རིམ་འདས་རྩིས་རྒྱགསྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-01-15 11:14ལ་འགྲུབ།

རིམ་འདས་རྩིས་རྒྱག

རིམ་འདས་རྩིས་རྒྱག
རིམ་འདས་རྩིས་རྒྱག་ཅེས་པ་ནི་གོ་སླ་བར་བརྗོད་ན། རྩིས་རྒྱག་ཐོན་ཁུངས་མང་པོ་ཞིག་གཞི་གཅིག་ཏུ་ཆགས་པའི་མ་ལག་དེ་ཡིན་ལ། དེ་ནི་སྟོང་བའི་དབྱིངས་སུ་རྒྱུ་བའི་བར་སྣང་གི་སྤྲིན་ཕུང་ཞིག་དང་འདྲ་བར་ཁྱེད་ཀྱིས་བརྒྱུད་སྐུར་བྱས་པའི་ཆ་འཕྲིན་དག་བརྩི་ཐབས་ངེས་ཅན་གྱིས་སྒྲིག་སྲོལ་ལྟར་ཁག་བགོས་ཏེ། འཕྲུལ་ཆས་མི་འདྲ་པ་རེ་རེར་ལག་བསྟར་བྱེད་དུ་འཇུག་ཅིང་། རྩིས་གཞི་ཆ་ཚང་བ་རྩིས་བརྒྱབ་ནས་ཚར་དུ་བཅུག་རྗེས། རིམ་འདས་བརྩི་ཐབས་ཀྱི་མཇུག་འབྲས་དེ་ཁྱོད་ལ་མཁོ་འདོན་བྱེད་ངེས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
超级计算
ཕྱི་ཡིག་གི་མིང་།
supercomputing
1 ​ངོ་སྤྲོད།

སྤྲིན་ནི་མཛེས་སྡུག་ལྡན་ཞིང་སྐྱོ་སྣང་ཆེ་བའི་ཐ་སྙད་ཅིག་ཡིན་པར་མ་ཟད། ད་དུང་འབྲེལ་མཐུད་དྲ་རྒྱ་འཕེལ་རྒྱས་སུ་འགྲོ་བའི་མཚོན་བྱེད་ཅིག་ཡང་ཡིན། ཁྱོད་ལ་ཡིད་ཆེས་དེ་འདྲ་ཆེན་པོ་ཞིག་མེད་ངེས་ཀྱང་འཛམ་གླིང་འདི་དངོས་གནས་རིམ་འདས་དུས་རབས་ཤིག་ལ་བསླེབས་ཡོད་པ་རེད། རིམ་འདས་བརྩི་རྒྱག་ཅེས་པ་ནི་གོ་སླ་བར་བརྗོད་ན། རྩིས་རྒྱག་ཐོན་ཁུངས་མང་པོ་ཞིག་གཞི་གཅིག་ཏུ་ཆགས་པའི་མ་ལག་ཅེས་པ་དེ་ཡིན་ལ། དེ་ནི་སྟོང་བའི་དབྱིངས་སུ་རྒྱུ་བའི་བར་སྣང་གི་སྤྲིན་ཕུང་ཞིག་དང་འདྲ་བར་ཁྱེད་ཀྱིས་བརྒྱུད་སྐུར་བྱས་པའི་ཆ་འཕྲིན་དག་བརྩི་ཐབས་ངེས་ཅན་གྱིས་སྒྲིག་སྲོལ་ལྟར་ཁག་བགོས་ཏེ།  འཕྲུལ་ཆས་མི་འདྲ་པ་རེ་རེར་ལག་བསྟར་བྱེད་དུ་འཇུག་ཅིང་། རྩིས་གཞི་ཆ་ཚང་བ་རྩིས་བརྒྱབ་ནས་ཚར་དུ་བཅུག་རྗེས། རིམ་འདས་བརྩི་ཐབས་ཀྱི་མཇུག་འབྲས་དེ་ཁྱོད་ལ་མཁོ་འདོན་བྱེད་ངེས་པ་ཡིན། དེ་ཡང་།  ཁྱེད་ཀྱིས་བེད་སྤྱོད་བྱེད་བཞིན་པའི་གློག་ཀླད་དེ་ལོ་འགའི་ཡར་སྔོན་གྱི་རྩིས་འཕྲུལ་རྙིང་བ་ཞིག་ཡིན་ཀྱང་རུང་། དེས་ལས་སླ་བའི་སྒོ་ནས་ལས་འགན་ཡོངས་ལེགས་འགྲུབ་འབྱུང་དུ་འཇུག་ཐུབ་པ་ཡིན་ལ། དེའི་རྒྱུ་མཚན་ནི་ཁྱེད་ཀྱིས་བེད་སྤྱོད་བྱེད་བཞིན་པ་ནི་འགྲོས་ཚད་ཧ་ཅང་མྱུར་བའི་ཞབས་ཞུ་མ་ལག་ཅིག་ཡིན་ཀྱང་རུང་། དོན་དངོས་སུ་དེ་ནི་འཛམ་གླིང་སྟེང་གི་ཡུལ་གྲུ་ཁག་ན་ཁ་འཐོར་དུ་སོང་བའི་རྩིས་འཕྲུལ་ཁྲི་སྟོང་མང་པོ་བསྡུ་རུབ་བྱས་པའི་རྟོག་བཟོའི་རིམ་འདས་རྒྱུད་ཁོངས་ཀྱི་ཚབ་བྱེད་ཅིག་ཡིན་པས་སོ།།

2 དགེ་མཚན།

རིམ་འདས་རྩིས་རྒྱག་གི་དགེ་མཚན་ནི་ཅི་ཞིག་ཡིན་ནམ་ཞེ་ན། དེ་ནི་གཞི་གྲངས་འབོར་ཆེན་ཐག་གཅོད་བྱ་རྒྱུ་དེ་ཡིན། googleདྲ་གནས་དང་ཝེ་རོན། IBMཡ་མ་སོན་སོགས་ཀྱི་ཚབ་མཚོན་བྱས་ཡོད་པའིITཀུང་སིས་རིམ་བཞིན་སྤྱོད་ཚུལ་དེ་ང་ཚོའི་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཁྱེར་ཡོང་བཞིན་ཡོད་པ་སྟེ། དཔེར་ན། གློག་རྡུལ་ཚོང་དོན་ཁྱབ་ཁོངས་ནང་དུ་རིམ་འདས་རྩིས་རྒྱག་ལ་ཞབས་ཞུ་འདོན་སྤྲོད་གནང་བཞིན་པ་ལྟ་བུའོ།།

ཨ་ལི་པཱ་པཱ་ཡི་ཚོང་ཟོག་ཕྱིར་འཚོང་དངུལ་གྲངས་ཐེར་འབུམ་ཆེན་པོ་གསུམ་ནས་ཐེར་འབུམ་ཆེན་པོ་ལྔ་ཡི་ཁྲོད་དུ། བརྒྱ་ཆའི་བདུན་ཅུ་ཡི་ཚོང་ཟོག་མངག་ཐོ་རྣམས་ནི་རིམ་འདས་རྩིས་རྒྱག་བེད་སྤྱད་ནས་ལེགས་འགྲུབ་བྱུང་བ་ཡིན་ལ། རིམ་འདས་རྩིས་རྒྱག་ཡོད་པའི་དབང་གིས་བརྡ་སྟོན་ཡོ་ཆས་གཅིག་གི་སྟེང་ནས་ཉིན་རེའི་ལས་ཀ་ཡོངས་ལེགས་འགྲུབ་འབྱུང་དུ་འཇུག་ནུས་པ་དང་། དེའི་རྒྱུ་མཚན་ནི་རིམ་འདས་རྩིས་རྒྱག་སྤྱི་སྟེགས་ཀྱིས་ཤོང་ཚད་ཆེ་བའི་གསོག་ཉར་དང་རྩིས་འཕྲུལ་གྱི་ལྟེ་བར་བཀོལ་སྒྲིག་བྱེད་ཐུབ་པར་མ་ཟད། ད་དུང་མ་ལག་རྒྱུད་ཁོངས་རིམ་སྤར་དང་སྲུང་སྐྱོབ་ཐད་ཀྱི་དཀའ་ངལ་ཚང་མའང་ངལ་བ་ཅི་ཡང་མེད་པའི་སྒོ་ནས་སེལ་ཐུབ་པས་སོ།། དེ་ཡང་རིམ་འདས་རྩིས་རྒྱག་གི་དུས་རབས་འདིའི་ནང་དུ། གལ་ཏེ་ཁྱེད་ཀྱིས་རིམ་འདས་རྩིས་རྒྱག་བེད་སྤྱོད་བྱེད་མ་ཤེས་ཚེ། བྱ་བ་ཅི་ཡང་སྒྲུབ་དཀའ་བར་སྣང་བའོ།།

བརྡ་འགྲེལ་གདོང་འཛར།

གློག་ཀླད། རྩིས་རྒྱག