སྦུག་བསྐྱེད་ཕྲུ་གུསྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-01-16 14:46ལ་འགྲུབ།

སྦུག་བསྐྱེད་ཕྲུ་གུ

སྦུག་བསྐྱེད་ཕྲུ་གུ
ལོ་རྒྱུས་ཀྱི་དུས་མདའ་སྤྱི་ལོ1978ལོའི་ཟླ7པའི་ཚེས25ཉིན་གཏད་པའི་སྐབས་འདིར། མིའི་རིགས་ཀྱི་སྐྱེས་འཕེལ་གྱི་དུས་རབས་གསར་བ་ཞིག་གི་སྒོ་མོ་ཕྱེ་ཞིང་། དབྱིན་ཇིའི་མེན་ཁྲི་སི་ཐེའི་གྲོང་འདབས་སུ་ཆགས་པའི་ཨོར་ཏེ་མའོ་སྨན་ཁང་དུ་འཛམ་གླིང་སྟེང་གི“སྦུག་བསྐྱེད་ཕྲུ་གུ”ས་ཡ་གཅིག་ལྷག་ཙམ་བྱུང་བ་རེད། སྦུག་བསྐྱེད་ཕྲུ་གུའི་ལག་རྩལ་གྱི་བདེ་འཇགས་ལ་མི་ཚང་མས་དོ་སྣང་བྱེད་བཞིན་ཡོད་ལ། མིག་སྔར། སྦུག་བསྐྱེད་ཕྲུ་གུའི་ལྷན་སྐྱེས་ཀྱི་ལུས་སྐྱོན་ཅུང་མང་བའི་རྒྱུ་རྐྱེན་ནི་སྦུག་བསྐྱེད་ཕྲུ་གུ་བེད་སྤྱད་ནས་མངལ་ཆགས་པའི་བུ་མེད་དག་ལོ་ན་ཆེ་བ་དང་། ནད་མང་པོ་ཡོད་པ་སོགས་ལས་ཕྲུ་གུ་ལ་ལྷན་སྐྱེས་ཀྱི་ལུས་སྐྱོན་འབྱུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
试管婴儿
1 ​ངོ་སྤྲོད།

ལོ་རྒྱུས་ཀྱི་དུས་མདའ་སྤྱི་ལོ1978ལོའི་ཟླ7པའི་ཚེས25ཉིན་གཏད་པའི་སྐབས་འདིར། མིའི་རིགས་ཀྱི་སྐྱེས་འཕེལ་གྱི་དུས་རབས་གསར་བ་ཞིག་གི་སྒོ་མོ་ཕྱེ་ཞིང་། དབྱིན་ཇིའི་མེན་ཁྲི་སི་ཐེའི་གྲོང་འདབས་སུ་ཆགས་པའི་ཨོར་ཏེ་མའོ་སྨན་ཁང་དུ་འཛམ་གླིང་སྟེང་གི“སྦུག་བསྐྱེད་ཕྲུ་གུ”ས་ཡ་གཅིག་ལྷག་ཙམ་བྱུང་བ་རེད། སྦུག་བསྐྱེད་ཕྲུ་གུའི་ལག་རྩལ་གྱི་བདེ་འཇགས་ལ་མི་ཚང་མས་དོ་སྣང་བྱེད་བཞིན་ཡོད་ལ། མིག་སྔར། སྦུག་བསྐྱེད་ཕྲུ་གུའི་ལྷན་སྐྱེས་ཀྱི་ལུས་སྐྱོན་ཅུང་མང་བའི་རྒྱུ་རྐྱེན་ནི་སྦུག་བསྐྱེད་ཕྲུ་གུ་བེད་སྤྱད་ནས་མངལ་ཆགས་པའི་བུ་མེད་དག་ལོ་ན་ཆེ་བ་དང་། ནད་མང་པོ་ཡོད་པ་སོགས་ལས་ཕྲུ་གུ་ལ་ལྷན་སྐྱེས་ཀྱི་ལུས་སྐྱོན་འབྱུང་བ་ཡིན་པར་བཤད་པ་དང་། ཡང་བཤད་ཚུལ་གཞན་ཞིག་ནི། སྦུག་བསྐྱེད་ཕྲུ་གུའི་རྒྱུད་བརྒྱུད་ཀྱི་ནད་རིགས་འབྱུང་ཚད་ཅུང་ཉུང་བ་སྟེ། རྒྱུ་མཚན་ནི་སྦྲུམ་རྟེན་འཚོ་བཅུད་སྦྱིན་གཏོང་མ་བྱས་གོང་རྒྱུད་འཛིན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད། མིའི་རིགས་ཀྱི་རྒྱུད་བརྒྱུད་ནད་རིགས་མང་པོ་ཞིག་རྗེས་རབས་པར་འགོ་བ་སྔོན་འགོག་བྱས་ཡོད་པ་ཡིན།

2 ཁྱད་པར།

ཡིན་ན་ཡང་། སྦུག་བསྐྱེད་ཕྲུ་གུ་དང་རྒྱུན་ལྡན་ལྟར་སྐྱེས་པའི་ཕྲུ་གུའི་བར་ཞིབ་ཕྲའི་ཁྱད་པར་མང་པོ་ཡོད་པ་སྟེ། དཔེར་ན། རྒྱུན་ལྡན་ལྟར་སྐྱེས་པའི་ཕྲུ་གུ་དེ་མངལ་ཆགས་པའི་གོ་རིམ་ཁྲོད་དུ། ཁམས་དཀར་དུང་ཕྱུར20འགྲན་རྩོད་བྱས་པ་བརྒྱུད། མཇུག་མཐར་ཆེས་མགྱོགས་ཤིང་ཆེས་བཟང་བའི་ཁམས་དཀར་གཅིག་པུ་དེ་ཁམས་དམར་དང་འབྲེལ་ནས་མངལ་ཆགས་པ་ཡིན་ལ། དེ་ཡང་སྦུག་བསྐྱེད་ཕྲུ་གུའི་ལག་རྩལ་གྱིས་ཁམས་དཀར་འདེམས་པའི་སྐབས་སུ་ཁམས་དཀར་གྱི་ཕྱི་རོལ་ལ་ལྟ་ཞིབ་བྱས་ནས་བདམས་རྗེས། སྦུག་བསྐྱེད་ཕྲུ་གུའི་ཁམས་དམར་ཕྲ་ཕུང་ལ་ཚོད་སྦུག་གམ་གསོ་སྐྱོང་སྣོད་དུ་ཉིན2ནས3ལ་འཇོག་དགོས་པས། གསོ་རླུང་དང་འབྲེལ་ཚད་བུ་སྣོད་ལས་མང་ཞིང་། འདི་དག་ཚང་མས་མ་འོངས་པའི་ཕྲུ་གུའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད་པ་རེད། ཨོ་སུ་ཁྲི་ལི་ཡའི་ཞིབ་འཇུག་ཅིག་ལས་སྦུག་བསྐྱེད་ཕྲུ་གུའི་ལག་རྩལ་ལ་བརྟེན་མྱོང་བའི་བུད་མེད656ལ་བརྟག་དཔྱད་བྱས་ཤིང་། གཞི་གྲངས་དེར་གཞིར་བཟུང་ནས་སྦུག་བསྐྱེད་ཕྲུ་གུ་དང་རྒྱུན་ལྡན་ལྟར་སྐྱེས་པའི་ཕྲུ་གུ་གཉིས་བསྡུར་བ་ན། དེ་གཉིས་ཀྱི་འཚོ་བའི་གནས་ཚུལ་གཅིག་མཚུངས་ཡིན་ལ། བདེ་ཐང་དང་ལང་ཚོའི་སྐྱེས་འཕེལ། སློབ་གསོའི་མྱོང་ཚད་བཅས་ཀྱང་གཅིག་འདྲ་ཡིན་པ་ཚོར་རྟོགས་བྱུང་།

ཆེད་མཁས་པའི་དགོངས་པ་ལྟར་ན། ཚད་ལྡན་ཡིན་པའི་སྦུག་བསྐྱེད་ཕྲུ་གུའི་གནས་ཚུལ་ལ་བསྡུ་ལེན་བྱས་ཏེ་སྒྲིག་གཞི་འཛུགས་པ་དང་། སྐྱེས་ཟིན་པའི་སྦུག་བསྐྱེད་ཕྲུ་གུར་མུ་མཐུད་ནས་གཞི་ཁྱོན་ཆེ་བའི་སྦུག་བསྐྱེད་ཕྲུ་གུའི་གཞི་གྲངས་མཛོད་ཆེན་གསར་འཛུགས་བྱེད་པ་བཅས་བྱས་ནས། སྦུག་བསྐྱེད་ཕྲུ་གུའི་ལག་རྩལ་གྱི་བདེ་འཇགས་རང་བཞིན་ལ་གདེང་འཇོག་བྱེད་པར་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་ཐུབ་པར་འདོད་དོ།།


བརྡ་འགྲེལ་གདོང་འཛར།

འཚོ་བཅུད།