ཧེ་ཧི་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཧའེ་ལུང་ཅང་ཞིང་ཆེན་གྱི་བྱང་རྒྱུད་དང་། ཞིན་ཨན་ལིང་ཆུང་བའི་བྱང་ངོས་སུ་གནས་པ་དང་། མངའ་ཁོངས་ནང་གི་རི་བོ་མང་ཞིང་། གྲོག་རོང་འཕྲེད་གཞུང་དུ་ཆགས་ཡོད། ས་བབ་ནུབ་བྱང་རྒྱུད་དུ་མཐོ་བ། གྲང་ངར་ཆེ་བའི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ལ་གཏོགས་པ་ཡིན། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ68726ཡོད་པ་དེའི་ཁོངས་གཏོགས་སུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས1དང་། རྫོང་རིམ་པའི་གྲོང་ཁྱེར3 རྫོང2བཅས་ཡོད། སྤྱི་ལོ2018ལོར་སྤྱིའི་མི་འབོར་ཁྲི159.3ཟིན་ཡོད།
སྤྱི་ལོ1950ལོའི་ཟླ1པོའི་ཚེས16ཉིན་ཧེ་ཧུ་སྲིད་འཛིན་ཁུལ་གྱི་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཏེ་ཧའེ་ལུང་ཅང་ཞིང་ཆེན་ཧེ་ཧུ་ཆུས་ཀྲོན་ཡོན་ཀུང་ཧྲུའུ་ཞེས་པར་བསྒྱུར། སྤྱི་ལོ1955ལོའི་ཟླ4པའི་ཚེས19ཉིན་ཧེ་ཧུ་ཆུས་ཀྲོན་ཡོན་ཀུང་ཧྲུའུ་ཏེ་ཧའེ་ལུང་ཅང་ཞིང་ཆེན་ཧེ་ཧུ་ཀྲོན་ཡོན་ཀུང་ཧྲུའུ་ཞེས་པར་བསྒྱུར། སྤྱི་ལོ1967ལོའི་ཟླ4པའི་ཚེས9ཉིན་ཧེ་ཧུ་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1979ལོའི་ཟླ2པའི་ཚེས8ཉིན་ཧེ་ཧུ་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་ཕྱིར་འཐེན་བྱས་ཏེ་ཧའེ་ལུང་ཅང་ཞིང་ཆེན་ཧེ་ཧུ་ཆུས་སྲིད་འཛིན་ཀུང་ཧྲུའུ་བཙུགས། སྤྱི་ལོ1993ལོའི་ཟླ2པའི་ཚེས8ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧེ་ཧུ་ཆུས་ཕྱིར་འཐེན་བྱས་ཏེ་ཧེ་ཧུ་གྲོང་ཁྱེར(ས་ཁུལ་རིམ་པའི་གྲོང་ཁྱེར་)བཙུགས།
ཧེ་ཧུ་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཨའེ་ཧུའེ་ཆུས་ཐུང་ཅང་ལམ་ཨང2པ་རུ་ཡོད་པ་དང་། གྲོང་ཁྱེར་དུ་ཁྱོན་རྫོང་རིམ་པའི་སྲིད་འཛིན་ཁུལ6ཡོད་པའི་ནང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས1དང་། རྫོང་རིམ་པའི་གྲོང་ཁྱེར3 རྫོང2བཅས་ཚུད་ཡོད་པ་དེ་དག་ནི་ཨའེ་ཧུའེ་ཆུས་དང་། པེ་ཨན་གྲོང་ཁྱེར། ཏ་ལེན་ཁྲི་གྲོང་ཁྱེར། ནེང་ཅང་གྲོང་ཁྱེར། སུན་ཝུའུ་རྫོང་། ཤུན་ཁེ་རྫོང་བཅས་ཡིན།
ཧེ་ཧུ་གྲོང་ཁྱེར་ནི་ཀྲུང་གོའི་བྱང་ཤར་མཐའ་མཚམས་སུ་ཆགས་ཡོད་པ་དང་། ཧའེ་ལུང་ཅང་ཞིང་ཆེན་གྱི་བྱང་ཕྱོགས་སུ་ཆགས་ཡོད་པ་དང་། བྱང་གི་འཕྲེད་ཐིག47°42’དང51°03’ཡིན། ཤར་གྱི་གཞུང་ཐིག124°45’དང129°18’བར་དུ་གནས་ཡོད།
ཧེ་ཧུ་གྲོང་ཁྱེར་ནི་གྲང་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། དྲོད་གསོག་ཁུལ་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་བཞི་བརྒལ་ཡོད། དཔྱིད་དུས་དྲོད་ཚད་མཐོ་ལ་ལྷགས་པ་མང་བ་དང་། དབྱར་དུས་ཆར་ཞོད་ཀྱི་དུས་མཚུངས། སྟོན་དུས་དྲོད་ཚད་དམའ་རུ་འགྲོ་བ། དགུན་དུས་གྲང་ངར་ཆེ་བ་དང་སྐམ་ཤས་ཆེ་བ། དགུན་དུས་རིང་བ་དང་དབྱར་དུས་ཐུང་བ། དུས་བཞི་གསལ་བ། གྲོང་ཁྱེར་དེ་ཡོངས་སུ་ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི500-550ཡིན།
སྤྱི་ལོ2018ལོའི་ལོ་མཇུག་བར་ཧེ་ཧུ་གྲོང་ཁྱེར་གྱི་མིའི་བསྡོམས་འབོར་ཁྲི་159.3ཟིན་པའི་ནང་སྐྱེས་པའི་མི་འབོར་ཁྲི80.2དང་བུད་མེད་མི་འབོར་ཁྲི79.1ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི93.1དང་གྲོང་གསེབ་ཀྱི་མི་འབོར་ཁྲི66.2ཟིན་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་མི་འབོར་སྐྱེ་ཚད་ཀྱི4.6‰ཟིན་པ་དང་། ཤི་ཚད་ཀྱི5.6‰ཟིན། མི་འབོར་རང་བྱུང་འཕར་ཚད་ཀྱི-0.8‰བཅས་ཟིན་ཡོད།
སྤྱི་ལོ2017ལོར་ཧེ་ཧུ་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར504.2ཟིན་པ་དེ་དུས་མཚུངས་ལས6.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར241.3ཟིན་ནས7.9%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར72.6ཟིན་ནས1.1%འཕར་བ། ཐོན་ལས་གཉིས་པའི་ནང་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར61.9ཟིན་ནས8.1%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར190.3ཟིན་ནས6.8%འཕར་ཡོད། ཐོན་ལས་གསུམ་གྱིསGDPཡི་བསྡུར་ཚད་ཟིན་གྲངས་སོ་སོར47.9%དང་། 14.4% 37.7%བཅས་ཟིན་ཡོད།
ཧེ་ཧུ་གྲོང་ཁྱེར་དུ་ཧེ་ཧུ་ཨའེ་ཧུའེ་གནམ་གྲུ་ཐང་། ཝུའུ་ཏ་ལེན་ཁྲི་ཏུའུ་གནམ་གྲུ་ཐང་། ནེང་ཅང་གནམ་གྲུ་ཐང་། ཧེ་ཧུ་འབབ་ཚུགས་སོགས་ཡོད།