སྤྱི་ལོ་སྔོན་གྱི་དུས་རབས22པར། སྔོན་དུས་ས་ཆ་དེ་ནི་གཟབ་ནན་གྱི་རྒྱལ་བོའི་རྒྱལ་ཁབ་ཅིག་ཡིན། ཧྥུའུ་ཡུས་ཀྱི་ལོ་རྒྱུས་རྒྱུན་རིང་ཞིང་ཧན་ནུབ་མའི་དུས་འགོར། ཀྲུང་གོའི་བྱང་ཤར་ས་ཁུལ་གྱི་ས་གནས་ཞིང་ལས་ལམ་ལུགས་ཀྱི་རྒྱལ་ཁབ་དང་པོ་སྟེ་ཧྥུ་ཡུས་རྒྱལ་ཁབ(ཏུའུ་ཁྲེང་ཁྲུན་རྒྱལ་ས)བཙུགས་པ་དང་། ཧྥུ་ཡུས་རྒྱལ་ཁབ་ཀྱི་ཞིང་ལས་དང་འབྲོག་ལས་ཧ་ཅང་དར་རྒྱས་བྱུང་ནས་ཤིན་ཅང་བྱང་རྒྱུད་ཀྱི་ལོ་རྒྱུས་རིག་གནས་ཀྱི་སྔོན་བྱུང་ཆུ་བོ་བཏོད་པ་ཡིན།
སུང་ཧྭ་གཙང་པོའི་བཞུར་རྒྱུན་གྱི་ལྷོ་ངོགས་སུ་གནས་ཤིང་། བྱང་དུ་སུང་ཧྭ་གཙང་པོ་དང་ཀྲའོ་ཡོན་རྫོང་གཉིས་ཀྱི་དབྱེ་མཚམས་ཡོད། དེང་སང་ཅི་ལིན་ཞིང་ཆེན་གྱི་སུང་ཡོན་གྲོང་ཁྱེར་ཧྥུ་ཡུས་རྒྱུད་དུ་ཆིང་རྒྱལ་རབས་ཀྱི་སྐབས་སུ་ཅི་ལིན་གྱི་དམག་དཔོན་པོ་ཏུའུ་ནཱ་ཧྥུ་ཏུའུ་ཡི་རྒྱལ་ས་གཞོན་པའི་མངའ་འོག་ཏུ་གཏོགས་པ་དང་། ཏུའུ་ཐུང་གཞོན་པ་པོ་ཏུའུ་གྲོང་ཁྱེར་དུ་བཅའ་སྡོད་བྱས། པོ་ཏུའུ་གྲོང་ཁྱེར་ནི་ཆིང་གི་དུས་འགོའི“མཐའ་མཚམས”(ལིའུ་ཐིའོ་པེན)ཀྱི་དམག་དོན་གྲོང་རྡལ་ཆེ་གྲས་བདུན་གྱི་གྲས་ཤིག་ཡིན། སྤྱི་ལོ1682ལོར(ཆིང་ཁང་ཞི་ཁྲི་ལོ་ཉེར་གཅིག་པར)པོ་ཏུའུ་ནེང་ས་ཚིགས་བཙུགས་ཤིང་། དེ་ནི་དམག་དཔོན་ཉིང་ཀུའུ་ཐ་ཡི་ནུབ་རྒྱུད་ནས་ཆི་ཆི་ཧར་གྲོང་ཁྱེར་དུ་སྐྱོད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན།
སྤྱི་ལོ1693ལོར(ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞིའི་ཁྲི་ལོ་སུམ་ཅུ་སོ་གཉིས་ལ)པོ་ཏུའུ་ན་ས་ཚིགས་ཀྱི་ལྷོ་ལེ་བར20ཡི་མཚམས་སུ་ཞིན་ཁྲེང་བསྐྲུན་པ་དང་། མིང་པོ་ཏུའུ་ན་ཞིན་ཁྲེང་དུ་བཏགས(དེང་གི་ཧྥུ་ཡུས་གྲོང་བརྡལ)
སྤྱི་ལོ1811ལོར(ཆིང་རྒྱལ་རབས་ཀྱི་ཅ་ཆིན་ཁྲི་ལོ་བཅུ་དྲུག་པ)པོ་ཏུའུ་ན་ཐིང་བཙུགས་ནས་པའོ་ཏུའུ་ན་ཞིན་ཁྲེང་དུ་བཅའ་སྡོད་བྱས། དུས་མཚུངས་སུ་ཡན་ལག་ཉེན་ཟོན་སྐོར་ཞིབ་པ་ཞིག་བཙུགས་ནས་ཀུའུ་ཡུས་ཧྲུའུ་ཐུང(དེང་གི་ཡུས་ཧྲུའུ་གྲོང་ཁྱེར)དུ་བཅའ་སྡོད་བྱས་ཤིང་། པོ་ཏུའུ་ན་ཐིང་གི་ཁོངས་གཏོགས་སུ་གཏོགས།
སྤྱི་ལོ1906ལོའི་ཟླ2པའི་ཚེས15ཉིན། (ཆིང་ཀོང་ཞུས་ཀྱི་ཁྲི་ལོ་སོ་གཉིས་པའི་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན)པོ་ཏུའུ་ཐིང་ཞིན་ཁྲེང་ཧྥུ་རུ་སྤར་བ་དང་། ཞིན་ཁྲེང་དུ་བཅའ་སྡོད་བྱས་ཤིང་། པོ་ཏུའུ་དབྱང་གཞོན་པ་ཏུའུ་ཐུང་དང་གྲོང་ཁྱེར་གཅིག་ཡིན།
སྤྱི་ལོ1929ལོའི་ཟླ2པར་ལམ་ལུགས་མེད་པར་བཟོས་ཏེ་ཅི་ལིན་ཞིང་ཆེན་གྱིས་ཐད་སྐྱོང་བྱས། བྱང་ཤར་ཉེན་ཁར་འཕྲད་རྗེས། ཅི་ལིན་ཞིང་ཆེན་གྱི་མངའ་འོག་ཏུ་གཏོགས།
སྤྱི་ལོ1945ལོར“དགུ་གསུམ”འཇའ་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། ཐོག་མར་ཅི་ཅང་སྲིད་འཛིན་ས་ཁུལ་གྱི་མངའ་འོག་ཏུ་བཅུག་པ་དང་། སྤྱི་ལོ1946ལོའི་ཟླ5པར་ནེན་ཅང་ཞིང་ཆེན་གྱི་མངའ་འོག་ཏུ་བཅུག
སྤྱི་ལོ1949ལོའི་ཟླ5པར་ཅི་ལིན་ཞིང་ཆེན་གྱི་མངའ་འོག་ཏུ་བཅུག
སྤྱི་ལོ1956ལོར་ཀུང་ཀྲུའུ་ལིང་ཆེད་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། སྤྱི་ལོ1958ལོའི་ཟླ10པར་པའེ་ཁྲེང་ཆེད་ཁུལ་དུ་བསྒྱུར།
སྤྱི་ལོ1987ལོའི་ཟླ11པའི་ཚེས19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་ལྟར་ཧྥུ་ཡུས་རྫོང་མེད་པར་བཟོས་ནས་ཧྥུ་ཡུས་གྲོང་ཁྱེར(རྫོང་རིམ་པ)བཙུགས།
སྤྱི་ལོ1992ལོའི་ཟླ6པའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྥུ་ཡུས་གྲོང་ཁྱེར་མེད་པར་བཟོ་བར་ཆོག་མཆན་བཀོད་དེ། སུང་ཡོན་གྲོང་ཁྱེར(ས་གནས་རིམ་པ་)བཙུགས་པ་དང་། སུང་ཡོན་གྲོང་ཁྱེར་ཧྥུ་ཡུས་ཁུལ་བཙུགས།
སྤྱི་ལོ1995ལོའི་ཟླ7པའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་ལྟར་ཧྥུ་ཡུས་རྫོང་བཙུགས་པ་དང་། ཁོངས་གཏོགས་ཀྱི་ཧྥུ་ཡུས་ཁུལ་གྱི་སྲིད་འཛིན་ས་ཁོངས་ཁ་ཤས་དང་། སན་ཁྲ་ཧོ་གྲོང་རྡལ་དུ་རྫོང་མི་དམངས་སྲིད་གཞུང་བཅའ་སྡོད་བྱས་ནས། སུང་ཡོན་གྲོང་ཁྱེར་གྱི་ཧྥུ་ཡུས་ཆུས་སུང་ཡོན་གྲོང་ཁྱེར་ཉིང་ཅང་ཆུས་སུ་མིང་བསྒྱུར།
སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་གྲངས་གཞིར་གཞིགས་ན། སུང་ཡོན་གྲོང་ཁྱེར་གྱི་མི་གྲངས་བསྡོམས་པས2766036ཟིན་ཡོད། དེའི་ནང་ཉིང་ཅང་ཆུས་ཀྱི་མི་གྲངས538469དང་། དེ་སྔའི་གོར་ལོ་སི་རང་སྐྱོང་རྫོང་གི་མི་གྲངས567246 ཁྲང་ལིན་རྫོང་གི་མི་གྲངས625830 ཆན་ཨན་རྫོང་གི་མི་གྲངས300745 ཧྥུ་ཡུས་རྫོང་གི་མི་གྲངས733746བཅས་ཡོད།
སྤྱི་ལོ2003ལོར། སུང་ཡོན་གྲོང་ཁྱེར་གྱི་མངའ་འོག་ཏུ་ཧྥུ་ཡུས་རྫོང་དང་། ཆན་ཀུའོ་རྫོང་། ཁྲང་ལིན་རྫོང་། ཆན་ཨན་རྫོང་། ཉིང་ཅང་ཆུས་བཅས་རྫོང་བཞི་དང་ཆུས1ཡོད་ལ། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ཞིང་ལས་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ། ཁྲ་ཀན་མཚེའུ་ཡུལ་སྐོར་དཔལ་འབྱོར་གསར་སྤེལ་ཁུལ་བཅས་ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ3བཙུགས་ཤིང་། ཐའེ་ཕིང་ཁྲོན་དང་། གོར་ལུའོ་སི། ཁྲང་ཧྲན། ཧྲུའེ་ཡིག་ཐའོ་ལའེ་ཀྲའོ། ཚའེ་ཅ་ཀོའུ་སོགས་གྲོང་ཁྱེར་རིམ་པའི་བཟོ་ལས་གླིང7བཙུགས་ཡོད།
སྤྱི་ལོ2013ལོའི་ཟླ་དང་པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཧྥུ་ཡུས་རྫོང་མེད་པ་བཟོས་ནས། ཧྥུ་ཡུས་གྲོང་ཁྱེར(རྫོང་རིམ་པ)བསྐྱར་དུ་བཙུགས་པ་རེད། གསར་དུ་བཙུགས་པའི་ཧྥུ་ཡུས་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་གྱི་ཁོངས་སུ་གཏོགས། སུང་ཡོན་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱ་རྒྱུའོ།།
སྤྱི་ལོ2013ལོར་སུང་ཡོན་གྲོང་ཁྱེར་གྱི་ཁོངས་གཏོགས་ནི་གྲོང་ཁྱེར་ཁོངས་གཏོགས་ཆུས1(ཉིང་ཅང་ཆུས)དང་། རྫོང་རིམ་པའི་གྲོང་ཁྱེར1(ཧྥུ་ཡུས་གྲོང་ཁྱེར) རྫོང2(ཆན་ཨན་རྫོང་དང་ཁྲང་ལིང་རྫོང) རང་སྐྱོང་རྫོང1(ཆན་གོར་ལོ་སི་སོག་རིགས་རང་སྐྱོང་རྫོང) བཅས་སུ་བགོས་ཡོད།
སུང་ཡོན་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་གྱི་དབུས་ནུབ་རྒྱུད་དང་སུང་ཧྭ་ཅང་གཙང་པོའི་སྟོད་རྒྱུད་ཀྱི་སུང་ཅང་གཙང་པོ་དང་། ནེན་ཅང་གཙང་པོའི་བར་གྱི་སུང་ནེན་བདེ་ཐང་གི་ལྷོ་ཕྱོགས་ཁྲང་ཁྲུན་དང་སི་ཕིང་གྲོང་ཁྱེར་དང་ཉེ་བ་ཡིན། ནུབ་ཕྱོགས་པའེ་ཁྲེང་གྲོང་ཁྱེར། ནང་སོག་ཐུང་ལིའོ་གྲོང་ཁྱེར་གྱི་ས་མཚམས་འབྲེལ་ཞིང་། བྱང་ཕྱོགས་སུང་ཧྭ་ཅང་གཙང་པོ་དང་ཧེ་ལུང་ཅང་ཞིང་ཆེན་གྱི་ཏ་ཆིང་གྲོང་ཁྱེར་དང་ཁ་སྤྲོད་དུ་གནས། ས་ཁམས་སྟེང་སུང་ནེན་གཙང་པོ་གཉིས་ཀྱི་ཆུ་བོ་དང་ཧ་ཨར་པིན་གྲོང་ཁྱེར་གྱི་དཀྱིལ་དུ་གནས་ཡོད།
སུང་ཡོན་གྲོང་ཁྱེར་ནི་དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁུལ་ཡིན། དཔྱིད་དུས་ཐན་པ་དང་ཆར་པ་ཉུང་ཞིང་དྲོད་གྲང་འཕར་ཚད་ཅུང་མགྱོགས། དབྱར་དུས་ཚ་བ་ཆེ་བ་དང་ཆར་ཆུ་གཅིག་སྡུད་ཡིན། སྟོན་དུས་བསིལ་ཞིང་དྲོད་གྲང་འགྱུར་ཚད་མགྱོགས་ཤིང་དྲོད་གྲང་བར་ཁྱད་ཆེ། དགུན་དུས་རིང་ལ་ཁ་བ་འབབ་ཚད་ཉུང་ཞིང་གྲང་ངར་ཆེ་བ་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད4.5℃ཡས་མས་ཡིན་པ་དང་། ཟླ་དང་པོའི་དྲོད་ཚད་དམའ་ཤོས-36.1℃དང་། དྲོད་ཚད་མཐོ་ཤོས་ཟླ་བདུན་པ་ཡིན། ཆེས་མཐོ་བའི་དྲོད་ཚད་མཐོ་ཤོས37℃ཡིན།
སུང་ཧྭ་གཙང་པོ་ནི་སུང་ཧྭ་གཙང་པོ་དང་ནེན་ཅང་གཙང་པོའི་འདྲེས་མཚམས་ནས་བཞུར་མགོ་བརྩམ་ནས། གྲོང་ཁྱེར་བྱང་རྒྱུད་ནས་ཤར་གྱི་ཧེ་ལུང་ཅང་དུ་བཞུར་བ་ཡིན། མངའ་ཁོངས་ཀྱི་བཞུར་ཚད་སྤྱི་ལེ120ཟིན། ཧྥུ་ཡུས་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ8ལ་བརྒྱུད་ཅིང་། བར་ཁོངས་ཀྱི་བཞུར་ཁྱོན་སྤྱི་ལེ་གྲུ་བཞི་མ2229ཟིན་ཡོད། ཆེས་མཐོ་བའི་ཆུ་བབ་སྨི127.37དང་ཆེས་དམའ་བའི་ཆུ་བབ་སྨི119.59ཡིན། བཞུར་ཚད་ཆེ་ཤོས14600m/sདང་། བཞུར་ཚད་ཆུང་ཤོས346m/sཡིན།
སུང་ཡོན་གྲོང་ཁྱེར་གྱི་ཁོངས་སུ་ནེན་ཅང་གཙང་པོ་དང་། སུང་ཧྭ་གཙང་པོ། སུང་ཧྭ་གཙང་པོ་གཉིས་པ། ལ་ལིན་གཙང་པོ་བཅས་ཆུ་བོ་གཙོ་བོ་བཞི་ཡོད་པ་དང་། སུང་ཧྭ་གཙང་པོ་གཉིས་པ་གྲོང་ཁུལ་ནས་བརྒལ་ཞིང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཁྱོན60%ཡན་གྱི་ཧའེ་ཆུ་དང་སུང་ཧྭ་གཙང་པོའི་འབབ་རྒྱུད་ཀྱི90%ཡན་གྱི་རྒྱ་ཁྱོན90%ཡན་གྱི་ཧའེ་ཆུ་ཚང་མ་གྲོང་ཁྱེར་དེའི་རྒྱལ་ཁོངས་བརྒྱུད་དགོས་པ་ཡིན། གཙང་པོའི་སྤྱིའི་བཞུར་ཚད་སྨི་གྲུ་བཞི་མ་དུང་ཕྱུར412ཟིན་པ་དང་། སྤྱིའི་བཞུར་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ8012.47ཟིན་ཡོད། སུང་ཡོན་གྲོང་ཁྱེར་གྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་གྲུ་བཞི་དུང་ཕྱུར15.57ཟིན་པའི་ནང་ས་ངོས་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་གྲུ་བཞི་མ་དུང་ཕྱུར2.22ཟིན། ས་འོག་གི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་གྲུ་བཞི་མ་དུང་ཕྱུར13.35ཟིན།
སུང་ཡོན་གཏེར་ཁའི་ཐོན་ཁུངས་ལ་རྡོ་སྣུམ་དང་། བྱེ་རྡོ། ཧྲི་ཡིན་བྱེ་མ། ཤེལ་གྱི་བྱེ་མ། མེ་ཐུབ་ས་དང་ཟེ་ཚྭ་སོགས་ཡོད། རྡོ་སྣུམ་གྱིས་གཙོས་པའི་ས་འོག་གི་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པ་མ་ཟད། དེའི་ནང་རྡོ་སྣུམ་གསོག་ཚད་བསྡོམས་འབོར་ཏུན་དུང་ཕྱུར26ཟིན་པ་དང་རྩད་ཆོད་ཐུབ་པའི་གསོག་ཚད་ཏུན་དུང་ཕྱུར10.8ཟིན། རང་བྱུང་སོལ་རླངས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར185ཟིན། སྣུམ་མའི་རྡོ་གཡམ་གསོག་ཚད་ཏུན་དུང་ཕྱུར80ཟིན། ཀྲུང་གོའི་སྐམ་སའི་སྣུམ་ཞིང་ཆེ་གྲས་དྲུག་པ་སྟེ། ཅི་ལིན་སྣུམ་ཞིང་སུང་ཡོན་དུ་ཆགས་པ་དེའོ།། སྤྱི་ལོ2004ལོའི་མ་བཅོས་རྡོ་སྣུམ་ཐོན་ཚད་ཏུན་ཁྲི505ཟིན།
སུང་ཡོན་གྲོང་ཁྱེར་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རིགས་མང་པོ་ཡོད་པ་དང་། འོ་འཐུང་སྲོག་ཆགས་ལ་ཝ་མོ་དང་། རི་བོང་། སྲེ་མོང་སོགས་ཡོད། འདབ་ཆགས་ཀྱི་རིགས་ལ་ཁྲུང་ཁྲུང་། བྱ་རྒོད། ངང་བ། ཕུག་རོན། འུག་པ་སོགས་ཡོད།
སྤྱི་ལོ2016ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་མི་གྲངས་བསྡོམས་འབོར་ཁྲི278.37ཟིན་པ་དང་ལོ་ཧྲིལ་བོར་སྐྱེས་ཚད་མི་འབོར་ཁྲི2.03ཟིན།ཤི་ཚད་མི་འབོར་ཁྲི0.64ཟིན་ཞིང་ཕོ་མོའི་མི་འབོར་གྱི་བསྡུར་ཚད་ནི101.67ཡིན།
སྤྱི་ལོ2016ལོར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1712.67ཟིན་པ་དེ་བསྡུར་གཞིའི་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས6.5%འཕར་ཡོད། དེའི་ཁྲོད་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར268.77ཟིན་ལ4.0%འཕར། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར753.07ཟིན་ལ6.0%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར690.83ཟིན་ལ8.3%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམསGDPསྒོར61558ཟིན་ཞིང་ལོ་སྔོན་མ་ལས6.6%འཕར་ཡོད། ཐོན་ལས་གསུམ་པོའི་སྒྲིག་གཞིའི་བསྡུར་ཚད་ནི15.7:44.0:40.3ཡིན་པ་དང་། དཔལ་འབྱོར་འཕར་རྒྱུར་མཛད་རྗེས་འབུལ་ཚད་སོ་སོར10.7%དང་། 40.6% 487%བཅས་སོ།།