིང་ལུགས་ཀྱི་ཇུས་འགོད་འོག“མན་ཇུ་རྒྱལ་ཁབ་རྫུས་མ”བཙུགས་པ་དང་། ཁྲང་ཁྲུན་རྒྱལ་ས་རུ་གཏན་ཁེལ་བྱས་ཤིང་མིང“ཞིན་ཅིན”ཞེས་པར་བསྒྱུར། མིན་གོའི་སྲིད་ལོ་ཉེར་དྲུག་པར(1937ལོར)འཇར་ཕན་གྱིས་ཁྲིམས་སྒོ་རང་བཙན་གྱི་དབང་ཆ་མེད་པར་བཟོས་ནས་མན་ཀྲོའུ་བཙན་རྒྱལ་ལ་སྤྲོད་རྩིས་བྱས་པ་རེད། དུས་མཚུངས་སུ“ཞིན་ཅིན་དམིགས་བསལ་གྲོང་ཁྱེར”ཞེས་པ་སྲིད་འཛིན་ས་ཁུལ་བཅོ་བརྒྱད་དུ་ཕྱེ་ཡོད། དེང་སང་ཁོན་ཁྲེང་ཆུས་ཀྱི་ལྕགས་ལམ་གྱི་ལྷོ་ཕྱོགས་ཅི་ཡེ་ཆུས་དུ་དབྱེ་ཡོད། 

མིན་གོའི་སྲིད་ལོ་ཉེར་དགུ་པ(སྤྱི་ལོ1940ལོའི)ཟླ་དང་པོར“ཞིན་ཅིན་གྲོང་ཁྱེར་”གྱི་ཆུས་བཅོ་བརྒྱད་དེ་ཆུས་བཅུ་བཞིར་ཟླ་སྒྲིལ་བཏང་སྟེ། ཐུའུ་ཏའོ་གླིང་ཕྲན་དང་ཁོན་ཁྲེང་ཆུས་གཉིས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ18.7ཡོད། 

མིན་གོའི་སྲིད་ལོ་སུམ་ཅུ་སོ་གཅིག་པར(སྤྱི་ལོ1945ལོ)འཇར་ཕན་གྱིས་མགོ་བཏགས་རྗེས་གོ་མིན་ཏང་གིས་ཁྲང་ཁྲུན་གྲོང་ཁྱེར་དང་ལེན་བྱས་ནས།  གོ་མིན་ཏང་གིས་དབང་སྒྱུར་བའི་སྐབས་སུ། དེང་གི་ཁོན་ཁྲེང་ཆུས་ཀྱི་བྱང་རྒྱུད་ནི་ལྕགས་ཀྱི་ལྷོ་རྒྱུད་ལ་ཀྲུང་ཧྲན་རི་ཁུལ་དང་། ནུབ་ལྷོའི་རྒྱུད་ལ་ཀྲུང་ཧྭ་ཆུས་བཅས་སུ་དབྱེ་ཡོད། ) 

མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1948ལོ)ཁྲང་ཁྲུན་བཅིངས་འགྲོལ་བཏང་རྗེས་ཁྲང་ཁྲུན་དམིགས་བསལ་གྲོང་ཁྱེར་སྲིད་གཞུང་བཙུགས་པ་དང་དེའི་འོག་ཏུ་ཆུས་བཅུ་གཉིས་བཙུགས་ཡོད། ཀྲུང་ཧྲན་ཆུས་ཀྱི་མིང་ཐོའུ་ཏའོ་ཀོའུ་ཆུས་སུ་བསྒྱུར། དེ་སྔའི་ཁོན་ཁྲེང་ཆུས་ཀྱི་མིང་མ་འགྱུར་བར་རང་སོར་བཞག 

2 སྲིད་འཛིན་ས་ཁོངས་དབྱེ་མཚམས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1948ལོ)ཁོན་ཁྲེང་ཆུས་ཀྱི་ཁོངས་སུ་མེང་ཅ་དང་། ཨེར་ཏའོ་ཀུའུ། ཚའེ་ཧྲི་གྲོང་ཁྱེར། ཧྥུ་ཧྥེང་། པའེ་ཀུའུ། ཧྲེང་ལི། ལིའུ་དབྱིན། སུང་ཅ། ཧོ་ལུང་། དམངས་གཙོ། ཞིན་ཧྲེང་། དབྱང་ཅ། ཐོན་ཧྲན་སོགས་སྲང་ལམ་བཅུ་གསུམ་གྱི་སྲིད་གཞུང་བཙུགས་ཡོད་པ་དང་། ད་དུང་ཧྲང་ཐའེ་ཙི་དང་། ཚུའེ་ཅ་ཡིང་ཙི། སི་ཞིན་ཧྥང་། ཐང་ཅ་ཡིང་ཙི། ཧྥུ་ཅ་ཡིང་ཙི་སོགས་གྲོང་ཚོའི་སྲིད་གཞུང་ལྔ་ཡང་བཙུགས་ཡོད།

སྤྱི་ལོ1949ལོའི་ཟླ9པར་ཆུས་དང་སྲང་ལམ་སྲིད་གཞུང་ཞེས་པར་བསྒྱུར་ཞིང་། གྲོང་ཁྱེར་ཁོན་ཁྲེང་ཆུས་ཀྱི་ཀུང་སུའོ་ཡི་འོག་ཏུ་ཚལ་ཁྲོམ་དང་། ཧྥུ་ཧྥེང་། པོ་ཀུའུ། ལིའུ་དབྱིན། སུང་ཅ། ཧོ་ལུང་། ཞིན་ཞིན། མེང་ཅ། ཨེར་ཏའོ་ཀུའུ། དབྱང་ཅ། ཐོན་ཧྲན། ཁའེ་ཧྥེང་། ཐའེ་ཧོ། ཐའེ་ཏུང་སོགས་སྲང་ལམ་གྱི་སྤྱི་ཁང་བཙུགས་ཡོད། 

སྤྱི་ལོ1955ལོའི་ཟླ2པར་ཆུས་མི་དམངས་སྲིད་གཞུང་དེ་ཆུས་མི་དམངས་ཨུ་ཡོན་ལྷན་ཁང་དུ་བསྒྱུར་བ་དང་། སྲང་ལམ་དོན་གཅོད་ཁང་དེ་གྲོང་མིའི་ཨུ་ཡོན་ལྷན་ཁང་དུ་བསྒྱུར། 

སྤྱི་ལོ1955ལོའི་ཟླ7པར། ཆུས་ཀྱི་མིང་ནི་ས་མིང་ལྟར་བཏགས། ཟླ8པར། སྡོད་དམངས་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ནས་སྲང་ལམ་དོན་གཅོད་ཁང་གི་སྒྲིག་གཞི་སླར་གསོ་བྱས། 

སྤྱི་ལོ1957ལོའི་ཟླ8པར་ཐོའུ་ཏའོ་ཀོའུ་ཆུས་དང་ཁོན་ཁྲེང་ཆུས་ཟླ་སྒྲིལ་བྱས་ནས་ཆུས་སུ་གྱུར་ཅིང་། དེར“ཁོན་ཁྲེང་ཆུས་མི་དམངས་ཨུ་ཡོན་ལྷན་ཁང”ཞེས་བཏགས།  དེའི་མངའ་འོག་ཏུ་ནན་ཅིན་དང་། ཧྲང་ཧའེ། ཞི་ཀོང་། པེ་ཅིན། ཏུང་ཀོང་། སུང་ཙི་ཝུན་བཅས་བཙུགས་ཡོད། 

སྤྱི་ལོ1958ལོའི་ཟླ3པར། སྲང་ལམ་དོན་གཅོད་ཁང་བཅུ་གཅིག་གི་མིང“དབྱང་ཅ་ཝེ་ཙི་སྲང་ལམ་དོན་གཅོད་ཁང”ཞེས་པར་བསྒྱུར། དམངས་གཙོའི་མིང“མེང་ཅ་སྲང་ལམ་དོན་གཅོད་ཁང”ཞེས་པར་བསྒྱུར། 

ལོ་དེར་ཁོན་ཁྲེང་ཆུས་ཀྱི་མངའ་འོག་ཏུ་པེ་ཅིན་དང་།  ཏུང་ཀོང་། སུང་ཅ། མེང་ཅ་བཅས་གྲོང་ཁྱེར་ལྔའི་མི་དམངས་ཀུང་ཧྲེ་དང་ཤང་གི་གྲོང་གསེབ་མི་དམངས་ཀུང་ཧྲེ་གཅིག་བཙུགས། 

སྤྱི་ལོ1964ལོར་གྲོང་ཁྱེར་མི་དམངས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཁུལ་ཡོངས་ཀྱི་གྲོང་ཁྱེར་ལྔའི་མི་དམངས་ཀུང་ཧྲེ་བདུན་སྟེ། ཏུང་ཀོང་། སུང་ཅ་ཝ་ཙི། ཞིན་ཧྥ། ཆུན་དབྱིན། ཐིའེ་ཞི། དབྱང་ཅ་ཝེ་ཙི་བཅས་གྲོང་ཁྱེར་གྱི་མི་དམངས་ཀུང་ཧྲེ་བཅས་སུ་ལེགས་སྒྲིག་བྱས་ཡིན། 

སྤྱི་ལོ1968ལོའི་ཟླ7པར། ཁོན་ཁྲེང་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་ཤིང་ཆུས་ཡོངས་ཀྱི་གྲོང་ཁྱེར་བདུན་གྱི་མི་དམངས་ཀུང་ཧྲེ་དང་ཞིང་ལས་ཀུང་ཧྲེ་གཅིག་ཚང་མ“གསར་བརྗེའི་ཨུ་ཡོན་ལྷན་ཁང”ཞེས་པར་བསྒྱུར། 

སྤྱི་ལོ1969ལོར་དར་དམར་མི་དམངས་ཀུང་ཧྲེ(དེ་སྔའི་ཡར་ཐོན་ཀུང་ཧྲེ)ཁྲང་ཁྲུན་གྲོང་ཁྱེར་གྱི་ཉེ་འཁོར་དུ་བགོས། 

སྤྱི་ལོ1980ལོར། གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཁོན་ཁྲེང་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་དེཁོན་ཁྲེང་ཆུས་མི་དམངས་སྲིད་གཞུང་དུ་བསྒྱུར་རྒྱུའི་ཐག་བཅད། གྲོང་ཁྱེར་གྱི་མི་དམངས་ཀུང་ཧྲེ་བདུན་ནི“སྲང་ལམ་དོན་གཅོད་ཁང”ཞེས་པར་བསྒྱུར། 

སྤྱི་ལོ1983ལོའི་དཔྱིད་ཀར། གྲོང་ཁྱེར་སྲིད་གཞུང་གིས་འབད་བརྩོན་ལྷོད་མེད་ཀྱིས་མདུན་དུ་སྐྱོད་པའི་ཀུང་ཧྲེ་སླར་ཡང་ཁོན་ཁྲེང་ཆུས་སུ་བསྒྱུར་རྒྱུའི་ཐག་བཅད།  སྤྱི་ལོ1984ལོའི་དཔྱིད་ཀར་འབད་བརྩོན་ལྷོད་མེད་ཀྱིས་མདུན་དུ་སྐྱོད་པའི་ཀུང་ཧྲེའི་དོ་དམ་ཨུ་ཡོན་ལྷན་ཁང་གིས“འབད་བརྩོན་ལྷོད་མེད་ཀྱིས་མདུན་དུ་སྐྱོད་པའི་ཞང་མི་དམངས་སྲིད་གཞུང”ཞེས་པར་བསྒྱུར། 

སྤྱིལོ1999ལོའི་ཟླ12པའི་ཚེས3ཉིན། ཁོན་ཁྲེང་ཆུས་ཀྱི་ཞི་ཀོང་སྲང་ལམ་དོན་གཅོད་ཁང་མེད་པར་བཟོས་ཏེ། དེའི་ཁོངས་གཏོགས་ཀྱི་སྲིད་འཛིན་ས་ཁོངས་དེ་ས་ཚིགས་མདུན་གྱི་སྲང་ལམ་དོན་གཅོད་ཁང་གི་བདག་སྤྲོད་བྱེད་ཁོངས་སུ་བཅུག་པ་དང་། རྒྱལ་ཁའི་སྲང་ལམ་དོན་གཅོད་ཁང་ཕྱིར་འཐེན་བྱས་ཏེ། དེའི་ཁོངས་གཏོགས་ཀྱི་སྲིད་འཛིན་ས་ཁོངས་ཞིན་ཧྥ་སྲང་ལམ་དོན་གཅོད་ཁང་གི་བདག་སྤྲོད་བྱེད་ཁོངས་སུ་འཇུག་རྒྱུ་ཐག་བཅད། 

3 མི་གྲངས།

སྤྱི་ལོ2016ལོར་ཁོན་ཁྲེང་ཆུས་སུ་ཏེ་ཧུའེ་གྲོང་ཁྱེར་དང་། ནུང་ཨན་རྫོང་། ཁྲང་ཁྲུན་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་གསར་སྤེལ་ཁུལ་གྱི་དོ་དམ་ལས་ཚབ་སྤྱི་བདེའི་མངགས་གཏོང་ཁང་གི་ཁོངས་གཏོགས་རྒྱལ་ཁོངས་ཀྱི་མི་འབོར169231ཡོད་པ་དང་། མི་གྲངས389606ཡོད་པ་དེ་སྤྱི་ལོ2015ལོ་དང་བསྡུར་ན་ཁྱིམ་ཚང2751 མི་གྲངས2481གིས་མང་དུ་ཕྱིན་ཡོད་ལ། དེའི་ནང་སྐྱེས་པའི་མི་གྲངས191881ཡོད་པ་དེ་སྤྱི་ལོ2015ལོ་ལས་མི་གྲངས1239ཇེ་མང་དུ་སོང་ཡོད། བུད་མེད་ཀྱི་མི་གྲངས197725ཡོད་པ་དེ་སྤྱི་ལོ2015ལོ་ལས་མི་གྲངས1242ཇེ་མང་དུ་སོང་ཡོད། སྐྱེས་པའི་མི་གྲངས་དང་བུད་མེད་ཀྱི་མི་གྲངས་ཀྱི་རྒྱལ་ཁོངས་མི་གྲངས་བསྡོམས་འབོར་གྱི49.252%དང50.753%ཟིན། ཁོན་ཁྲེང་ཆུས་ཀྱི་མི་གྲངས་སྐྱེ་ཚད6.65‰དང་། ཤི་གྲངས2.29‰ཟིན།  མི་གྲངས་རང་བྱུང་གིས་འཕར་ཚད4.36‰བཅས་ཟིན་ཡོད། 

སྤྱི་ལོ2016ལོར་ཁོན་ཁྲེང་ཆུས་དུ་ཧུའེ་རིགས་དང་། མན་ཇུ་རིགས། ཀྲོང་རིགས། ཁྲའོ་ཞན་རིགས། སོག་རིགས། ཐུའུ་ཅ་རིགས། ཤིས་པོ་རིགས་སོགས་གྲངས་ཉུང་མི་རིགས34ཡོད། ཁུལ་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་ཚོགས་པ1དང་། གྲངས་ཉུང་མི་རིགས་ཀྱི་སློབ་འབྲིང1 གྲངས་ཉུང་མི་རིགས་ཀྱི་སློབ་ཆུང1བཅས་ཡོད།


དཔྱད་གཞིའི་ཡིག་ཆ།