ཡུས་ཧྭ་ཐའེ་ཆུས།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-01-15 16:26ལ་འགྲུབ།

ཡུས་ཧྭ་ཐའེ་ཆུས།

ཡུས་ཧྭ་ཐའེ་ཆུས།
ཡུས་ཧྭ་ཐའེ་ཆུས་ནི་ནན་ཅིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ལྷོ་རྒྱུད་ནས་ལྷོ་ནུབ་བར་ཡིན་པ་དང་། ཀྲུང་གོའི་མཉེན་ཆས་གྲགས་ཅན་གྲོང་ཁྱེར་གྱི་དཀྱིལ་སྙིང་ལྟ་བུ་ཡིན་པ་དང་། རྒྱལ་ཁབ་ཀྱི་མཉེན་ཆས་ཐོན་ལས་དང་ཆ་འཕྲིན་ཐོན་ལས་ལྟེ་གནས། ཀྲུང་གོའི་མཉེན་ཆས་ཐོན་ལས་ཀྱི་རྟེན་གཞི་དང་པོ། ཀྲུང་གོའི་འཕྲིན་གཏོང་མཉེན་ཆས་ཐོན་ལས་ཞིབ་འཇུག་གསར་སྤེལ་རྟེན་གཞི་ཆེ་ཤོས་སོགས་ཡིན། རྒྱལ་ཁབ་ཀྱི་དཔལ་འབར་འཆར་གཞིའི་དེང་རབས་འཕྲིན་གཏོང་མཉེན་ཆས་ཐོན་ལས་རྟེན་གཞི་གསར་འཛུགས་ལེགས་འགྲུབ་བྱུང་ཡོད་པ་དང་། རྒྱལ་ཁབ་ཀྱི་གྲངས་འཛིན་དཔེ་སྐྲུན་རྟེན་གཞི། རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་སྐྱེད་སྲིང་འཕྲུལ་ཆས། ཀྲུང་གོའི་ཞབས་ཞུ་ཕྱི་ཕྱོགས་སུ་འགན་གཙང་སྤྲོད་བྱེད་པའི་རྟེན་གཞིའི་གྲོང་ཁྱེར་དཔེ་སྟོན་ཁུལ། རྒྱལ་ཁབ་རིམ་པའི་ཞབས་ཞུའི་ལས་རིགས་ཚད་ལྡན་ཅན་གྱི་ཚོད་ལྟའི་ཁུལ། “རྒྱལ་ཁབ་ཀྱི་ཚན་རྩལ་འཕེལ་རྒྱས་སྔོན་ཐོན་ཁུལ”སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
雨花台区
བོད་ཡིག་གི་མིང་།
ཡུས་ཧྭ་ཐའེ་ཆུས།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ནན་ཅིང་གྲོང་ཁྱེར་གྱི་ཁོངས་གཏོགས་ས་ཁུལ་གྱི་སྲང་ལམ་དྲུག་གི་དོན་གཅོད་ཁྲུའུ།
སྲིད་གཞུང་གནས་ཡུལ།
ནན་ཅིང་གྲོང་ཁྱེར་གྱི་ཡུས་ཧྭ་ཐའེ་ཆུས་ཡུས་ཧྭ་ལྷོ་ལམ་གྱི་ཨང་རྟགས་གཉིས་པ།
ས་ཁོངས་ཁ་པར་ཨང་རྟགས།
025
ས་ཁམས་གནས་ཡུལ།
ནན་ཅིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ལྷོ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ134.6
སྦྲག་སྲིད་ཨང་རྟགས།
210012
ཐེམ་ཐོ།
ཁྲི23.8
རྒྱུན་སྡོད་མི་གྲངས།
མི་ཁྲི43.1(སྤྱི་ལོ2012ལོར)
ཡུལ་སྐད།
ནན་ཅིང་སྐད།
ནམ་ཟླ།
ཚ་ཁུལ་བྱང་མའི་བརླན་གཤེར་ཅན་གྱི་ནམ་ཟླ།
སྲིད་འཛིན་ཚབ་ཨང་།
320114
རླངས་འཁོར་ཚབ་ཨང་།
སུའུA
མེ་འཁོར་འབབ་ཚིགས།
ཞན་ལིན་མེ་འཁོར་འབབ་ཚགས། ནན་ཅིང་མེ་འཁོར་འབབ་ཚིགས། ནན་ཅིང་མེ་འཁོར་འབབ་ཚིགས་ལྷོ་མ།
གནམ་གྲུ་ཐང་།
ནན་ཅིང་ལུའུ་ཁུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་། ནན་ཅིང་མ་ཨན་རྒྱལ་སྤྱིའི་གནམ་ཐང་།
1 ངོ་སྤྲོད་རགས་བསྡུས།

ཡུས་ཧྭ་ཐའེ་ཆུས་ནི་ནན་ཅིང་གི་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ཤར་ནས་ལྷོ་རུ་མཐེན་པའི་འཕེལ་རྒྱས་ས་ཁོངས་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་དང་གསར་གཏོད་རྟེན་གཞི་གལ་ཆེན། དེང་རབས་ཞབས་ཞུའི་ལྟེ་གནས་གལ་ཆེན་དང་རྒྱལ་ཁབ་ཀྱི་མཉེན་ཆས་ཐོན་ལས་ལྟེ་གནས། མཉེན་ཆས་ཁེ་ལས་སྤྱི་ཁྱབ་པུའུ་ཡི་རྟེན་གཞི། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་གསར་དར་ཐོན་ལས་ཀྱི་རྟེན་གཞི། ཀྲུང་གོའི་མཉེན་ཆས་ཐོན་ལས་འཛུགས་སྐྲུན་དཔེ་སྟོན་ཁུལ་དང་གསར་དར་ཐོན་ལས་ཀྱི་ཞིབ་འཇུག་གསར་སྤེལ་རྟེན་གཞི། རྒྱལ་སྤྱིའི་གྲགས་ཅན་མཐོ་རིམ་སློབ་གླིང་དང་ཚན་རིག་ཞིབ་འཇུག་སྒྲིག་གཞིའི་ཐོན་སློབ་ཞིབ་གསུམ་གྱི་རྟེན་གཞི་གཙོ་བོ་ཞིག་ཡིན།

ཡུས་ཧྭ་ཐའེ་ཆུས་ཀྱི་ས་བབ་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་དེ། མངའ་ཁོངས་སུ་ཆུ་དང་རི། རགས། གླིང་བཅས་ཆ་ཚང་བ་ཡོད། དེ་མིན་དེའི་ཁོངས་སུ་ད་དུང་ཡང་རི་བོ་དམག་དཔོན། རི་བོ་ཉིའུ་ཧྲོའུ། ཏའེ་ཧྲན་རི་རྒྱུད་སོགས་རི་བོ་དང་རི་རྒྱུད་ཡོད་ལ། ཆིན་ཧོའེ་གཙང་པོ་གསར་མ་དང་། ཏ་ཧྲི་མཚེའུ། ཧྲི་ཀྲ་མཚེའུ་སོགས་གཙང་པོ་དང་མཚེའུ་ཡོད། ཡུས་ཧྭ་ཐའེ་ཡི་མཛེས་ལྗོངས་ཁུལ་དང་། ཅུན་ཧྲན་རི་བོའི་མཛེས་ལྗོངས་ཁུལ། སུའེ་ཉི་རྒྱལ་པོའི་བང་སོ་སོགས་མཛེས་ལྗོངས་ཁུལ་གྲགས་ཅན་ཡང་མང་པོ་ཡོད་པ་རེད། ཆུས་དེ་གྲོང་ཁྱེར་ཅན་དུ་འགྱུར་ཚད93%ལ་སླེབས་ཡོད་པ་དང་ནགས་ཚལ་ཀྱི་ཁྱབ་ཚད26%ལ་སླེབས་ཡོད། སྔོ་འགྱུར་ཁྱབ་ཚད48.3%ལ་སླེབས་ཡོད་པས། ནང་ཅིང་གི“ལྗང་མདོག་སྣོད་བཅུད་ཀྱི་ཁྱམས་ར”ཞེས་པའི་མཚན་སྙན་ཐོགས་ཡོད།

2 སྲིད་འཛིན་ས་ཁུལ།

སྤྱི་ལོ2014ལོའི་ལོ་འགོ་བར་ཡུས་ཧྭ་ཐའེ་ཆུས་ཀྱི་ཁོངས་གཏོགས་སུ་སྲང་ལམ་དྲུག་དང་སྡེ་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང་ཞེ་བརྒྱད་དང་སྡེ་ཁུལ་གྲོང་ཚོ་ཨུ་ཡོན་ལྷན་ཁང་བཅོ་ལྔ་ཡོད་པ་རེད། དེ་དག་ལས་ཁོངས་གཏོགས་སྲང་ལམ་དྲུག་ནི་ཡེ་ཧྭ་སྲང་ལམ། སའེ་ཧོང་ཆའོ་སྲང་ལམ། ཞི་ཧྲན་ཆའོ་སྲང་ལམ། པན་ཆའོ་སྲང་ལམ། ལྕགས་ཟམ་སྲང་ལམ། མེ་ཧྲན་སྲང་ལམ། ཡུས་ཧྭ་དཔལ་འབྱོར་གསར་སྤེལ་ཁུལ། པན་ཆའོ་གྲོང་གསར་བཅས་པའོ།

3 ས་བབ་གནས་ཚུལ།

ཡུས་ཧྭ་ཐའེ་ཆུས་ནི་ནན་ཅིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ལྷོ་རྒྱུད་དང་འབྲི་ཆུའི་སྨད་རྒྱུད་དུ་གནས་པ་དང་། ཤར་དང་ལྷོ་ནི་ཅང་ཉིང་ཆུས་དང་འབྲེལ་ཡོད་པ་དང་། ནུབ་ཏུ་འབྲི་ཆུ་བར་བཅད་ནས་ཕུའུ་ཁོའུ་ཆུས་ཁ་གཏད་དུ་ཡོད། བྱང་དུ་ཆིན་ཧོའེ་ཆུས་དང་ཅན་ཡན་ཆུས་མཚམས་འབྲེལ་ནས་ཡོད་པ་དང་། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ134.6ཡོད་རེད། ཡུས་ཧྭ་ཐའེ་ས་ཁུལ་གྱི་ས་བབ་ནི་ཤར་ལྷོ་མཐོ་ཞིང་ནུབ་བྱང་དམའ་ལ། དེའུ་འབུར་དང་བདེ་ཐང་ཁུལ་དུ་གཏོགས། རི་མ་ཐང་དམའ་གྲས་ནི་ཧན་ཧྥུ་རི་བོ་དང་། དམག་དཔོན་རི་བོ། ཉིའུ་ཧྲོའུ་ཧྲན་རི་བོ་སོགས་ཀྱིས་གཙོ་བོར་བྱས་ཤིང་། རྒྱ་ཁྱོན་གྱིས་སྤྱིའི་རྒྱ་ཁྱོན་གྱི6.7%ཟིན་པ་དང་ནགས་ཚལ་ཁེབས་ཚད་ཀྱིས26%ཟིན། སྔོ་འགྱུར་ཁྱབ་ཚད་ཀྱིས48.3%ཟིན་ཡོད།

ཡུས་ཧྭ་ཐའེ་ཆུས་ཀྱི་ནུབ་ངོས་ནི་ཡངས་ཤིང་རྒྱ་ཆེ་བའི་བདེ་ཐང་ཡིན་པ་དང་། ས་ངོས་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི5ནས8བར་ལས་མེད་པ་དང་། རྒྱ་ཁྱོན་གྱིས་སྤྱིའི་རྒྱ་ཁྱོན་གྱི72.4%བཟུང་ཡོད་ལ། སྔོ་ཚལ་དང་མེ་ཏོག འབྲུ་རིགས་བཅས་ཀྱི་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཡིན་རེད།

4 ཆབ་སྲིད་འགོ་ཁྲིད།

ཡུས་ཧྭ་ཐའེ་ཆུས་ཀྱི་འགོ་ཁྲིད་གཙོ་བའི་གནས་ཚུལ། (སྤྱི་ལོ2013ལོའི་བར་དུ)

ཆུས་ཀྲང་། ཀྲང་དབྱི་ཞིན།

འགོ་ཁྲིད་གཞན་དག ཆན་ཝེ། ཨའེ་ཁྲང་ཆིང་། ཞུའེ་གོ་ཨན། ཝང་ཏུང་མིང་། ཡུས་ཆིང་། ཅང་ལེ། ཝང་ཁྲོན་ཀྲུང་།

5 ནམ་ཟླའི་ཆ་རྐྱེན།

ཡུས་ཧྭ་ཐའེ་ཆུས་ཀྱི་ས་ཁོངས་སུ་ཆུ་བོ་ཆེ་ཆུང་ཁྱོན26ཡོད་པ་དང་། ཆིན་ཧོའེ་གཙང་པོ་དང་། ཆིན་ཧོའེ་གཙང་པོ་གསར་མ། ཏ་ཧྲི་མཚེའུ། ནན་ཧོ་ཆུ་བོ། པན་ཆའོ་ཆུ་བོ། ཧྲི་ཀྲ་མཚེའུ་སོགས་གཙང་པོ་དང་མཚེའུ་ཡོད་ལ། ད་དུང་རི་ཁུལ་དུ་ཆུ་མཛོད་ཁ་ཤས་ཀྱང་ཡོད་པ་རེད།

ཡུས་ཧྭ་ཐའེ་ཆུས་ཀྱི་གནམ་གཤིས་ནི་ཚ་ཁུལ་བྱང་མའི་བརླན་གཤེར་ཅན་གྱི་ནམ་ཟླའི་ཁོངས་སུ་གཏོགས། དེའི་ཁྱད་ཆོས་ནི་དུས་རླུང་མངོན་གསལ་དོད་པ་དང་དུས་བཞིའི་ཁྱད་ཆོས་གསལ་བ། ཉི་འོད་ཕོག་མོད་པ། དགུན་གྲང་བ་དང་དབྱར་ཁ་ཚ་བ་རྒྱས་པ། ཆར་ཆུ་འབེལ་བ། ལོ་རེའི་ཆ་སྙོམས་དྲོད་ཚད15.3℃ཡིན་ལ། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཀྱིས་ཧའོ་སྨི1033ཟིན་ཡོད།

དཔྱད་གཞིའི་ཡིག་ཆ།