ཧུ་ཀང་གྲོང་ཁྱེར།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-01-16 16:55ལ་འགྲུབ།

ཧུ་ཀང་གྲོང་ཁྱེར།

ཧུ་ཀང་གྲོང་ཁྱེར།
​ཧུ་ཀང་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཧའེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་ཡོད། བྱང་ནས་ཧའེ་ལུང་ཅང་དང་ཨུ་རུ་སུ་གཉིས་ཁ་གཏད་དུ་གནས་ཡོད། ཤར་ལྷོར་སུང་ཧྭ་ཅང་གཙང་པོ་དང་ཅ་མུའུ་སི་དང་འབྲེལ་ཡོད། ནུབ་ངོས་ཀྱི་ཞིང་ཨན་ལིང་ཆུང་བ་དང་དབྱི་ཁྲུན་གཉིས་ཁྱིམ་མཚེས་ཡིན། ཧའེ་ལུང་ཅང་དང་། སུང་ཧྭ་ཅང་། ཞིན་ཨན་ལིང་ཆུང་བཅས་གཙང་པོ་གཉིས་དང་ལིན་གཅིག་གིས་བསྐོར་བའི་ཅིན་སན་ཅའོ་ས་ཁོངས་སུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ14684ཡོད་པ་དང་དེའི་མངའ་འོག་ཏུ་རྫོང2དང་ཆུས6ཡོད། སྤྱི་ལོ2018ལོར་རྒྱུན་སྡོད་མི་འབོར་ཁྲི99.5ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鹤岗市
ཕྱི་ཡིག་གི་མིང་།
Hegang City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོང་གཏོགས་ས་ཁུལ།
ཧའེ་ལུང་ཅང་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར་ཁོངས་གཏོགས་ཆུས6དང་། རྫོང2
སྲིད་གཞུང་གནས་ཡུལ།
ཞང་དབྱང་ཆུས།
ས་ཁོངས་ཁ་པར་ཨང་རྟགས།
0468
སྦྲག་སྲིད་ཨང་རྟགས།
154100
གནས་ཡུལ།
ཧའེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི14684ཡོད།
མི་གྲངས།
ཁྲི99.5ཡོད། (སྤྱི་ལོ2018རྒྱུད་སྡོད་མི་འབོར)
གནམ་གཤིས།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཞིན་ལུང་གྲོག་རོང་། ཡུང་ལུང་ལུང་པ། ཏུང་ཧྲན་ཝན་རེན་དོང་། ཧུ་ཀང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། མིང་ཧྲན་གླིང་ཕྲན་སོགས་ཡོད།
མེ་འཁོར་འབབ་ཚུགས།
ཧུ་ཀང་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ཧའེH
སྲིད་འཛིན་ཚབ་གྲངས།
230400
1 ངོ་སྤྲོད།

ཧུ་ཀང་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཧའེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་ཡོད། བྱང་ནས་ཧའེ་ལུང་ཅང་དང་ཨུ་རུ་སུ་གཉིས་ཁ་གཏད་དུ་གནས་ཡོད། ཤར་ལྷོར་སུང་ཧྭ་ཅང་གཙང་པོ་དང་ཅ་མུའུ་སི་དང་འབྲེལ་ཡོད། ནུབ་ངོས་ཀྱི་ཞིང་ཨན་ལིང་ཆུང་བ་དང་དབྱི་ཁྲུན་གཉིས་ཁྱིམ་མཚེས་ཡིན།   ཧའེ་ལུང་ཅང་དང་། སུང་ཧྭ་ཅང་། ཞིན་ཨན་ལིང་ཆུང་བཅས་གཙང་པོ་གཉིས་དང་ལིན་གཅིག་གིས་བསྐོར་བའི་ཅིན་སན་ཅའོ་ས་ཁོངས་སུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ14684ཡོད་པ་དང་དེའི་མངའ་འོག་ཏུ་རྫོང2དང་ཆུས6ཡོད། སྤྱི་ལོ2018ལོར་རྒྱུན་སྡོད་མི་འབོར་ཁྲི99.5ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1954ལོའི་ཟླ8པར། སུང་ཅང་ཞིང་ཆེན་གྱི་སྒྲིག་གཞི་མེད་པར་བཟོས་ནས་ཧའེ་ལུང་ཅང་ཞིང་ཆེན་དང་ཟླ་སྒྲིལ་བཏང་བ་དང་། ཧུ་ཀང་གྲོང་ཁྱེར་གྱི་ཐད་གཏོགས་ཧའེ་ལུང་ཅང་ཞིང་ཆེན་ཡིན། 

སྤྱི་ལོ1955ལོར་ཧུ་ཀང་གྲོང་ཁྱེར་མི་དམངས་སྲིད་གཞུང་དེ་ཧུ་ཀང་གྲོང་ཁྱེར་མི་དམངས་ཨུ་ཡོན་ལྷན་ཁང་དུ་བསྒྱུར།  སྤྱི་ལོ1958ལོར་ཧུ་ཀང་གྲོང་ཁྱེར་ཧུ་ཅང་ཀྲོན་ཡོན་ཀུང་ཧྲུའུ་ཡི་མངའ་འོག་ཏུ་བསྒྱུར། 

སྤྱི་ལོ1960ལོའི་ཟླ12པའི་ཚེས10ཉིན། ཧུ་ཀང་གྲོང་ཁྱེར་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་འཕར་ཞིང་། ཞི་ཧྲན་དང་ཞིན་ཅེ་ཅི། ནན་ཧྲན། ཞིན་ཧྲན། ཞིན་ཨན། ཏ་ལུས། ཏུང་ཧྲན། ཞིན་དབྱི། ཞིན་ཧྭ་བཅས་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས9བཙུགས། 

སྤྱི་ལོ1961ལོར་སྲིད་ཧྲེ་སོ་སོར་ཕྱེ་ནས་ཧུ་ཀང་གྲོང་ཁྱེར་མི་དམངས་ཨུ་ཡོན་ལྷན་ཁང་སླར་གསོ་བྱས། 

སྤྱི་ལོ1962ལོར་ཧུ་ཀང་གྲོང་ཁྱེར་མི་དམངས་ཨུ་ཡོན་ལྷན་ཁང་གིས་ཞིན་ཧྭ་ས་ཁུལ་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད། 

སྤྱི་ལོ1966ལོའི་ཟླ2པར། ཧུ་ཀང་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ཐད་གཏོགས་ཡིན།  

སྤྱི་ལོ1987ལོའི་ཟླ11པའི་ཚེས6ཉིན། རྒྱལ་ཡིག་གིས་ཅ་མུའུ་སི་གྲོང་ཁྱེར་གྱི་ལུའོ་པེ་རྫོང་དང་སུའེ་པིན་རྫོང་དེ་ཧོ་ཀང་གྲོང་ཁྱེར་གྱི་ཁོངས་སུ་བསྡུ་བར་ཆོག་མཆན་བཀོད། 

3 སྲིད་འཛིུན་ས་ཁུལ་གྱི་དབྱེ་མཚམས།

ཧུ་ཀང་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཞང་དབྱང་ཆུས་ཡོའུ་ཡེ་ལམ་ཨང1པོ་རུ་ཡོད་པ་དང་། སྤྱི་ལོ2018ལོའི་ཟླ5པའི་བར་ཧུ་ཀང་གྲོང་ཁྱེར་དུ་ཁྱོན་རྫོང་རིམ་པའི་སྲིད་འཛིན་ཁུལ8ཡོད་པའི་ནང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས6དང་རྫོང2ཚུད་ཡོད་པ་དེ་དག་ཤང་དབྱང་ཆུས་དང་། ཀུང་ནུང་ཆུས། ནན་ཧྲན་ཆུས། ཞིང་ཨན་ཆུས། ཏུང་ཧྲན་ཁུལ། ཞིང་ཧྲན་ཆུས། ལུའོ་པེ་རྫོང་། སུའེ་པིན་རྫོང་བཅས་ཡིན།

4 གནས་ཡུལ།

ཧུ་ཀང་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། ཞིན་ཨན་ལིང་ཆུང་བའི་ཤར་འདབས་ཀྱི་རི་མ་ཐང་གི་ས་ཁུལ་དང་སུང་ཧྭ་ཅང་གཙང་པོ་དང་ཧེ་ལུང་ཅང་འདྲེས་མཚམས་ཀྱི་བདེ་ཐང་ས་ཁུལ་དུ་ཆགས་ཡོད། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག 129°39'50"དང132°31'00" བྱང་གི་འཕྲེད་ཐིག47°03'30"—48°21'00"བར་ཡིན།   ཤར་ངོས་སུང་ཧྭ་ཅང་གཙང་པོ་དང་ཐུང་ཅང་གྲོང་ཁྱེར་གྱི་ཆུ་གཅིག་ཏུ་སྦྲེལ་བ་དང་། ནུབ་ངོས་དབྱི་ཁྲུན་གྲོང་ཁྱེར་དང་འབྲེལ་བ། ལྷོ་ངོས་ཅ་མུའུ་སི་གྲོང་ཁྱེར་གྱི་ཐང་ཡོན་རྫོང་དང་ས་མཚམས་འབྲེལ་ཡོད། བྱང་རྒྱུད་དུ་ཧའེ་ལུང་ཅང་གི་གྲུ་ལམ་གཙོ་བོ་ས་མཚམས་བྱས་ཏེ་ཨུ་རུ་སུའི་གཙང་པོ་དང་ཕན་ཚུན་ཁ་གཏད་དུ་གནས་ཡོད། སྤྱིའི་ས་ཆའི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་བཞི་མ14684ཟིན་པའི་ནང་གྲོང་ཁུལ་གྱི་སྟོང་སྨི་ངོས་གྲུ་བཞི་མ4575ཟིན་ཡོད། 

5 གནམ་གཤིས།

ཧུ་ཀང་གྲོང་ཁྱེར་ནི་བྱང་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ལོ་རེའི་ཆ་སྙོམས་དྲོད་ཚད་ནི3.8℃དང་། ཆེས་ཐལ་དྲགས་པའི་དྲོད་ཚད་མཐོ་བ་ནི37.7℃དང་། ཆེས་ཐལ་དྲགས་པའི་དྲོད་ཚད་དམའ་བ་ནི-34.5℃ཡིན། 

6 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཧུ་ཀང་གྲོང་ཁྱེར་གྱི་མི་འབོར་ཁྲི100.9ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི83.3ཟིན་ཡོད། 

7 དཔལ་འབྱོར།

ཐོན་ལས་གསུམ་གྱི་བསྡུར་ཚད་ནི32.8:31:36.2ཡིན་པ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་དུས་མཚུངས་ལས0.4%འཕར་ཡོད།  གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི2.67གསར་དུ་ལས་ཞུགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི2.31ལས་ཞུགས་གསར་སྣོན་བྱས། ལས་ཤོར་མི་སྣ་ཁྲི1.7བསྐྱར་དུ་ལས་ཞུགས་ཐུབ་པ། ལས་ཞུགས་དཀའ་ངལ་ཡོད་པའི་མི་ཁྲི0.43བསྐྱར་དུ་ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་ཀྱི4.1%ཟིན་ཡོད། 

8 འགྲིམ་འགྲུལ།

སྤྱི་ལོ2017ལོར་ཧུ་ཀང་གྲོང་ཁྱེར་གྱི་གཞུང་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི1196ཟིན་པ་དང་། ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་སྟོང་སྨི་དུང་ཕྱུར15.5ཟིན་པ། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི543ཟིན་པ་དང་། འགྲུལ་སྐྱེལ་འཁོར་རྒྱུག་བྱེད་ཚད་སྟོང་སྨི་དུང་ཕྱུར2.7ཟིན་ཡོད། ལྕགས་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི265.4ཟིན་པ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི73.5ཟིན་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་ཁྲི9.3ཡོད་པ་དེའི་ནང་རླངས་འཁོར་ཁྲི8.1དང་སྦག་སྦག་འཁོར་ལོ་ཁྲི1.1ཡོད།