ཧྲང་ཁྲེང་ཆུས།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-01-17 11:30ལ་འགྲུབ།

ཧྲང་ཁྲེང་ཆུས།

ཧྲང་ཁྲེང་ཆུས།
ཧྲང་ཁྲེང་ཆུས་ནི་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཧང་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་ཆུས་ཡིན། ཧྲང་ཁྲེང་ཆུས་ནི་ཧང་ཀྲོའུ་གྲོང་ཁུལ་གྱི་དབུས་རྒྱུད་དུ་གནས་པ་དང་། ས་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ26.06ཟིན་པ་དང་། མངའ་ཁོངས་སུ་སྲང་ལམ6དང་སྡེ་ཁུལ54ཡོད་པ་རེད། 2018ལོའི་ལོ་མཇུག་བར་རྒྱུན་སྡོད་མི་འབོར་ཁྲི34.5ཡོད་པ་རེད། ཧྲང་ཁྲེང་ཆུས་ཀྱི་ས་ཁོངས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། སྔོན་ཆད་སུའེ་ཐང་ནས་མིན་གོའི་དུས་སྐབས་ཀྱི་ཀྲོའུ་སྐྱོང་གནས་ཡུལ་ཡིན་པ་དང་། ལྷག་པར་དུ་སུང་རྒྱལ་རབས་ལྷོ་མའི་སྐབས་སུ་ཧང་ཀྲོའུ་རྒྱལ་ས་བྱས་ཏེ། ཧྥེང་ཧོང་རི་བོའི་ཤར་འདབས་སུ་གོང་མའི་ཕོ་བྲང་བསྐྲུན་པ་དང་། དུས་ཡུན་ལོ140ལྷག་ཙམ་འགོར་ཡོད། སྤྱི་ལོ1949ལོའི་ཟླ5པའི་ཚེས3ཉིན་ཧང་ཀྲོའུ་བཅིངས་འགྲོལ་བཏང་ནས་དེ་སྔའི་ཆུས་དང་པོ་དེ་ཧྲང་ཁྲེང་ཆུས་སུ་བསྒྱུར། སྤྱི་ལོ2018ལོར། ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1102.70བྱུང་བ་དང་ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར404.93བྱུང་བ་དེ་ལོ་སྔོན་མ་ལས1.3%འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར697.78ཟིན་པ་དེ་ལོ་སྔོན་མ་ལས8.0%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
上城区
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི26.06ཡོད།
ཕྱི་ཡིག་གི་མིང་།
Shangcheng District
མི་འབོར།
ཁྲི35.4(སྤྱི་ལོ2018ལོའི་རྒྱུན་སྡོད་མི་འབོར)
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
སྲང་ལམ6ཡོད།
སྲིད་གཞུང་སྡོད་གནས།
ཝང་ཁྲའོ་ལམ་ཨང77པ།
མེ་འཁོར་ས་ཚིགས།
ཧང་ཀྲོའུ་མེ་འཁོར་ས་ཚིགས།
ས་ཁོངས་ཁ་པར་ཨང་རྟགས།
0571
རླངས་འཁོར་ཚབ་ཨང་།
浙A
སྦྲག་སྲིད་ཨང་རྟགས།
310000
ས་ཁུལ་གྱི་ཐོན་སྐྱེད་སྡོམ་འབོར།
སྒོར་དུང་ཕྱུར1102.7(སྤྱི་ལོ2018ལོ)
1 བཙུགས་པའི་འཕེལ་རིམ།

ཧྲང་ཁྲེང་ཆུས་ནི་སུང་ནས་ཆིན་གྱི་བར་དུ། ཆན་ཐང་དང་རེན་ཧོ་རྫོང་གི་མངའ་འོག་ཏུ་གཏོགས་པ་དང་། ཀྲུང་ཧྭ་མིང་གོའི་ཐོག་མའི་དུས་སུ་ཧང་རྫོང་གི་མངའ་འོག་ཏུ་གཏོགས། མིང་གོའི་སྲིད་ལོ་བཅུ་དྲུག་པར(སྤྱི་ལོ1927ལོར)ཧང་ཀྲོའུ་གྲོང་ཁྱེར་བཙུགས་པ་དང་། ཧྲེང་ཁྲེང་ཆུས་ནི་གྲོང་ཁུལ་དང་ཅང་ཀན་ཆུས་ཀྱི་ཁོངས་སུ་གཏོགས་ཡོད། དེ་རྗེས་གྲོང་ཁུལ་གྱི་སྲིད་འཛིན་ས་ཁོངས་ལ་འགྱུར་ལྡོག་ཐེངས་མང་བྱུང་ནས་ཧང་ཀྲོའུ་བཅིངས་འགྲོལ་མ་བཏང་གོང་བར་ཆུས་དང་པོ་དང་། ཆུས་གཉིས་པ། ཆུས་བཞི་པ(དེ་སྔའི་ཅང་ཀན་ཆུས་ལ་ཟེར)བཙུགས་ནས་ཆུས་གཞུང་སུའོ་བཙུགས་པ་རེད།

སྤྱི་ལོ1949ལོའི་ཟླ5པའི་ཚེས3ཉིན་ཧང་ཀྲོའུ་བཅིངས་འགྲོལ་བཏང་ཞིང་། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཧང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་སྔ་རྗེས་སུ་ཧྲང་ཁྲེང་ཆུས་སུ་བཙུགས་པ་རེད། སྔར་གྱི་ཆུས་དང་པོ་ནི་ཧྲང་ཁྲེང་ཆུས་དང་། ཆུས་གཉིས་པ་ནི་ཀྲུང་ཁྲེང་ཆུས། ཁུལ་བཞི་པ་ནི་ཅང་ཀན་ཆུས་བཅས་སུ་བསྒྱུར་བ་རེད།

2 སྲིད་འཛིན་ཁོངས་བགོས།
2_1 ཁོངས་བགོས་འཕེལ་རིམ།

སྤྱི་ལོ1952ལོའི་ཟླ11པར། གྲོང་ཁྱེར་སྲིད་གཞུང་གིས་ཧྲང་ཁྲེང་ཆུས་ཀྱི་བདག་སྐྱོང་བྱེད་ཁོངས་ལེགས་སྒྲིག་བྱས་ཏེ། ཧྲང་ཁྲེང་ཆུས་ཀྱི་ཧྲི་ཝུའུ་ཁུའེ་ཁྲོམ་གཞུང་དང་ཟམ་པ་དྲུག་2ཀྱི་སྤྱི་བདེ་མངག་གཏོང་ཁང་གི་དོ་དམ་བྱེད་ཁོངས་དེ་ཅང་ཀན་ཆུས་ཀྱི་དོ་དམ་བྱེད་ཁོངས་སུ་བཅུག་ཡོད།

སྤྱི་ལོ1954ལོའི་ཟླ8པར། གྲོང་ཁྱེར་མི་དམངས་ཨུ་ཡོན་ལྷན་ཁང་གིས་སྲང་ལམ་དོན་གཅོད་ཁང་བཙུགས་ནས་ཆུས་སྲིད་གཞུང་གི་མངག་གཏོང་ལས་ཁུངས་བཙུགས། ཧྲང་ཁྲེང་ཆུས་སུ་སྲང་ལམ9བཙུགས་པ་རེད།     སྤྱི་ལོ1957ལོའི་ཟླ6པར། ཀྲུང་ཁྲེང་ཆུས་འཛུགས་སྐྲུན་བྱ་རྒྱུ་ཕྱིར་འཐེན་ནས། དེའི་མངའ་འོག་གི་དངུལ་སྒོར་སྲང་ལམ་དང་། མཱ་ཧྲི་སྲང་ལམ། ཕི་ཧྲི་སྲང་ལམ། ན་གཞོན་ལམ་ལམ། ཡུའེ་ཝང་ལམ་བཅས་སྲང་ལམ་དོན་གཅོད་ཁང་བཅས་ཧྲང་ཁྲེང་ཆུས་ཀྱི་འགོ་ཁྲིད་ལ་དབང་བར་བྱས། སྤྱི་ལོ1963ལོའི་ཟླ12པར། གྲོང་ཁྱེར་མི་དམངས་ཨུ་ཡོན་ལྷན་ཁང་གིས་ཞཱ་ཀྲེང་ཆུས་སྲང་ལམ་དོན་གཅོད་ཁང་དེ་ཧྲང་ཁྲེང་ཆུས་ལ་བགོ་རྒྱུའི་ཐག་བཅད།     སྤྱི་ལོ1969ལོའི་ཟླ4པར་ཞི་ཧུའུ་ཆུས་ཀྱི་ནན་ཧྲན་སྲང་ལམ་དོན་གཅོད་ཁྲུའུ་དེ་ཧྲང་ཁྲེང་ཆུས་འགོ་ཁྲིད་ཀྱི་ཁོངས་སུ་བཅུག་ཡོད།     སྤྱི་ལོ1972ལོའི་ཟླ12པར། ནན་ཧྲན་སྲང་ལམ་དོན་གཅོད་ཁང་དེ་ཞི་ཧུའུ་ཆུས་ཀྱི་འགོ་ཁྲིད་ལ་དབང་བར་བྱས།

སྤྱི་ལོ2003ལོའི་ཟླ5པར། དེ་སྔའི་སྲང་ལམ་དོན་གཅོད་ཁྲུའུ9དེ6ཏུ་ལེགས་སྒྲིག་བྱས་ཡོད། སྒར་ཆུང་སྲང་ལམ་དང་། གྲོང་ཁྱེར་འབབ་ཚུགས་ཀྱི་སྲང་ལམ་དུ་སྒར་ཆུང་སྲང་ལམ་གསར་པ་བཙུགས་པ་དང་། ལྷོ་སྐར་སྲང་ལམ་དང་ཀྲ་ཁོའུ་སྲང་ལམ་དུ་ལྷོ་སྐར་སྲང་ལམ་གསར་པ་འཛུགས་རྒྱུ་མེད་པ་བཟོ་རྒྱུ། ཙི་དབྱང་སྲང་ལམགྱི་་ས་མཚམས་དབྱེ་འབྱེད་ལེགས་སྒྲིག་བྱས་ནས་ཧུའུ་པིན་སྲང་ལམ་དང་ཆིང་པོ་སྲང་ལམ་སྒྲིག་བཀོད་སོར་འཇོག་བྱས་པ་རེད།

སྤྱི་ལོ2018ལོའི་ཟླ10པའི་བར། ཧྲང་ཁྲེང་ཆུས་ཁོངས་གཏོགས་སུ་ཁྲོམ་གཞུང6དང་སྡེ་ཁུལ54ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 ས་ཁམས་གནས་ཡུལ།

ཧྲང་ཁྲེང་ཆུས་ནི་ཧང་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་ཆུས་ཡིན་པ་དང་། ཤར་དུ་ཆིང་ཁྲུན་བསྣོལ་ཟམ་དང་ནུབ་ཏུ་བྱེ་ཆུའི་རྒྱུད་ཀྱི་ཆིང་ཐའེ་བསྣོལ་ཟམ་བརྒྱུད་ཡོད། ཆིང་ཅང་ལམ་ནས་ཆན་ཅང་ཟམ་པ་གསུམ་དང་། ཅང་ཀན་ཁུལ་དང་འབྲེལ་ཡོད། ལྷོ་ནས་ཆན་ཅང་ཟམ་པ་གསུམ་པ་ནས་ཆན་ཐང་གཙང་པོའི་ཟམ་ཆེན་གྱི་ཤར་ཕྱོགས་ཏེ། པིན་ཅང་ཆུས་དང་ཕན་ཚུན་ཁ་གཏད་ནས་ཡོད། ནུབ་ཀྱི་ཆན་ཐང་གཙང་པོའི་ཟམ་ཆེན་གྱི་ཤར་ཕྱོགས་ནས་ཧུའུ་ཁྲུང་ལམ་གྱི་བྱང་ངོས་ནས་ལྕགས་ལམ་གྱི་ཆུ་འགྲོ་ཟམ་པའི་བར་དང་། བྱང་ངོས་ནས་ཡུས་ཧོང་ཧྲན་རི་བོའི་འདབས་ནས་ཝན་སུང་ལིན་བར་གྱི་ལམ་རྒྱུད། ནུབ་ངོས་ནས་ཞི་ཧུའུ་མཚེའུ་ཡི་ཤར་ངོས་ནས་སྤྱི་གླིང་དྲུག་པ་རུ་ཐད་ཀར་བསྐྱོད་དེ་ཞི་ཧུའུ་ཆུས་དང་འབྲེལ་ཡོད་ཅིང་། བྱང་གི་སྤྱི་གླིང་དྲུག་པ་ནས་ཆིང་ཁྲུན་ལམ་ནས་ཐེ་ཧྲ་ཆུ་བོའི་བར་དང་། ཞ་ཁྲེང་ཆུས་དང་འབྲེལ་ཡོད། གཞུང་ཐིག་གི་ཚད120.15དང་འཕྲེད་ཐིག་ཚད་ནི་30.28ཡིན། ཆུས་ཡོངས་ཀྱི་རྒྱ་ཁྱོན་གྱིས་སྤྱི་ལེ་གྲུ་བཞི་མ26.06ཟིན་ཡོད། ཆུས་མི་དམངས་སྲིད་གཞུང་ཝང་ཁྲའོ་ལམ་ཨང77པ་རུ་གནས་ཡོད།

3_2 ས་དབྱིབས་རྣམ་པ།

གྲོང་ཁུལ་གྱི་ས་དབྱིབས་ནི་ངེས་གཏན་མེད་པའི་གྲུ་བཞི་ནར་མོ་ཡིན་པ་དང་། ས་བབ་ནི་ལྷོ་ནུབ་མཐོ་ཞིང་བྱང་ཤར་དམའ་བ་ཡིན།

3_3 ནམ་ཟླ།

ཆུས་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁུལ་དུ་གནས་པ་དང་། དགུན་དུས་སུ་མོང་གོལ་མཐོ་གནོན་གྱིས་ཚོད་འཛིན་བྱས་ཏེ། ནུབ་བྱང་གི་རླུང་ཆེན་རྒྱས་པ་དང་། གནམ་གཤིས་དྭངས་ཤིང་བསིལ་བ་དང་སྐམ་ཤས་ཆེ་བ། གནམ་གཤིས་ནི་གཙོ་བོ་དྲོད་ཚད་དམའ་བ་དང་ཆར་ཆུ་ཉུང་བའི་དུས་ཚིགས་ཡིན། དབྱར་ཁར་ཞི་བདེ་རྒྱ་མཚོའི་ཚ་ཁུལ་ཕལ་བའི་མཐོ་གནོན་གྱིས་ཚོད་འཛིན་བྱས་ཏེ། ཤར་ལྷོའི་རླུང་གིས་གཙོ་བོ་བྱེད་པ་དང་། རྒྱ་མཚོར་ཆུ་རླངས་ཀྱིས་ཁེངས་ཤིང་། མཁའ་རླུང་བཞའ་ཚན་ཆེ་ལ། དྲོད་ཚད་མཐོ་ཞིང་འོད་དྲག་པའི་དུས་ཚིགས་ཡིན། སྟོན་དཔྱིད་ཀྱི་དུས་ཚིགས་གཉིས་ནི་བར་བརྒལ་གྱི་དུས་སྐབས་ཡིན་ཞིང་། རླུང་འཁྱིལ་ཡང་ཡང་རྒྱུག་ཅིང་། མཚམས་ངོས་ཆར་པ་ཤིན་ཏུ་མང་། ཧྲང་ཁྲེང་ཆུས་ཀྱི་གནམ་གཤིས་དྲོ་པོ་ཡོད་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད16℃(ཟླ་བ་དམའ་ཤོས་ནི་ཟླ1པོ་ཡིན་པ་དང་། ཆ་སྙོམས་དྲོད་ཚད4℃ཡིན། ཆེས་མཐོ་བ་ནི་ཟླ་བདུན་པར་ཆ་སྙོམས་དྲོད་ཚད28.4℃ཡིན)ཡིན་པ་དང་། ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི1480ཡས་མས་ཡིན།

མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་བར། གྲོང་ཁུལ་དུ་རྒྱུན་སྡོད་མི་འབོར་ཁྲི34.5ཟིན་པ་དེ2017ལོའི་ལོ་མཇུག་ལས་མི་ཁྲི0.3ཉུང་དུ་ཕྱིན་ནས་ཆག་ཚད0.86%ཟིན་ཡོད་པ་རེད། ཆུས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི34.5ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད100%ཟིན་ཡོད། ཆུས་ཡོངས་ཀྱི་སྤྱི་ལོ2017ལོའི་ཟླ11པའི་ཚེས1ཉིན་ནས་སྤྱི་ལོ2018ལོའི་ཟླ10པའི་ཚེས31ཉིན་བར་མི་འབོར་སྐྱེ་ཚད7.35%ཟིན་པ་དང་། ཤི་ཚད5.81‰མི་འབོར་རང་ཤུགས་སུ་འཕར་ཚད་ཀྱིས1.54‰ཟིན་ཡོད།

4 དཔལ་འབྱོར།

ཐོག་མའི་ཞིབ་རྩིས་ལ་གཞིགས་ན། སྤྱི་ལོ2018ལོར་གྲོང་ཁུལ་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1102.70ཟིན་པ་དེ་ལོ་སྔོན་མ་ལས5.3%འཕར་ཡོད། ཐོན་ལས་ལ་གཞིགས་ནས་དབྱེ་ན་ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར404.93བྱུང་བ་དེ་ལོ་སྔོན་མ་ལས1.3%འཕར་ཡོད། དེའི་ནང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར372.38ཟིན་པ་དེ་ལོ་སྔོན་མ་ལས1.7%འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར697.78ཟིན་པ་དེ་ལོ་སྔོན་མ་ལས8.0%འཕར་ཡོད། ཐོན་ལས་གཉིས་པ་དང་གསུམ་པའི་གྲུབ་ཚུལ་ནི36.7:63.3ཡིན།

སྤྱི་ལོ2018ལོར་ཧྲང་ཁྲེང་ཆུས་ཀྱི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར160.17ཟིན་པ་དེ་ལོ་སྔོན་མ་ལས10.8%འཕར་ཡོད། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར80.65ལེགས་གྲུབ་བྱུང་བ་དེ་ལོ་སྔོན་མ་ལས10.2%འཕར་ཡོད།སྒེར་འབབ་དཔྱ་ཁྲལསྒོར་དུང་ཕྱུར17.32ཟིན་པ་དེས22.5%བཟུང་བ་དེ་ལོ་སྔོན་མ་ལས22.3%འཕར་བ་རེད། གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་དཔྱ་ཁྲལ་སྒོར་དུང་ཕྱུར4.23ཟིན་པ་དེས5.5%ཟིན་ཡོད་ཅིང་ལོ་སྔོན་མ་ལས13.1%འཕར་བ་རེད། ཁང་པའི་དཔྱ་ཁྲལ་སྒོར་དུང་ཕྱུར5.06ཟིན་པ་དེས6.6%བཟུང་བ་དེ་ལོ་སྔོན་མ་ལས19.1%འཕར་ཡོད།

སྤྱི་ལོ2018ལོར་ཧྲང་ཁྲེང་ཆུས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར40.59ཟིན་པ་དེ་ལོ་སྔོན་མ་ལས1.3%འཕར་ཡོད། དེའི་ནང་སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་འགྲོ་སྒོ་སྒོར་དུང་ཕྱུར4.51ཟིན་པ་དེ་ལོ་སྔོོན་མ་ལས13.8%འཕར་བ་དང་། སྤྱི་པའི་བདེ་འཇགས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར4.18ཟིན་པ་དེ་ལོ་སྔོན་མ་ལས10.6%འཕར་བ་རེད། སློབ་གསོའི་འགྲོ་སྒོ་སྒོར་དུང་ཕྱུར8.79ཟིན་པ་དེ་ལོ་སྔོན་མ་ལས2.3%ཆག་པ་དང་། ཚན་རིག་ལག་རྩལ་གྱི་འགྲོ་སྒོ་སྒོར་དུང་ཕྱུར1.37ཟིན་ནས་ལོ་སྔོན་མ་ལས3.6%ཆག་པ་རེད། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར8.84ཟིན་པ་དེ་ལོ་སྔོན་མ་ལས7.9%འཕར་བ་རེད། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་འགྲོ་སྒོ་སྒོར་དུང་ཕྱུར2.0ཟིན་པ་དེ་ལོ་སྔོན་མ་ལས7.8%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ལས་དོན་གྱི་འགྲོ་སྒོ་སྒོར་དུང་ཕྱུར་5.83ཟིན་པ་དེ་ལོ་སྔོན་མ་ལས3.9%ཆག་ཡོད།

5 འགྲིམ་འགྲུལ་སྐྱེལ་འདྲེན།

ཧྲང་ཧའེ་ནས་ཧང་ཀྲོའུ་དང་། ཀྲེ་ཅང་ནས་ཅང་བར་གྱི་ལྕགས་ལམ་བརྒྱུད་པ་དང་། ཧང་ཀྲོའུ་གྲོང་ཁྱེར་འབབ་ཚུགས་བཙུགས་ཏེ་ཞི་ཧུའུ་ལམ་ཆེན་དང་གྲོང་སྐོར་ཤར་ལམ་གྱི་སྣོལ་མདོ་རུ་གནས་པ་དང་། ལྕགས་ལམ་ཧང་ཀྲོའུ་འབབ་ཚུགས་ནི་དམིགས་བསལ་རིམ་པའི་འགྲུལ་སྐྱེལ་ས་ཚིགས་ཡིན་པ་དང་ས་ཁྱོན་སྨི་གྲུབ་བཞི་མ་ཁྲི22.6ཟིན་ཡོད། ཧང་ཀྲོའུ་རླངས་འཁོར་ལྷོ་ཚུགས་ནི་ཧྲང་ཁྲེང་ཆུས་ཆིའུ་ཐའོ་ལམ་དུ་གནས་པ་དང་། རིམ་པ་དང་པོའི་འགྲུལ་སྐྱེལ་ས་ཚིགས་ཡིན། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི1.2ཟིན་ཡོད། ཆིའུ་ཧྲི་ཀའོ་ལམ་དང་ཀྲུང་ཧྲི་ཀའོ་ལམ་ཧང་ཀྲོའུ་ས་འོག་ལྕགས་ལམ་གྱི་ལམ་ཐིག་དང་པོར་ཁྱབ་ཡོད།

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོའི་ལས་དོན།

སྤྱི་ལོ 2018ལོའི་ལོ་མཇུག་བར། གྲོང་ཁུལ་དུ་ལས་ཐོག་དགེ་རྒན་དང་ལས་བཟོ་བ4465ཡོད་པ་རེད། དེའི་ནང་ཆེད་བསྐོས་དགེ་རྒན3519ཡོད། ལོ་ཧྲིལ་པོར་ཆུས་ནོར་སྲིད་ཀྱིས་སློབ་གསོའི་བྱ་གཞག་ལ་བཏང་བའི་གྲོན་དངུལ་སྒོར་དུང་ཕྱུར8.03ཟིན་ཅིང་ལོ་སྔོན་མ་ལས5.8%འཕར་ཡོད། ལོ་མཇུག་བར་ཆུས་ཡོངས་སུ་སློབ་འབྲིང12ཡོད་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ9037ཡོད། སློབ་ཆུང18ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ21315ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭ1དང་སློབ་གྲྭར་ཡོད་པའི་སློབ་མ207ཡོད། ལས་རིགས་མཐོ་རིམ་སློབ་གྲྭ1དང་སློབ་གྲྭར་ཡོད་པའི་སློབ་མ551ཡོད། བྱིས་སྐྱོང་གླིང30ལ་ཕྲུ་གུ9868ཡོད་པ་རེད། ཆུས་ཡོངས་ཀྱི་ལོ་དགུའི་འོས་འགན་སློབ་གསོའི་སློབ་གྲྭར་ཞུགས་ཚད100%དང་སློབ་ལོ་མ་ལོན་པའི་བྱིས་པ་བྱིས་སྐྱོང་གླིང་དུ་ཞུགས་ཚད100%ཟིན་ཡོད། ལོ་ཧྲིལ་པོར་སློབ་གྲྭ་འབྲིང་ཆུང་གི་སློབ་མ3753བསྡུས་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མ5839གསོ་སྐྱོང་བྱེད་ཀྱིན་ཡོད། ལོ་ཧྲིལ་པོར་གཞི་རྩའི་འཛུགས་སྐྲུན་གྱི་མ་དངུལ་སྒོར་ཁྲི7622.61བཏང་ནས་སློབ་གྲྭའི་ཉལ་ཁང་ཉམས་གསོའི་འཆར་གཞིའི་འགྲོ་གྲོན་སྒོར་ཁྲི1000བཏང་ཡོད། ཧའེ་ཁྲའོ་བྱིས་སྐྱོང་གླིང་དང་། ཧྲེང་ཧྲེང་སློབ་ཆུང་གི་གྲོང་གསར་སློབ་ཁུལ། དེ་བཞིན་ཞོར་གཏོགས་བུ་བཅོལ་ཁང་། ཁྲུང་ཝུན་དུས་རབས་ཆུས་ཚོད་ལྟའི་སློབ་ཆུང་བཅས་གསར་དུ་བསྐྲུན་ནས་ཧུའེ་ཤིན་སློབ་འབྲིང་བསྐྱར་སྐྲུན་ལེགས་གྲུབ་བྱས། ཅིན་ཏུའུ་ཐེན་ཁྲང་སློབ་ཆུང་དང་། ཧྥེང་ཧོང་སློབ་ཆུང་ཆན་ཅང་སློབ་ཁུལ། ཆིང་ཐའེ་ཚོད་ལྟའི་སློབ་གྲྭའི་སློབ་འབྲིང་པུའུ་བཅས་ཀྱི་གསང་སྤྱོད་རིམ་སྤོར་སྒྱུར་བཀོད་ལས་གྲྭ་ལེགས་གྲུབ་བྱུང་། ཕེ་ཧུང་བྱིས་སྐྱོང་གླིང་གི་ཕེ་ཧུང་གླིང་ཁུལ་དང་། ཧང་ཀྲོའུ་གྲོང་ཁྱེར་སློབ་གསོ་ཚན་རིག་སུའོ་ཡི་ཞོར་གཏོགས་སློབ་ཆུང་གི་སྣ་མང་ཅན་གྱི་སློབ་ཁང་སྒྱུར་བཀོད་དང་། རྒྱལ་ཁའི་ཚོད་ལྟའི་སློབ་གྲྭའི་བདེ་འཇགས་སྒྱུར་བཀོད་དང་དེ་བཞིན་སྤུས་ཚད་མཐོར་གཏོང་འཆར་འགོད། ཧུའེ་རིགས་མུའུ་ཤིན་སློབ་ཆུང་གི་སྤྱི་ཡོངས་མཛེས་བཟོ་སྒྱུར་བཀོད་བཟོ་སྐྲུན། ཞུས་ཅ་ཕུའུ་ཨང9པའི་འགོ་འཛུགས་ཟམ་པའི་བྱིས་སྐྱོང་གླིང་གི་བར་བརྒལ་ས་ཚིགས་ཀྱི་བཟོ་སྐྲུན་བཅས་ལེགས་སྒྲུབ་བྱས་པ་རེད། སྨི་གྲུ་བཞི་མ37096གསར་སྣོན་བྱས་པ་དང་། སློབ་གྲྭའི་ཁང་པ་སྨི་གྲུ་བཞི་མ36400བསྒྱུར་བཀོད་དང་མཛེས་བཟོ་བྱས་ཡོད།

6_2 ཚན་རིག་ལག་རྩལ།

སྤྱི་ལོ2018ལོར་ཧྲང་ཁྲེང་ཆུས་ཞིང་ཆེན་གྱི་ཁག་དང་པོའི་ཀྲེ་ཅང་ཞིང་ཆེན་གྱི་རྒྱུན་མཐུད་འཕེལ་རྒྱས་གསར་གཏོད་དཔེ་སྟོན་ཁུལ་དུ་བདམས་པ་དང་། གྲོང་ཁྱེར་རིམ་པའི་བདེ་ཐང་ཞབས་ཞུ་དང་གྲངས་གཞི་ཆེ་མོའི་ཐོན་ལས་གསར་གཏོད་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་གཞིར་གཏན་འཁེལ་བྱས་ཡོད། ལོ་ཧྲིལ་པོར་རིམ་པ་དེ་གའི་ནོར་སྲིད་ཀྱིས་ཚན་རྩལ་གྲོན་དངུལ་སྒོར་ཁྲི12813བཏང་ནས2017ལོ་ལས3.95%འཕར་ཡོད། དེའི་ནང་ལག་རྩལ་གསར་གཏོད་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི3885ཟིན་ནས5.20%འཕར་ཡོད། ཞིང་ཆེན་རིམ་པ་དང་དེའི་ཡན་གྱི་ཚན་རྩལ་རྣམ་གྲངས10ལ་བརྩོན་ལེན་བྱས་ནས་ཞིང་ཆེན་རིམ་པ་དང་དེའི་ཡན་གྱི་ཚན་རྩལ་རྣམ་གྲངས་ཀྱི་འགྲོ་གྲོན་སྒོར་ཁྲི709རག་ཡོད། ལོ་མཇུག་བར་ཆུས་ཡོངས་སུ་ཞིང་ཆེན་རིམ་པ་ཡན་གྱི་མཐོ་གསར་ལག་རྩལ་ཁེ་ལས105ཡོད་པ་དང་ལོ་དེར་ཁེ་ལས34མང་དུ་ཕྱིན་པ་དང་། གྲོང་ཁྱེར་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས123ཡོད་པ་ལོ་དེར35གསར་དུ་འཕར་ཡོད།

6_3 རིག་གནས་ལས་དོན།

སྤྱི་ལོ2018ལོར་ཧྲང་ཁྲེང་ཆུས་ཀྱི་དཔེ་མཛོད་ཁང་གི་ས་ཆ་འདེམས་རྒྱུ་ལེགས་གྲུབ་བྱུང་ནས“གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་དཔྱད་དཔོག་དམིགས་ཚད”གསར་ཤོས(སྤྱི་ལོ2017ལོ)ཞིང་ཆེན་ཡོངས་ཀྱི་ཨང31པར་སླེབས་ཡོད། ལྗོངས་རིག་གནས་ཁང་གིས་རིག་གནས་འཁོར་ཞག14ཁྱབ་གདལ་བཏང་བ་དང་། རིག་རྩལ་འཁྲབ་སྟོན་ཐེངས600ལྷག་ཙམ་སྒྲིག་འཛུགས་བྱས། སྤྱི་པའི་རིག་གནས་གསོ་སྦྱོང་ཁག77དང་ཁག225གཉེར་བ་རེད། མང་ཚོགས་མི་ཐེངས36000ལ་ཕན་པ་ཐོབ་ཡོད། “དཔེ་དེབ་ཀྱི་དྲི་ཞིམ་འཐུལ་བའི”བཟོ་བཀོད་གཏིང་ཟབ་ཏུ་སྤེལ། དམངས་ཡོངས་ཀྱི་དཔེ་ཀློག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དང་སྙན་ངག་རོལ་དབྱངས་འདུ་ཚོགས་སོགས་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་ཐེངས2000ལྷག་ཙམ་སྤེལ་བས་མང་ཚོགས་མི་ཐེངས་ཁྲི30ལ་ཕན་པ་ཐོབ་ཡོད་པ་རེད། “སྤྱོད་གཙང་སེམས་དྭངས”ཞེས་པའི་སྲིད་གཙང་རིག་གནས་དགོང་ཚོགས་དང་། 2018ལོའི་སུང་རྒྱལ་རབས་ལྷོ་མའི་རིག་གནས་དུས་ཆེན་སོགས་ཁྱད་ལྡན་སྤུས་རྟགས་བཏོན་པ་དང་། རིམ་པ་ལྔའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་མ་ལག་འཐུས་སྒོ་ཚང་དུ་བཏང་བ་རེད། ཧང་ཀྲོའུ་ཡི་ཟངས་བརྐོས་ལག་རྩལ་སོགས་སྲོལ་རྒྱུན་བཟོ་རྩལ་ཁག་གསུམ་རྒྱལ་ཁབ་ཀྱི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་ཀྱི་དཀར་ཆག་ནང་བཅུག་པ་རེད། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ1མང་དུ་བཏང་བ་དང་། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ5མང་དུ་བཏང་བ། ཀྲེ་ཅང་ལུགས་ཀྱི་གནའ་བོའི་སྒྲ་སྙན་སྒྱུ་རྩལ་དང་ཧང་ཀྲོའུ་ཡི་ཚ་རླབས་ཆུང་བ་སོགས་ཞིང་ཆེན་རིམ་པ་ཡན་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མིང་ཐོ19བསྡུས་ནས་ཧང་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ཨང་དང་པོར་སླེབས་ཡོད་པ་རེད།

6_4 ལུས་རྩལ་ལས་དོན།

སྤྱི་ལོ2018ལོར་གྲོང་ཁུལ་དུ་ལུས་རྩལ་ལྟེ་གནས་བསྐྲུན་རྒྱུར་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་སྒྲིག་བཀོད་རིན་མེད་ངང་སྒོ་ཕྱེ་ཡོད། གྲོང་ཁུལ་གྱི་སྐབས་དགུ་པའི་ལུས་རྩལ་འགྲན་ཚོགས་ཀྱི་མུ་འབྲེལ་འགྲན་བསྡུར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་ལྗོངས་ཡོངས་ཀྱི་ལུས་རྩལ་ཚོགས་པ35ཡིས་ལུས་སྦྱོང་བྱེད་སྒོ་སྣ་ཚོགས་ཐེངས160ལྷག་ཙམ་སྤེལ་བ་དང་མང་ཚོགས་ཁྲི་5ལྷག་ཙམ་ཞུགས་ཡོད་པ་རེད། སློབ་གྲྭ་འབྲིང་ཆུང34བདེ་འཇགས་དང་གོ་རིམ་ལྡན་པའི་ངང་གྲོང་མིར་རིན་མེད་ངང་སྒོ་མོ་ཕྱེ་བ་དང་། ལྷོ་ནུབ་རྟ་དམག་སྒར་ལུས་རྩལ་རིག་གནས་སྤྱི་གླིང་དང་ཏིང་ཨན་ལམ་ལུས་རྩལ་ལྟེ་གནས་ཀྱིས་རིན་པ་དམའ་མོའམ་ཡང་ན་རིན་མེད་ངང་སྤྱི་ཚོགས་ལ་སྒོ་ཕྱེ་ཡོད། རྒྱལ་དམངས་ཀྱི་གཟུགས་གཞི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་ཚད1754ལེགས་གྲུབ་བྱུང་བ་དང་། བྱིས་པའི་ཚད་གཞི་ལོན་ཚད93.3%དང་དར་མའི་ཚད་གཞི་ལོན་ཚད96.5%ཟིན་ནས“བདེ་ཐང་གི་ཀྲེ་ཅང”ཞེས་པའི་ཚད་གཞི་ལོན་ཚད་ཀྱི་དམིགས་ཚད་ལས་བརྒལ་ཡོད་པ་རེད། ལུས་རྩལ་གསོ་སྦྱོང་སྡེ་ཁུལ་དང་། ཁེ་ལས་བྱ་གཞག་ཚན་པ། སློབ་གྲྭ་བཅས་སུ་ཁྱོན་ཐེངས50ལྷག་ཙམ་བཏང་བས་མི་ཁྲི2ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

སྤྱི་ལོ2018ལོར་གྲོང་ཁུལ་དུ་ལུས་རྩལ་ལྟེ་གནས་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་དང་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་སྒྲིག་བཀོད་རིན་མེད་ངང་སྒོ་ཕྱེ་ཡོད། གྲོང་ཁུལ་གྱི་སྐབས་དགུ་པའི་ལུས་རྩལ་འགྲན་ཚོགས་ཀྱི་མུ་འབྲེལ་འགྲན་བསྡུར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་ལྗོངས་ཡོངས་ཀྱི་ལུས་རྩལ་ཚོགས་པ35ཡིས་ལུས་སྦྱོང་བྱེད་སྒོ་སྣ་ཚོགས་ཐེངས160ལྷག་ཙམ་སྤེལ་བ་དང་མང་ཚོགས་ཁྲི5ལྷག་ཙམ་ཞུགས་ཡོད་པ་རེད།

6_5 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་བར། གྲོང་ཁུལ་དུ་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས211 སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)43 སྒོ་བསྟེན་སྨན་བཅོས་ཁང58སྨན་བཅོས་ཁང་དང་འཕྲོད་བསྟེན་ཁང79བཅས་ཡོད་པ་རེད། ཉལ་ཁྲི12977ཡོད་པའི་ནང་སྨན་ཁང་གི་ཉལ་ཁྲི12665ཡོད་པ་རེད། རིགས་ཁག་གི་ཆེད་ལས་འཕྲོད་བསྟེན་ལག་རྩལ་མི་སྣ21974ཡོད་པའི་ནང་ལས་གཉེར་སྨན་པ82288དང་། ནད་གཡོག10286ཐོ་འགོད་བྱས་ཡོད།

6_6 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2018ལོར། གྲོང་ཁུལ་གྱི་མི4236གིས་ཁྱིམ་སྡོད་རྒན་གསོའི་སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུ་ལོངས་སྤྱོད་བྱས་པ་དང་། ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ལྟ་སྐྱོང་ལྟེ་གནས51དང་རྒན་རྒོན་ཟ་ཁང21 གཉེར་སྐྱོང་བྱས་ཡོད། རྒན་གསོའི་ལས་ཁུངས་ཀྱི་ཉལ་ཁྲི53མང་དུ་བཏང་ཡོད། ལོ་ཧྲིལ་པོར་ཁྱིམ་སྡོད་རྒན་གསོ་སྲིད་གཞུང་གིས་རིམ་རྩིས་བྱས་ན་མི་ཐེངས་ཁྲི4.98ལྷག་ཙམ་དང་ཆུ་ཚོད་ཁྲི48.51ལྷག་ཙམ་ཟིན་ནས་ཞབས་ཞུའི་འགྲོ་གྲོན་ཁྱོན་སྒོར་ཁྲི1173.85ལྷག་ཙམ་ཟིན་ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར། དཀའ་ངལ་ལག་འཁྱེར་ཡོད་པའི་དུད་ཚང2003དང་མི2818ཡོད་པ་དང་། ལོ་ཧྲིལ་པོར་ཁྱོན་མི་ཐེངས35749དང་མི་ཐེངས62780ལ་རོགས་སྐྱོབ་བྱས་པ་དང་རིགས་ཁག་གི་རོགས་སྐྱོབ་དངུལ་སྒོར་ཁྲི3659.88ལྷག་ཙམ་སྤྲད་པ་རེད།

7 ལོ་རྒྱུས་རིག་གནས།

གྲོང་ཁུལ་དུ་ད་ཆ་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ6(ཧུའུ་ཆིང་ཡུས་ཐང་དང་། ཀྲ་ཁུའུ་མཆོད་རྟེན་དཀར་པོ། ཧྥེང་ཧོང་དགོན། ཚངས་པ་དགོན་གྱི་རྒྱལ་མཚན། པའོ་ཁྲེང་དགོན་གྱི་མ་ཏ་ཀ་ལ་སྐུ་བརྙན། སུང་ལྷོ་མའི་གོང་མའི་ཕོ་བྲང་གི་རྗེས་ཤུལ)ཡོད་པ་དེ་ནི་ཧང་ཀྲོའུ་ཡི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཡིན་པ་མཚོན་པའི་ས་ཁོངས་གཙོ་བོ་ཞིག་རེད།

8 ཡུལ་ལྗོངས་གྲགས་ཅན།

ཆིན་ཧི་ཧྥང་ལོ་རྒྱུས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་སྲང་ཁུལ་དང་ཆཱན་ཞུའེ་སུན་གྱི་སྐུ་ཡུལ་སོགས་ཡོད་པ་རེད།

9 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ11པའི་ཚེས13ཉིན། ཧྲང་ཁྲེང་ཆུས་སྤྱི་ལོ2019ལོའི་སྟོབས་ཆེའི་བཟོ་ལས་ཆུས་བརྒྱའི་ནང་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།