སུའེ་ཧྭ་གྲོང་ཁྱེར།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-01-16 16:08ལ་འགྲུབ།

སུའེ་ཧྭ་གྲོང་ཁྱེར།

སུའེ་ཧྭ་གྲོང་ཁྱེར།
སུའེ་ཧྭ་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། མན་ཇུ་སྐད་ཀྱི་བཀྲ་ཤིས་བདེ་ལེགས་ཞེས་པའི་དོན་ཡིན། ཧའེ་ལུང་ཅང་ཞིང་ཆེན་གྱི་དབུས་ཁུལ་དང་། སུང་ནེན་བདེ་ཐང་གི་ཧུའུ་ལན་ཆུ་བོའི་འབབ་རྒྱུད་དུ་གནས་པ་དང་། ཤར་དུ་ལིན་ཏུའུ་དབྱི་ཁྲུན་དང། ལྷོ་རུ་ཞིང་ཆེན་གྱི་ལྟེ་གནས་ཧར་པིན། ནུབ་ཏུ་ཡིའུ་ཁྲེང་ཏ་ཆིང་། བྱང་དུ་འགག་སྒོའི་ཆུ་བོ་ནག་པོ། ནུབ་བྱང་དུ་ཧོ་ཁྲེང་ལེན་ཆི་ཧར་བཅས་སུ་འབྲེལ་ཡོད། སུའེ་ཧྭ་གྲོང་ཁྱེར་ནི་སྤྱི་ལོ1885ལོར་སྒྲིག་གཞི་བཙུགས་པ་དང་། སྤྱི་ལོ1999ལོའི་ཟླ12པར་ས་ཁུལ་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་དུ་བསྒྱུར་ཞིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི3.5ཡོད་པ་དང་། མངའ་ཁོངས་སུ་གྲོང་ཁྱེར་གསུམ་དང་། རྫོང་དྲུག ཆུས་གཅིག་བཅས་ཡོད། ས་བབ་ཀྱི་ཁྱད་ཆོས་ནི“རི་གཉིས་ཆུ་གཅིག་ས་ཞིང་བདུན”གྱིས་གྲུབ་ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར་སུའེ་ཧྭ་གྲོང་ཁྱེར་གྱི་སྤྱིའི་མི་འབོར་ཁྲི524.7ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
绥化
ཕྱི་ཡིག་གི་མིང་།
Suihua
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོང་གཏོགས་ས་ཁུལ།
ཧའེ་ལུང་ཅང་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར་ཁོངས་གཏོགས་ཆུས1དང་། རྫོང་རིམ་པའི་གྲོང་ཁྱེར2 རྫོང6
སྲིད་གཞུང་གནས་ཡུལ།
པེ་ལིན་ཆུས་དབྱིན་པིན་ལམ་ཨང2པ།
ས་ཁོངས་ཁ་པར་ཨང་རྟགས།
0455
སྦྲག་སྲིད་ཨང་རྟགས།
152000
གནས་ཡུལ།
ཧའེ་ལུང་ཅང་ཞིང་ཆེན་གྱི་དབུས་ལྷོ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི34873.1ཡོད།
མི་གྲངས།
ཁྲི524.7ཡོད། (སྤྱི་ལོ2018ལོའི་སྤྱིའི་མི་འབོར)
གནམ་གཤིས།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཅིན་ཀུའེ་རི་གྲོང་དང་། སུའེ་ཧྭ་ནགས་ཚལ་རྩི་ཤིང་གླིང་། ལིན་ཧྥེང་གི་བཞུགས་གནས་རྙིང་པ། ཏུང་ཧྥང་ཧུང་ཆུ་མཛོད། སུའེ་ཧྭ་ལྷ་ཁང་སོགས་ཡོད།
མེ་འཁོར་འབབ་ཚུགས།
སུའེ་ཧྭ་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ཧའེM
སྲིད་འཛིན་ཚབ་གྲངས།
231200
1 ​ངོ་སྤྲོད།

སུའེ་ཧྭ་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། མན་ཇུ་སྐད་ཀྱི་བཀྲ་ཤིས་བདེ་ལེགས་ཞེས་པའི་དོན་ཡིན། ཧའེ་ལུང་ཅང་ཞིང་ཆེན་གྱི་དབུས་ཁུལ་དང་། སུང་ནེན་བདེ་ཐང་གི་ཧུའུ་ལན་ཆུ་བོའི་འབབ་རྒྱུད་དུ་གནས་པ་དང་། ཤར་དུ་ལིན་ཏུའུ་དབྱི་ཁྲུན་དང། ལྷོ་རུ་ཞིང་ཆེན་གྱི་ལྟེ་གནས་ཧར་པིན། ནུབ་ཏུ་ཡིའུ་ཁྲེང་ཏ་ཆིང་། བྱང་དུ་འགག་སྒོའི་ཆུ་བོ་ནག་པོ། ནུབ་བྱང་དུ་ཧོ་ཁྲེང་ལེན་ཆི་ཧར་བཅས་སུ་འབྲེལ་ཡོད། སུའེ་ཧྭ་གྲོང་ཁྱེར་ནི་སྤྱི་ལོ1885ལོར་སྒྲིག་གཞི་བཙུགས་པ་དང་། སྤྱི་ལོ1999ལོའི་ཟླ12པར་ས་ཁུལ་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་དུ་བསྒྱུར་ཞིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི3.5ཡོད་པ་དང་། མངའ་ཁོངས་སུ་གྲོང་ཁྱེར་གསུམ་དང་། རྫོང་དྲུག ཆུས་གཅིག་བཅས་ཡོད།  ས་བབ་ཀྱི་ཁྱད་ཆོས་ནི“རི་གཉིས་ཆུ་གཅིག་ས་ཞིང་བདུན”གྱིས་གྲུབ་ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར་སུའེ་ཧྭ་གྲོང་ཁྱེར་གྱི་སྤྱིའི་མི་འབོར་ཁྲི524.7ཡོད། 

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1999ལོའི་ཟླ12པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་དེ་སུའེ་ཧྭ་ས་ཁུལ་ཕྱིར་འཐེན་བྱས་ནས་ས་ཁུལ་རིམ་པའི་སུའེ་ཧྭ་གྲོང་ཁྱེར་བཙུགས། རྫོང་རིམ་པའི་སུའེ་ཧྭ་གྲོང་ཁྱེར་ཕྱིར་འཐེན་བྱས་ནས་རྫོང་རིམ་པའི་པེ་ལིན་ཆུས་བཙུགས། གྲོང་ཁྱེར་དང་ལྗོངས་ཀྱི་སྲིད་འཛིན་འགོ་ཁྲིད་སྒྲིག་སྲོལ་ཏེ་སྤྱི་ལོ2000ལོའི་ཟླ6ཚེས1ཉིན་ནས་བཟུང་ལག་བསྟར་བྱས། 

2000ལོར་སུའེ་ཧྭ་གྲོང་ཁྱེར་གྱི་ཁོངས་་གཏོགས་སུ་པེ་ལིན་ཆུས་དང་པོ། ཀྲའོ་ཏུང་དང་། ཨན་ཏ། ཧའེ་ལུན་གྲོང་ཁྱེར་གསུམ་པ། ཝང་ཁུའེ་དང་། ལན་ཞི། ཆིན་ཀང་། མིང་ཧྲུའེ། ཆིང་ཨན། སུའེ་ལིང་རྫོང6དང་། གྲོང་རྡལ72 ཞང130 སྲང་ལམ་དོན་གཅོད་ཁང6 གྲོང་མིའི་ཨུ་ཡོན་ལྷན་ཁང2155བཅས་ཡོད། 

སྤྱི་ལོ2001ལོར་ཧེ་ལུང་ཅང་ཞིང་ཆེན་གྱི་གཅིག་གྱུར་བཀོད་སྒྲིག་ལྟར་ཡུལ་ཚོ་དང་གྲོང་རྡལ་ཕྱིར་འཐེན་དང་ཟླ་སྒྲིལ་བཏང་། ཟླ3པའི་ཚེས14ཉིན་སུའེ་ཧྭ་གྲོང་ཁྱེར་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཕྱིར་འཐེན་དང་ཟླ་སྒྲིལ་བཏང་ནས་གྲོང་རྡལ70དང་། ཡུལ་ཚོ90 ཁྲོམ་གཞུང་དོན་གཅོད་ཁྲུའུ6བཅས་སུ་ལེགས་སྒྲིག་བྱས་པ་ཡིན། དེ་ནས་བཟུང་སུའེ་ཧྭ་གྲོང་ཁྱེར་གྱི་ཁོངས་སུ་ཆུས1དང་། གྲོང་ཁྱེར3 རྫོང6 གྲོང་རྡལ70 ཡུལ་ཚོ90 ཁྲོམ་གཞུང་དོན་གཅོད་ཁྲུའུ6བཅས་ཡོད། 

སྤྱི་ལོ2014ལོར་སུའེ་ཧྭ་གྲོང་ཁྱེར་གྱིས་ཁོངས་གཏོགས་རྫོང(གྲོང་ཁྱེར)ཆུས་ཀྱི་ཡུལ་ཚོ8ཕྱིར་འཐེན་བྱས་ནས་གྲོང་རྡལ་དུ་བསྒྱུར།  པེ་ལིན་ཆུས་ཀྱི་ཏུང་ཧྥུ་ཡུལ་ཚོ་ཕྱིར་འཐེན་བྱས་ནས་གྲོང་རྡལ་དུ་བསྒྱུར། ཧའེ་ལུན་གྲོང་ཁྱེར་གྱི་པའེ་དབྱང་ཡུལ་ཚོ་ཕྱིར་འཐེན་བྱས་ནས་གྲོང་རྡལ་དུ་བསྒྱུར་བ་དང་། སྲིད་གཞུང་གནས་ཡུལ་པའེ་ཞིན་གྲོང་ཚོར་སྤོས། ལན་ཞི་རྫོང་གི་ཡོན་ཏ་ཡུལ་ཚོ་ཕྱིར་འཐེན་བྱས་ནས་གྲོང་རྡལ་བཙུགས་ནས་འཛུགས་སྐྲུན་བྱས། ཝང་ཁུའེ་རྫོང་ཏུང་ཅའོ་ཡུལ་ཚོ་ཕྱིར་འཐེན་བྱས་ནས་གྲོང་རྡལ་དུ་བསྒྱུར། ཆིང་ཀང་རྫོང་ལའོ་ཏུང་ཡུལ་ཚོ་ཕྱིར་འཐེན་བྱས་ནས་གྲོང་རྡལ་དུ་བསྒྱུར། ཆིང་ཨན་རྫོང་ཐུང་ལེ་ཡུལ་ཚོ་ཕྱིར་འཐེན་བྱས་ནས་གྲོང་རྡལ་དུ་བསྒྱུར། སུའེ་ལིང་རྫོང་གི་ཀེ་ཧྲན་ཡུལ་ཚོ་ཕྱིར་འཐེན་བྱས་ནས་་གྲོང་རྡལ་དུ་བསྒྱུར།

སུའེ་ཧྭ་སྲིད་གཞུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ལོ2012ལོའི་ཟླ9པའི་བར་གྲོང་ཁྱེར་དེ་ཡོངས་སུ་ཆུས1དང་། གྲོང་ཁྱེར3 རྫོང6་དང་། གྲོང་རྡལ70 ཤང90 ཁྲོམ་གཞུང་དོན་གཅོད་ཁྲུའུ6བཅས་ཡོད། 

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་པེ་ལིན་ཆུས་དབྱིན་པིན་ལམ་ཨང2པ་རུ་ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར་སུའེ་ཧྭ་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་པེ་ལིན་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས1 ཀྲའོ་ཏུང་དང་། ཨན་ཏ། ཧའེ་ལུན་བཅས་རྫོང་རིམ་པའི་གྲོང་ཁྱེར3དང་དེ་བཞིན་སུའེ་ཀང་དང་། ཆིང་ཨན། ལན་ཤིས། ཝང་ཁུའེ། མིང་ཧྲུའེ་བཅས་རྫོང6ལ་གྲོང་གསེབ་ཀྱི་ཡུལ་ཚོ་དང་གྲོང་རྡལ (དོན་གཅོད་ཁང)166དང་སྲིད་འཛིན་གྲོང་ཚོ1336བཅས་ཡོད།

4 གནས་ཡུལ།

སུའེ་ཧྭ་གྲོང་ཁྱེར་ནི་སུང་ནེན་བདེ་ཐང་གི་བྱང་སྣེ་དང་ཧའེ་ལུང་ཅང་ཞིང་ཆེན་གྱི་དབུས་ལྷོའི་ཕྱོགས་སུ་གནས་པ་དང་། དེའི་མགོ་བྱང་ཤར་ཕྱོགས་སུ་གཏད་ཅིང་། མཇུག་ལྷོ་ནུབ་ཏུ་ཡོད་པ་དང་། སེ་པེ་ཡི་སུང་ནེན་བདེ་ཐང་དུ་གསེག་ཉལ་བྱས་ཡོད། བྱེ་བྲག་གི་ས་ཁམས་གནས་ས་ནི་ཤར་གྱི་གཞུང་ཐིག་ 124°53′ནས 128°35'བར་དང་། བྱང་གི་འཕྲེད་ཐིག 45°10′ནས 48°05'བར་ཡིན། བྱང་ཕྱོགས་སུ་ཆི་ཆི་ཧ་ཨེར་གྲོང་ཁྱེར་དང་ཧེ་ཧུ་གྲོང་ཁྱེར་དང་འབྲེལ་ཡོད། ནུབ་རྒྱུད་དུ་ཏ་ཆིང་གྲོང་ཁྱེར་དང་འབྲེལ་ཡོད། ལྷོ་རྒྱུད་དུ་ཧ་ཨེར་པིན་གྲོང་ཁྱེར་དང་འབྲེལ་ཡོད། ཤར་རྒྱུད་དུ་དབྱི་ཁྲུན་གྲོང་ཁྱེར་གྱི་ས་མཚམས་དང་འབྲེལ་ཡོད། སུའེ་ཧྭ་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ34873.1ཟིན་པའི་ནང་གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ2743ཡོད།

5 གནམ་གཤིས།

སུའེ་ཧྭ་གྲོང་ཁྱེར་ནི་དྲོད་ཁུལ་དབུས་མའི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། ལོ་རེའི་ཆ་སྙོམས་དྲོད་ཚད་ནི3.3℃ཡིན་པ་དང་། ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི543.5ཟིན་པ། ལོ་རེར་ཆ་སྙོམས་རླན་ཚད་ཀྱི67%དང་། ལོ་གཅིག་གི་ཁ་བ་བབས་ཚད་ཆེ་ཤོས་ལི་སྨི40ཡིན། ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད2682.4དང་། ལོ་རེར་དྲོད་ཚད2755℃དང་སད་མེད་དུས་ཉིན143ཡིན། 

6 མི་གྲངས།

སྤྱི་ལོ2018ལོར་གྲོང་ཁྱེར་དེ་ཡོངས་སུ་སྐྱེས་པའི་མི་འབོར་ཁྲི2.47ཡོད་པའི་ནང་སྐྱེས་པ་ཁྲི1.27དང་བུད་མེད་ཁྲི1.20ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་མི་འབོར་ཁྲི524.7ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི132.3ཟིན་པ་དང་། ཞིང་ལས་མི་འབོར་ཁྲི392.4ཟིན་ཡོད། ལོ60ཡན་གྱི་རྒན་རྒོན་ཁྲི104.1ཟིན་ཡོད། 

7 དཔལ་འབྱོར།

སྤྱི་ལོ2018ལོར་སུའེ་ཧྭ་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར1359.6ཟིན་པ་དེ་དུས་མཚུངས་ལས4.1%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆ10.1འཕར་བ། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རིམ་རྩིས་བྱས་ན་སྒོར་དུང་ཕྱུར275.1ལེགས་གྲུབ་ཟིན་ནས6.1%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར661.6ཟིན་ནས6.6%འཕར་བ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར61.0ཟིན་ནས8.8%འཕར་ཡོད། ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར35.4ཟིན་ནས108.19%འཕར་ཡོད། དེའི་ནང་ཕྱིར་གཏོང་བསྡོམས་འབོར་སྒོར་དུང་ཕྱུར11.8ཟིན་ནས16.63%འཕར་བ་དང་། ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར23.6ཟིན་ནས242.33%འཕར་ཡོད།