ཧང་ཀྲོའུ་གྲོང་ཁྱེར།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-01-17 10:12ལ་འགྲུབ།

ཧང་ཀྲོའུ་གྲོང་ཁྱེར།

ཧང་ཀྲོའུ་གྲོང་ཁྱེར།
ཧང་ཀྲོའུ་གྲོང་ཁྱེར་གྱི་བསྡུས་མིང་ལ “ཧང”ཞེས་འབོད་པ་དང་། གནའ་བོའི་དུས་སུ་ལིན་ཨན་དང་ཆན་ཐང་ཞེས་སུ་གྲགས། ཀྲེ་ཅང་ཞིང་ཆེན་གྱི་ལྟེ་གནས་དང་ཧང་ཀྲིག་གི་གྲོང་ཁྱེར་ཚོམས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐྱར་ཞིབ་གཏན་འཁེལ་བྱས་པའི་ཀྲེ་ཅང་ཞིང་ཆེན་གྱི་ལྟེ་གནས་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་། རིག་གནས། ཚན་རིག་སློབ་གསོའི་ལྟེ་བ་ཡིན་ལ། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་གྱི་ཡ་གྱལ་བཅས་ཡིན། སྤྱི་ལོ2018ལོའི་བར། གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཆུས10དང་། རྫོང2 རྫོང་རིམ་པའི་གྲོང་ཁྱེར1བཅས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ16853.57ཡོད། བསྐྲུན་ཟིན་པའི་ཁུལ་གྱི་རྒྱ་ཁྱོན་གྱིས་སྟོང་སྨི་གྲུ་བཞི་མ559.2ཟིན་ཅིང་། རྒྱུན་སྡོད་མི་འབོར་ཁྲི980.6ཡོད་པ་དང་མཁར་གྲོང་མི་འབོར་ཁྲི759.0ཡོད། མཁར་གྲོང་ཅན་དུ་འགྱུར་ཚད་ཀྱིས77.4%ཟིན་ཡོད་པ་རེད། ཧང་ཀྲོའུ་ནི་ཀྲུང་གོའི་ཧྭ་ཤར་ས་ཁུལ་དང་། ལྷོ་རུ་རྒྱ་མཚོར་འབྲེལ་བ་དང་ཀྲེ་ཅང་ཞིང་ཆེན་གྱི་བྱང་ཕྱོགས་དང་ཆན་ཐང་ཅང་གཙང་པོའི་སྨད་རྒྱུད། ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོའི་ལྷོ་སྣེའི་ཡུལ་དུ་གནས་ཡོད། ཧང་ཀྲོའུ་མཚོ་ཁུག་ཆེན་པོ་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་དང་།ལུའུ་ཅ་ཧང་G60ཚན་རྩལ་གསར་གཏོད་བར་ཁྱམས་ལྟེ་བའི་གྲོང་ཁྱེར། རྒྱལ་སྤྱིའི་གལ་ཆེའི་གློག་རྡུལ་ཚོང་དོན་ལྟེ་གནས་བཅས་ཡིན། ཧང་ཀྲོའུ་རུ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གནའ་ཤུལ་མང་པོ་ཡོད་པ་དང་། ཞི་ཧུའུ་མཚེའུ་དང་དེའི་ཉེ་འཁོར་དུ་རང་བྱུང་དང་དེ་བཞིན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གནའ་ཤུལ་འབོར་ཆེན་ཡོད་པ་དང་། ཚབ་མཚོན་རང་བཞིན་གྱི་ཞི་ཧུའུ་མཚེའུ་ཡི་རིག་གནས་དང་། ལེའང་ཡུས་རིག་གནས། དར་གོས་རིག་གནས། ཇ་ལོའི་རིག་གནས་བཅས་དང་དེ་བཞིན་དར་ཁྱབ་བྱུང་བའི་གཏམ་རྒྱུད་དང་ངག་རྒྱུན་མང་པོ་ཡོད། ཧང་ཀྲོའུ་ནི་ཆིན་རྒྱལ་རབས་ཀྱི་སྐབས་རྫོང་བཙུགས་ནས་ལོ2200ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་དེ་སྔ་ཝུའུ་ཡེའུ་རྒྱལ་ཁབ་དང་སུང་རྒྱལ་རབས་ལྷོ་མའི་རྒྱལ་ས་ཡིན། ཡུལ་ལྗོངས་ལྟ་ན་སྡུག་པས་མི་ཡུལ་གྱི་ལྷ་ཡུལ་ཞེས་པའི་མཚན་སྙན་ཡོད། ཧང་ཀྲོའུ་ནི་ཅིང་ཧང་མིས་བཟོས་གཙང་པོ་དང་ཚོང་འགྲུལ་འགག་སྒོའི་སྟབས་བདེ་དང་དེ་བཞིན་རང་ངོས་དར་རྒྱས་ཆེ་བའི་དར་གོས་དང་འབྲུ་རིགས་ཐོན་ལས་ལ་ཕན་པ་རེད། ལོ་རྒྱུས་ཐོག་ཚོང་ལས་བསྡུ་འགྲེམས་ལྟེ་གནས་གལ་ཆེན་ཞིག་རེད། རྗེས་སུ་ཧྲང་ཧའེ་དང་ཧང་ཀྲོའུ་བར་གྱི་ལྕགས་ལམ་སོགས་སུ་མེ་འཁོར་ཤར་གཏོང་ཐུབ་པ་དང་དེ་བཞིན་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་ཐད་ཧྲང་ཧའེ་ཡིས་སྐུལ་ཁྲིད་བྱས་པར་བརྟེན་ཡང་བའི་བཟོ་ལས་ལ་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། དུས་རབས་གསར་པ་ཤར་ཚུན་ཨཱ་ལི་པ་པ་སོགས་ཚན་རྩལ་ཁེ་ལས་ཀྱིས་སྐུལ་ཁྲིད་བྱས་པ་དང་བསྟུན་ནས་དྲ་སྦྲེལ་དཔལ་འབྱོར་དེ་ཧང་ཀྲོའུ་ཡི་དཔལ་འབྱོར་འཕར་གཞི་གསར་པར་གྱུར་ཡོད། སྤྱི་ལོ2018ལོའི་འཛམ་གླིང་གི་རྫིང་བུ་ཐུང་བའི་ཆུ་རྐྱལ་འགྲན་བསྡུར་དང་སྤྱི་ལོ2022ལོའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཧང་ཀྲོའུ་རུ་གཉེར་བ་རེད། སྤྱིལོ2017ལོར་ཀྲུང་གོའི་ཕུལ་བྱུང་གྲོང་ཁྱེར་བརྒྱའི་ཨང7པར་གནས། སྤྱི་ལོ2019ལོའི་ཟླ6པར་འབྱུང་འགྱུར་དྲ་རྒྱའི་ཚོད་ལྟའི་སྒྲིག་བཀོད་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས། ཟླ11ཚེས29ཉིན་ཧང་ཀྲོའུ་ནས་ཁའེ་ལུའོ་བར་གྱི་ཐད་གཏོང་མཁའ་ལམ་དངོས་སུ་ཤར་གཏོང་བྱས་པ་རེད། སྤྱི་ལོ2019ལོའི་ཟླ12པར《འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་འཆར་འགོད་རྩ་གནད》ནང་ཧང་ཀྲོའུ་གྲོང་ཁྱེར་ཆེ་ཤོས་སུ་གཏན་འཁེལ་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杭州市
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ཕྱི་ཡིག་གི་མིང་།
Hangzhou City
མིང་གཞན།
临安、钱塘、武林、杭城
ཁོངས་གཏོགས་ས་ཁུལ།
ཧྭ་ཤར་ས་ཁུལ།
རླངས་འཁོར་ཚབ་ཨང་།
浙A
མངའ་ཁོངས།
ཆུས10  རྫོང2   རྫོང་རིམ་པའི་གྲོང་ཁྱེར1
ས་ཁོངས་ཁ་པར་ཨང་རྟགས།
0571
སྦྲག་སྲིད་ཨང་རྟགས།
310000
ས་ཁྱོན།
སྟོང་སྨི་གྲུ་བཞི་མ16853.57
མཐོ་རིམ་སློབ་གླིང་།
ཀྲེ་ཨང་སློབ་ཆེན། ཀྲེ་ཨང་བཟོ་ལས་སློབ་ཆེན་སོགས།
མི་འབོར།
ཁྲི980.6(2018ལོ)
དཀར་ཆག
1   ལོ་རྒྱུས་འཕེལ་རིམ།
2   སྲིད་འཛིན་ཁོངས་བགོས།
3   ས་ཁམས་ཁོར་ཡུག
3.1 གནས་སའི་ཡུལ་ཁོངས།
3.2 ས་དབྱིབས་རྣམ་པ།
3.3 ནམ་ཟླ།      
3.4 ཆུ་དཔྱད།     
4   རང་བྱུང་ཐོན་ཁུངས།
5   མི་འབོར་དང་མི་རིགས།
5.1 མི་འབོར།
5.2 མི་རིགས།
6   ཆབ་སྲིད།
7   དཔལ་འབྱོར།
7.1 སྤྱི་བཤད།      
7.2 ཐོན་ལས་དང་པོ།    
7.3 ཐོན་ལས་གཉིས་པ།    
7.4 ཐོན་ལས་གསུམ་པ།
8   འགྲིམ་འགྲུལ་སྐྱེལ་འདྲེན།
8.1 གཞུང་ལམ།
8.2 ལྕགས་ལམ།
8.3 ཆུ་ཐོག་སྐྱེལ་འདྲེན།
8.4 མཁའ་ལམ་སྐྱེལ་འདྲེན།
8.5 སྤྱི་སྤྱོད་འགྲིམ་འགྲུལ།
9   སྤྱི་ཚོགས་ལས་དོན།
9.1 སློབ་གསོའི་ལས་དོན།
9.2 ཚན་རིག་ལག་རྩལ།
9.3 ལུས་རྩལ་ལས་དོན།
9.4 རིག་གནས་ལས་དོན།
9.5 སྨན་བཅོས་འཕྲོད་བསྟེན།
9.6 སྤྱི་ཚོགས་འགན་སྲུང་།     
10   ལོ་རྒྱུས་རིག་གནས།
10.1 ཡུལ་སྐད།
10.2  ཆོས་ལུགས།
10.3 སྒྱུ་རྩལ།
11   མཛེས་ལྗོངས་གྲགས་ཅན།
12   ཁྱད་ཐོན་ཟས་མཆོག
1 ལོ་རྒྱུས་འཕེལ་རིམ།

ཆིན་རྒྱལ་རབས་ཀྱིས་རྒྱལ་ཁབ་དྲུག་གཅིག་གྱུར་བྱས་རྗེས། དབྱིན་ལིན་རི་བོར་རྫོང་བཙུགས་ནས་མིང་ལ་ཆན་ཐང་ཞེས་འབོད།《ལོ་རྒྱུས་དེབ་ཐེར·ཆིན་ཧྲི་ཧོང་གི་དེབ་ཐེར》ཞེས་པའི་ནང“ཆུ་མོ་གླང་།ཁྲི་ལོ་སོ་བདུན་པའི་ཟླ10པ།  གོང་མ་ཧྲི་ཧོང་ཕྱིར་བསྐྱོད་ནས……ཏན་དབྱང་ནས་ཆན་ཐང་བར་དང་། ཀྲེ་ཅང་དང་ཆུ་རླབས་ངན་པ”ཞེས་པ་དེ་ནི་ལོ་རྒྱུས་ཐོག་གི“ཆན་ཐང་”ཞེས་པའི་མིང་ཐོག་མར་བཀོད་པ་ཞིག་རེད། སྐབས་དེར་ད་དུང་གཙང་རླབས་ཀྱི་མཚོ་འགྲམ་དང་། ཞི་ཧུའུ་མཚེའུ་ད་དུང་ཆགས་མེད། ཧན་ནུབ་མའི་སྐབས་སུ་ཡང་ད་དུང་ཡང་ཧང་ཀྲོའུ་ལ་ཆན་ཐང་ཞེས་འབོད། དེ་ནས་ལོ་རྒྱུས་ཀྱི་འགྱུར་ལྡོག་རིམ་པར་བརྒྱུད་ནས་སུའེ་རྒྱལ་རབས་བཙུགས་པའི་སྐབས་དེར་ཧང་ཀྲུའོ་ཞེས་པའི་མིང་ཐོག་མར་བྱུང་བ་རེད། སུང་ལྷོ་མའི་ཡར་སྔོན་དུ་ཧང་ཀྲོའུ་ནི་འབྲི་ཆུའི་ལྷོ་ཕྱོགས་ཀྱི་མི་འབོར་ཆེས་མང་པའི་གླིང་དེ་ཡིན།

ཉལ་ཐའི་དམག་འཁྲུག་རྗེས་ཀྱི་ལོ་ངོ་བརྒྱ་ལྷག་ཙམ་རིང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཉམས་ཤིང་། མི་དམངས་ཀྱི་འཚོ་བ་རྒུད། ཧང་ཀྲོའུ་གྲོང་ཁྱེར་དུ་ལོ་མང་པོར་ཉམས་གསོ་མ་བྱས་པ་དང་། བཟོ་ཚོང་ལས་རིགས་ཀྱང་དཀའ་ཚེགས་ཆེ་ཞིང་། ཞི་ཧུའུ་མཚེའུ་ཡི་མཛེས་ལྗོངས་ཁུལ་མི་ཉུང་བ་ཞིག་རྙིང་ཧྲུལ་དུ་གྱུར་ཡོད། སྤྱི་ལོ1949ལོའི་ཟླ5པའི་ཚེས3ཉིན། ཧང་ཀྲོའུ་གྲོང་ཁྱེར་ལ་ད་གཟོད་སྐྱེས་སྟོབས་གསར་བ་སྨིན།

སྤྱི་ལོ2017ལོའི་ཟླ8པའི་ཚེས10ཉིན། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས《ཀྲེ་ཅང་མི་དམངས་སྲིད་གཞུང་གི་ཧང་ཀྲོའུ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དངོས་སུ་བཀྲམས་པ་དང་། 《ཀྲེ་ཅང་ཞིང་ཆེན་གྱི་ཧང་ཀྲོའུ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་བཀའ་ལན》(རྒྱལ་ཡིག〔2017〕ཨང102པ)གྱི་དགོངས་དོན་གཞིར་བཟུང་། རྫོང་རིམ་པའི་ལིན་ཨན་གྲོང་ཁྱེར་མེད་པ་བཟོས་ནས་ཧང་ཀྲོའུ་གྲོང་ཁྱེར་ལིན་ཨན་ཆུས་བཙུགས་ཏེ་དེ་སྔའི་ལིན་ཨན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་དེ་ལིང་ཨན་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། ལིན་ཨན་ཆུས་མི་དམངས་སྲིད་གཞུང་ཅིན་ཁྲེང་ཁྲོམ་གཞུང་དབྱི་ཅིན་སྲང་ལམ་ཨང398པར་བཅའ་སྡོད་བྱས་ཡོད།  སྤྱི་ལོ2019ལོའི་ཟླ12པར་ལོ་ཧྲིལ་པོའི་ཀྲུང་གོའི་གྲོང་ཁྱེར་གྱི་སྤུས་རྟགས་རྩེ་གྲ10ཡི་གྲས་སུ་ཚུད་ཡོད་པ་རེད།  

2 སྲིད་འཛིན་ཁོངས་བགོས།

ཁོངས་བགོས་ལོ་རྒྱུས།

སྤྱི་ལོ2019ལོའི་ཟླ4པའི་ཚེས2ཉིན་ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གིས་ཧང་ཀྲོའུ་ཆན་ཐང་ཁུལ་གསར་འཛུགས་རྒྱུའི་ཆོག་མཆན་སྤྲད་ནས་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ531.7ཟིན་པ་དང་། ཚབ་གཉེར་དོ་དམ་ཁྱབ་ཁོངས་སུ་ཅང་ཀན་ཆུས་ཀྱི་ཞ་ཧྲ་དང་པའེ་དབྱང་ཁྲོམ་སྲང2དང་། ཞའོ་ཧྲན་ཆུས་ཀྱི་ཧོ་ཀྲོང་དང་། དབྱི་ཕུང་། ཤིན་ཝན། ལིན་ཅང་། ཆན་ཅིན་བཅས་ཁྲོམ་སྲང་ལྔ། དེ་བཞིན་ཏ་ཅང་ཏུང་ཐོན་ལས་གཅིག་སྡུད་ཁུལ་གྱི་འཆར་འགོད་ཚོད་འཛིན་ཁྱབ་ཁོངས་ནང་གི་ས་ཁོངས་གཞན་དག(ཏང་ཝན་གྲོང་རྡལ་ཁོངས་གཏོགས་ཀྱི་ས་འབྲེལ་ས་ཁོངས་ཀྱི་སྲིད་འཛིན་གྲོང་ཚོ་འདུས་མེད)བཅས་ཚུད་ཡོད་པ་རེད།

ཁོངས་བགོས་ཞིབ་གསལ།

ཁོངས་གཏོགས་ཁུལ། གྲོང་ཁྱེར་ཁོངས་གཏོགས་ཆུས10དང་། རྫོང2 རྫོང་རིམ་པའི་གྲོང་ཁྱེར1ཡོད།

ཁྲོམ་སྲང་སྡེ་ཁུལ། ཁྲོམ་སྲང་དོན་གཅོད་ཁྲུའུ92དང་། གྲོང་རྡལ75 ཡུལ་ཚོ23 སྡེ་ཁུལ597 སྲིད་འཛིན་གྲོང་ཚོ807བཅས་ཡོད་པ་རེད།

གྲོང་ཁྱེར་སྲིད་གཞུང་། ཅང་ཀན་ཆུས་སུ་སྡོད་པའི་ཧང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བཅིངས་འགྲོལ་ཤར་གྱི་ལམ་ཨང18པ།


3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཧང་ཀྲོའུ་ནི་ཀྲུང་གོའི་འབྲི་ཆུའི་ཟུར་གསུམ་གླིང་གི་ལྷོ་སྣེ་དང་། ཧང་ཀྲོའུ་མཚོ་ཁུག་གི་ནུབ་སྣེ། ཆན་ཐང་གཙང་པོའི་སྨད་རྒྱུད། ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོའི་ལྷོ་སྣེ་རུ་ཡོད་ཅིང་། དེ་ནི་འབྲི་ཆུའི་ཟུར་གསུམ་གླིང་གི་ལྟེ་བའི་གྲོང་ཁྱེར་གལ་ཆེན་དང་ཀྲུང་གོའི་ཤར་ལྷོའི་རྒྱུད་ཀྱི་འགྲིམ་འགྲུལ་ལྟེ་གནས་ཡིན།

ཧང་ཀྲོའུ་ཡི་ས་ཁམས་གནས་ཚད་ནི་གཞུང་ཐིག་ཤར་མའི118°21′-120°30′དང་འཕྲེད་ཐིག་བྱང་མའི29°11′-30°33′ན་གནས་ཡོད། གྲོང་ཁྱེར་ལྟེ་གནས་ཀྱི་ས་ཁམས་གནས་ཚད་ནི་གཞུང་ཐིག་ཤར་མའི118°21′-120°30′དང་བྱང་གི་འཕྲེད་ཐིག30°16′ན་གནས་ཡོད། ཙི་ཝེ་གླིང་གི་གནས་ཚད་དེ་1913ལོ་ནས་བཟུང་ཧང་ཀྲིག་གྲོང་ཁྱེར་གྱི་ལྟེ་བ་བྱས། གྲོང་ཁྱེར་ནང་གི་འཛུགས་སྐྲུན་དང་། གཞུང་ལམ། ཆུ་རྒྱུད། གནའ་ཤུལ་གནས་མཆོག་བཅས་ཚང་མར་ཐོག་མའི་གནས་དེར་གཞིགས་ནས་ཁ་ཕྱོགས་དང་ཐོག་མའི་གནས་ཀྱི་བར་ཐག་བཀོད་ཆོག

3_2 ས་དབྱིབས་རྣམ་པ།

ཧང་ཀྲོའུ་ནི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྷོ་ཕྱོགས་དང་ཆན་ཐང་གཙང་པོའི་འབབ་རྒྱུད་དུ་གནས་ཤིང་། ས་དབྱིབས་སྣ་མང་རྙོག་འཛིང་ཆེ། ཧང་ཀྲོའུ་གྲོང་ཁྱེར་གྱི་ནུབ་རྒྱུད་ནི་ཀྲེ་ཞི་རི་མ་ཐང་གི་ཁོངས་སུ་གཏོགས་པ་དང་། རི་རྒྱུད་གཙོ་བོར་ཐེན་མུའུ་ཧྲན་སོགས་ཡོད། ཤར་རྒྱུད་ནི་ཀྲེ་ཅང་བྱང་རྒྱུད་ཀྱི་བདེ་ཐང་ཡིན་པ་དང་། ས་བབ་དམའ་བ་དང་། མཚོ་དང་མཚེའུ་འཛོམས་པ། ཐོན་རྫས་ཕུན་སུམ་ཚོགས་པས། དཔེ་མཚོན་གྱི“འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆུ་ཁུངས”ཀྱི་ཁྱད་ཆོས་ལྡན་ཡོད།

3_3 ནམ་ཟླ།      

ཧང་ཀྲོའུ་ནི་ཚ་ཁུལ་ཕལ་བའི་དུས་རླུང་ཁུལ་དུ་གནས་པ་དང་། ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། དུས་བཞི་མངོན་པར་གསལ་བ་དང་ཆར་ཆུ་འབེལ་པོ་ཡོད། ལོ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད17.8℃ཡིན་པ་དང་། ཆ་སྙོམས་ཀྱི་རླན་ཚད70.3%ཡིན། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི1454ཡིན་པ་དང་། ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད1765ཡིན། དབྱར་དུས་ཀྱི་གནམ་གཤིས་ཚ་བ་ཆེ་ཞིང་བརླན་གཤེར་ཆེ་བས་མེ་ཐབ་ཆེན་པོ་བཞིའི་གྲས་ཤིག་ཡིན། དེ་ལས་ལྡོག་སྟེ་དགུན་དུས་གྲང་ཞིང་སྐམ་ཤས་ཆེ། སྟོན་དཔྱིད་གཉིས་ཀྱི་གནམ་གཤིས་ནི་ཡུལ་སྐོར་གྱི་དུས་ཚིགས་ཡག་ཤོས་ཡིན།

3_4 ཆུ་དཔྱད།     

ཧང་ཀྲོའུ་ལ་ཆུ་དང་གཙང་པོ། མཚེའུ། རི་བོ་བཅས་མཉམ་འདྲེས་ཀྱི་རང་བྱུང་ཁོར་ཡུག་ཡོད། གྲོང་ཁྱེར་ཡོངས་ཀྱི་རི་མ་ཐང་གི་ས་སྤྱིའི་རྒྱ་ཁྱོན་གྱིས65.6%བཟུང་བ་དང་། བདེ་ཐང་གིས་26.4%ཟིན། གཙང་པོ་དང་། གཙང་པོ། མཚེའུ། ཆུ་མཛོད་བཅས་ཀྱིས8%ཟིན། འཛམ་གླིང་ཐོག་མིས་བཟོས་གཙང་པོ་རིང་ཤོས་ཏེ་ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོ་དང་སྐད་གྲགས་ཆེ་བའི་ཆན་ཐང་གཙང་པོ་གཉིས་ཀྱིས་གནས་འདི་བརྒྱུད་ཡོད།

4 རང་བྱུང་ཐོན་ཁུངས།

ཧང་ཀྲོའུ་ལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། “ཉ་དང་འབྲས་ཀྱི་ཕ་ཡུལ”དང་། “དར་གོས་ཀྱི་ཕ་ཡུལ” “མི་ཡུལ་གྱི་ལྷ་ཡུལ”ཞེས་པའི་མཚན་སྙན་ལྡན་ཡོད། ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ཐུན་མོང་མ་ཡིན་པ་དང་། ཞིང་ལས་ལོ་ཏོག་དང་། ཤིང་སྡོང་། སྒོ་ཕྱུགས་དང་ཁྱིམ་བྱ་བཅས་ཀྱི་རིགས་མང་བ། ཤིང་འབྲས་དང་། ཇ་ཤིང་། མེ་ཏོག་སོགས་རིགས260ལྷག་ཙམ་འདེབས་འཛུགས་བྱས་ཡོད། ཧང་ཀྲོའུ་ཡི་དར་ཤིང་དང་ཞི་ཧུའུ་མཚེའུ་ཡི་ལུང་ཅིང་ཇ་རྒྱལ་ཡོངས་སུ་སྐད་གྲགས་ཆོད་ཡོད། གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི1635.27ཟིན་ནས་ནགས་ཀྱི་ཁེབས་ཚད64.77%ཟིན་ཡོད།     རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྐམ་སའི་རི་སྐྱེས་སྲོག་ཆགས་རིགས10དང་རིམ་པ་གཉིས་པའི་རིགས64ཡོད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རྩི་ཤིང་རིགས3དང་རིམ་པ་གཉིས་པའི་རིགས18ཡོད། གཏེར་རྫས་ཐོན་ཁུངས་ཆེ་འབྲིང་གི་ལྕགས་རིགས་མིན་པ་དང་ལྕགས་རིགས་གཏེར་ཁ་འཛོམས་པ་རེད། ལིན་ཨན་དང་ཁྲང་ཧྭ་ནས་ཐོན་པའི་བྱ་ཁྲག་རྡོ་ནི་ཉར་ཚགས་ཀྱི་རིན་ལྡན་པའི་རྡོ་རིགས་རྩ་ཆེན་དག་ཡིན་ནོ།།

5 མི་འབོར་དང་མི་རིགས།
5_1 མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི980.6ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི33.8འཕར་ཡོད། མཁར་གྲོང་མི་འབོར་ཁྲི759.0ཡོད་པ་དེས་རྒྱུན་སྡོད་མི་འབོར་གྱི77.4%ཟིན་ནསསྤྱི་ལོ2017ལོ་ལས་བརྒྱ་ཆའི་གྲངས0.6འཕར་བ་དང་། མི་འབོར་སྐྱེ་ཚད11.3 3‰དང་རང་བྱུང་འཕར་ཚད6.2‰ཡིན། གྲོང་ཁྱེར་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྲི774.1དང་། མི་འབོར་སྐྱེ་ཚད12.4%ཟིན་པ་དང་རང་བྱུང་འཕར་ཚད6.3%ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི་མཁར་གྲོང་གི་ལས་ཞུགས་མི་སྣ་ཁྲི39.9གསར་འཕར་བྱུང་བ་དང་ལས་ཤོར་མི་སྣ་ཁྲི11.3ལ་བསྐྱར་དུ་ལས་ཀར་ཞུགས་བྱེད་པར་བཀོད་སྒྲིག་བྱས། ལོ་མཇུག་ཏུ་མཁར་གྲོང་ལས་ཤོར་ཐོ་འགོད་ཚད1.6%ཡིན། སྒེར་གཉེར་ཁེ་ལས་དང་ཁེར་གཉེར་བཟོ་ཚོང་ཐེམ་དུད་ཀྱི་ལས་ཞུགས་མི་སྣས་སོ་སོར་ཁྲི342.2དང་ཁྲི95.8སོ་སོར་ཟིན་ནས9.6%དང3.7%འཕར་ཡོད་པ་རེད།

5_2 མི་རིགས།

ཧང་ཀྲོའུ་ནས་རྒྱ་རིགས་གཙོ་བོ་དང་གྲངས་ཉུང་མི་རིགས་ཁ་ཐོར་ངང་འདྲེས་སྡོད་བྱས་ཡོད། སྤྱི་ལོ1982ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་གསུམ་པ་བྱེད་སྐབས་གྲོང་ཁྱེར་ཡོངས་སུ་རྒྱ་རིགས་དང་ཧྲེ་རིགས། ཀྲོང་རིགས། ཧུའེ་རིགས། མན་ཇུ་རིགས་སོགས་མི་རིགས27ཡོད། རྒྱ་རིགས་ཕུད་པའི་གྲངས་ཉུང་མི་རིགས26གི་མི་འབོར13383ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་འབོར་གྱི0.25%ཟིན་ཡོད། ཧང་ཀྲོའུ་ཡི་གྲངས་ཉུང་མི་རིགས་སོ་སོས་སྤྱིར་བཏང་དུ་རྒྱ་སྐད་བཤད་པ་དང་། རྒྱ་མིང་དང་། རྒྱན་གོས། འཚོ་བའི་གོམས་གཤིས་སོགས་ཀྱང་ཕལ་ཆེར་རྒྱ་རིགས་དང་གཅིག་མཚུངས་ཡིན།

6 ཆབ་སྲིད།

ཞིང་ཆེན་ཏང་ཨུའི་དབུ་ཁྲིད།

ཀྲོའུ་ཅང་ཡུང་། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡིན།

ཀྲང་ཀྲུང་ཚན། ཀྲུང་གུང་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་ཏང་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཧང་ཀྲོའུ་གྲོང་ཁྱེར་ཁྲིམས་རིག་སློབ་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན།

ཐུང་ཀུའེ་ལི། ཀྲུང་གུང་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུ་ཡི་རྒྱུན་ཨུ་དང་། ཞའོ་ཧྲན་ཆུས་ཏང་ཨུ་ཡི་ཧྲུའུ་ཅི་ཡིན།

ཁྲེན་ཀྲེན་ཚང་། ཀྲུང་གུང་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུ་ཡི་རྒྱུན་ཨུ་དང་གྲོང་ཁྱེར་སྒྲིག་ཨུ་ཡི་ཧྲུའུ་ཅི་ཡིན།

ཆི་དབྱི་ཧུའུ། ཀྲུང་གུང་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུ་ཡི་རྒྱུན་ལས་ཨུ་ཡོན་དང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཡིན།  

ཞུས་མིན། ཀྲུང་གུང་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུ་ཡི་རྒྱུན་ཨུ་དང་དྲུང་ཡིག་ཆེན་མོ། གསང་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།

ཏའེ་ཅན་ཕིན།   ཀྲུང་གུང་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུ་ཡི་རྒྱུན་ཨུ་དང་། གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ། གྲོང་ཁྱེར་ཏང་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ཧང་ཀྲོའུ་སྲིད་འཛིན་སློབ་གླིང་གི་གླིང་གཙོ་བཅས་ཡིན།

མའོ་ཆི་ཧའོ།  ཀྲུང་གུང་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུ་རྒྱུན་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་དང་། གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་ཡིན།

ཡའོ་ཧྥེང་། ཀྲུང་གུང་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུ་ཡི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ། (འགན་བཏགས) ཀྲུང་གོའི་ཁྲོམ་འགྲེམས་ཀུང་སིའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡིན།

ལིའུ་གོ་ཧུང་།  ཀྲུང་གུང་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུ་ཡི་རྒྱུན་ཨུ་དང་། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཧྲི་ཀྲང་གཞོན་པ། (འགན་བཏགས)རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ཡི་རྨོ་ཞིང་སྲུང་སྐྱོང་སིའི་སི་ཀྲང་བཅས་ཡིན།

ལིའུ་ཏེ་ཧྲེང་།   ཀྲུང་གུང་ཧང་ཀྲོའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་། ཧང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ། གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ (འགན་བཏགས)དང་། ཀྲུང་གུང་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིན།

རིན་མིན་ལུང་།   ཀྲུང་གུང་ཧང་ཀྲོའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གི་དམག་སྤྱི་ཡིན།

ཅིན་ཀྲི། ཀྲེ་ཅང་ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུ་ཡི་ཨུ་ཡོན་དང་། ཀྲུང་གུང་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུ་ཡི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ཧང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཏང་ཨུ་ཡི་ཧྲུའུ་ཅི་བཅས་ཡིན།

ཁྲེན་ཞིན་ཧྭ།    ཀྲུང་གུང་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུ་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དང་ཧྲི་ཀྲང་གཞོན་པ་བཅས་ཡིན།

ཀྲང་ཀྲེན་ཧྥེང་། ཀྲུང་གུང་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཡུས་ཧང་ཆུས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཡིན།

ཏའེ་ཅན་ཕིན།  རྒྱུན་ལས་ཧྲི་ཀྲང་གཞོན་པ།

ཁྲེན་ཞིན་ཧྭ། ཧྲི་ཀྲང་གཞོན་པ།

ཞེ་ཧྲོང་ཁྲེང་། ཧྲི་ཀྲང་གཞོན་པ།

ཁྲེན་ཧུང་ཡིན། ཧྲི་ཀྲང་གཞོན་པ།

མིའོ་ཁྲེང་ཁྲིན། ཧྲི་ཀྲང་གཞོན་པ།

ཝང་ཧུང་། ཧྲི་ཀྲང་གཞོན་པ།

ཡའོ་ཧྥེང་། ཧྲི་ཀྲང་གཞོན་པ།

ལིའུ་གོ་ཧུང་། ཧྲི་ཀྲང་གཞོན་པ།

ཁྲིན་གོ་མེ། ཧྲི་ཀྲང་གཞོན་པ།

ལིའུ་ཏེ་ཧྲེང་། ཧྲི་ཀྲང་གཞོན་པ།

7 དཔལ་འབྱོར།
7_1 སྤྱི་བཤད།      

སྤྱི་ལོ2018ལོར་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར13509ཟིན་པ་དེ་ལོ་གོང་མ་ལས6.7%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར306དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར4572རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར8632བཅས་སོ་སོར1.8%དང་། 5.8%  7.5%བཅས་འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི2.5:34.6:62.9ནས་2.3:33.8:63.9བར་ལེགས་སྒྲིག་བྱས་ཡོད། ལོ་ཧྲིལ་པོར་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར140180(ལོ་རེའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང་ཨ་སྒོར21184ཡིན་པ་རེད)ཟིན་ཡོད།

7_2 ཐོན་ལས་དང་པོ།    

སྤྱི་ལོ2018ལོར་ལོ་ཧྲིལ་པོར་ཞིང་ནགས་འབྲོག་ཉ་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་12ཟིན་ནས2.0%འཕར་ཡོད། དེའི་ནང་ཞིང་ལས་་ཀྱིས་སྒོར་དུང་ཕྱུར201དང་། ནགས་ལས་ཀྱིས་སྒོར་དུང་ཕྱུར45  ཉ་ལས་ཀྱིས་སྒོར་དུང་ཕྱུར30བཅས་ཟིན་ནས2.4%དང་།སོ་སོར 6.3%   2.1% འཕར་ཡོད། ཞིང་ནགས་འབྲོག་ཉ་བཅས་ཀྱི་ཆེད་ལས་དང་ཞོར་འདེགས་རང་བཞིན་གྱི་བྱེད་སྒོས་སྒོར་དུང་ཕྱུར6.3ཟིན་ནས11.4%འཕར་བ་དང་། འབྲོག་ལས་ཀྱིས་སྒོར་དུང་ཕྱུར30ཟིན་ནས6.8%ཆག་ཡོད། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི66.8ཟིན་ནས་ཝ3.3%འཕར་བ་རེད། སྔོ་ཚལ་ཐོན་ཚད་ཏུན་ཁྲི342.7ཟིན་ནས1.3%འཕར་བ་དང་། ཤིང་ཏོག་ཐོན་ཚད་ཏུན་ཁྲི84.7ཟིན་ནས3.3%འཕར་བ་རེད། ཆུའི་ཐོན་རྫས་ཐོན་ཚད་ཏུན་ཁྲི21.4ཟིན་ནས་3.0%འཕར་བ་དང་། ཤ་རིགས་ཐོན་ཚད་ཏུན་ཁྲི21.1ཟིན་ནས14.2%ཆག་ཡོད། གྲོང་ཁྱེར་རིམ་པའི་“ཤ་ཚལ་སྒོང་གསུམ”གྱི་རྟེན་གཞི514ཡོད་པའི་ནང12གསར་སྐྲུན་བྱས་པ་དང་། ཞིང་ལས་ཚད་ལྡན་ཅན་གྱི་ཐོན་སྐྱེད་ཚད65%ཟིན་ཡོད། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྩེར་སོན་གྲོང་ཚོ་76གསར་གཏོད་བྱས་པ་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྩེར་སོན་དཔེ་སྟོན་ལམ་ཐིག12གསར་དུ་ལེགས་གྲུབ་བྱུང་། ཞིང་པའི་སྤྲོ་སྐྱིད་ཁང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི6477ལ་སྣེ་ལེན་བྱས་པ་དང་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར69བྱུང་ནས་སོ་སོར30.5%དང32.9%འཕར་ཡོད་པ་རེད། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་ཕྱིར་ཚོང་བྱེད་ཚད་ཀྱིས་སྒོར་དུང་ཕྱུར120ཟིན་ཡོད། “ཞིང་པའི་བྱང་ཚད་མཐོ་རུ་གཏོང་བའི་འདུ་འགོད”ཀྱིས་ཞིང་པ་ཁྲི7.1གསོ་སྦྱོང་བྱས་པ་དང་སྤྱོད་གོ་ཆོད་པའི་ཤེས་ལྡན་པ་རིམ་རྩིས་བྱས་ན་ཁྲི14.7ཡོད་པ་རེད།

7_3 ཐོན་ལས་གཉིས་པ།    

སྤྱི་ལོ2018ལོར་ལོ་ཧྲིལ་པོར་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར4160ཟིན་ནས་6.3%འཕར་བའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར3405ཟིན་ནས6.3%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁྲོད་ཀྱི་ལག་རྩལ་མཐོ་གསར་གྱི་ཐོན་ལས་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས། སྒྲིག་ཆས་བཟོ་སྐྲུན་ལས་རིགས་བཅས་ཀྱི་འཕར་ཐང་སོ་སོར10.8%དང་། 13.1% 9.3%བཅས་འཕར་བ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི57.2%དང་། 33.3%  45.0%བཅས་ཟིན་ཡོད། ཟད་གྲོན་ཆེ་བའི་ལས་རིགས་ཆེན་པོ་བརྒྱད་ཀྱི་འཕར་ཐང་གིས་24.3%ཟིན་ནས་བརྒྱ་ཆའི་གྲངས་0.3ཆག་ཡོད། ཐོན་རྫས་གསར་པའི་ཐོན་རྫས་རིན་ཐང་དེ་ལོ་གོང་མའི37.7%ནས38.8%བར་མཐོ་རུ་ཕྱིན་ཡོད། བཟོ་ལས་ཐོན་རྫས་ཀྱི་ཐོན་སྐྱེད་བྱེད་ཚད98.4%ཟིན་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཁེ་སྤོགས་སྒོར་དུང་ཕྱུར974བྱུང་བ་དེ1.2%འཕར་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་ལས་བཟོ་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་མི་རེར་སྒོར་ཁྲི33ཟིན་པ་དེ་ལོ་གོང་མ་ལས9.2%འཕར་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་སྡེ་ཚན་གྱི་འཕར་ཐང་ནུས་ཁུངས་ཟད་གྲོན 5.9%ཆག་པ་དང་། ཆག་ཚད་ལོ་གོང་མ་ལས་བརྒྱ་ཆའི་ཚེག1.8གིས་ཆེ་རུ་ཕྱིན་ཡོད།

ལོ་ཧྲིལ་པོར་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར413ཟིན་པ་དེསGDPཡི3.1%ཟིན་ཡོད།     སྤྱིའི་འགན་གཙང་ལེན་དང་ཆེད་ལས་འགན་གཙང་ལེན་གྱི་ཐོབ་ཐང་ལྡན་པའི་བཟོ་སྐྲུན་ཁེ་ལས1541ཡོད་པ་དང་། ཨར་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4417ལེགས་གྲུབ་བྱུང་བས2.1%འཕར་ཡོད། དེའི་ནང་ཞིང་ཆེན་ནང་ཁུལ་དུ་སྒོར་དུང་ཕྱུར3210ཟིན་ནས2.8%འཕར་ཡོད། གསར་དུ་བཞག་པའི་གན་རྒྱའི་དངུལ་གྲངས་སྒོར་དུང་ཕྱུར5434ཟིན་ནས7.9%འཕར་ཡོད། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར201ཟིན་ནས་0.7%འཕར་ཡོད།

མིང་གྲགས་ཅན་གྱི་ཁེ་ལས།

ཐའོ་པའོ་དྲ་བ། ཨཱ་ལི་པ་པ་སྤྱི་ཁྱབ་པུའུ།  ཧང་ཀྲོའུ་ཝ་ཧ་ཧ་ཚོགས་པ་ཚད་ཡོད་ཀུང་སི། ཀྲེ་ཅང་ཅི་ལི་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི། ཝན་ཞང་ཚོགས་པ། ཀྲེ་ཅང་ཁང་ཨིན་པའེ་སྨན་བཟོ་མ་རྐང་ཚད་ཡོད་ཀུང་སི། ཀྲེ་ཅང་པེ་དབྱིན་ཨ་རིའི་བཟོ་ལས་དང་ཉོ་ཚོང་མ་རྐང་ཚད་ཡོད་ཀུང་སི།  ཧང་ཀྲོའུ་ཧྭ་སན་འཕྲིན་གཏོང་ལག་རྩལ་ཚད་ཡོད་ཀུང་སི། ཐོང་ཧྭ་ཧྲུན།   ཞིང་བའི་གཏེར་ཆུ་མ་རྐང་ཚད་ཡོད་ཀུང་སི་བཅས་ཡོད།

7_4 ཐོན་ལས་གསུམ་པ།

དངུལ་རྩ།    

སྤྱི་ལོ2018ལོར། དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར1197ཟིན་ནས9.0%འཕར་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་ལས་ཁུངས525ཡོད་པ་དང་ལོ་དེར་ཁེ་ལས26གསར་དུ་འཕར་ཡོད། ལོ་མཇུག་ཏུ་དངུལ་རྩའི་ལས་ཁུངས་ཀྱི་ཕྱི་དངུལ་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར39810.5ཡིན་པ་དང9.1%འཕར་ཡོད། དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར36598.3ཟིན་ནས25.0%འཕར་ཡོད།

སྤྱི་ལོ2018ལོར། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར1051ཟིན་ནས4.8%འཕར་བ་དང་། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར208ཟིན་ནས4.9%འཕར་ཡོད། ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར5715ཟིན་ནས9.0%འཕར་བ་དང་། འཛད་སྤྱོད་ཀྱི་རིགས་བསྡོམས་རྩིས་བྱས་པར་གཞིགས་ན། ཚོང་ཟོག་སིལ་ཚོང་སྒོར་དུང་ཕྱུར5061ཟིན་ནས8.9%འཕར་བ་དང་། ཟས་རིན་ཡོང་འབབ་སྒོར་དུང་ཕྱུར654ཟིན་ནས9.6%འཕར་ཡོད། གཉེར་སྐྱོང་བྱ་ཡུལ་ལ་གཞིགས་ནས་དབྱེ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར5401ཟིན་ནས8.9%འཕར་བ་དང་། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར314ཟིན་ནས10.0%འཕར་ཡོད།  

ཉེན་སྲུང་།

སྤྱི་ལོ 2018ལོའི་ཉེན་སྲུང་གྲོན་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར663.6ཟིན་ནས4.7%འཕར་ཡོད། དེའི་ནང་རྒྱུ་ནོར་ཉེན་སྲུང་གི་གྲོན་དངུལ་འགན་ལེན་ཡོང་འབབ་སྒོར་དུང་ཕྱུར236.5ཟིན་ནས14.0%འཕར་བ་དང་། མི་ལུས་ཉེན་སྲུང་གི་ཡོང་འབབ་སྒོར་དུང་ཕྱུར7.1ཟིན་ནས་0.2%འཕར་ཡོད། ཉེན་སྲུང་གསབ་དངུལ་ཁག་ལ་སྒོར་དུང་ཕྱུར02.9སྤྲད་ནས19.6%འཕར་ཡོད། དེའི་ནང་རྒྱུ་ནོར་ཉེན་སྲུང་སྒོར་དུང་ཕྱུར133.8ཟིན་ནས22.0%འཕར་བ་དང་། མི་ལུས་ཉེན་སྲུང་གིས་སྒོར་དུང་ཕྱུར69.1ཟིན་ནས15.3%འཕར་ཡོད།

8 འགྲིམ་འགྲུལ་སྐྱེལ་འདྲེན།
8_1 གཞུང་ལམ།

སྤྱི་ལོ2018ལོའི་ལོ་མཇུག་བར། ལོ་ཧྲིལ་པོའི་མངའ་ཁོངས་ནང་གི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྟོང་སྨི16520ཟིན་པའི་ནང་མྱུར་བགྲོད་གཞུང་ལམ་གྱིས་སྟོང་སྨི632ཟིན་ཡོད།

ཧང་ཀྲོའུ་ཡི་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས།

ཧང་ཀྲོའུ་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས། ས་གནས།  ཅང་ཀན་ཆུས་ཅིའུ་པའོ་གྲོང་རྡལ་གྱི་ཏི་ཧྲིན་ཤར་ལམ3339པ།

ཧང་ཀྲོའུ་རླངས་འཁོར་ནུབ་ཚིགས། ས་གནས།  ཞི་ཧུའུ་ཆུས་ཐེན་མུའུ་རི་བོའི་ལམ་ཨང357པ།

ཧང་ཀྲོའུ་རླངས་འཁོར་བྱང་ཚིགས། ས་གནས།   གཞུ་དབྱིབས་ཁུལ་གྱི་མོ་ཀན་རི་བོའི་ལམ་གྱི་ཨང766པ།

ཧང་ཀྲོའུ་རླངས་འཁོར་ལྷོ་ཚིགས། ས་གནས། གྲོང་ཁུལ་གོང་མའི་ཆིའུ་ཐའོ་ལམ་ཨང407པ།  

ཧང་ཀྲོའུ་ལིན་ཕིང(རྒྱང་བགྲོད)རླངས་འཁོར་བྱང་ཚིགས།   ས་གནས། ཧང་ཀྲོའུ་གྲོང་ཁྱེར་གྱི་ཡུའུ་ཧང་ཆུས་སྐར་འོད་སྲང་ལམ་ཨང865པ།  

ཞའོ་ཧྲན་རྒྱང་བགྲོད་རླངས་འཁོར་སྤྱི་ཚིགས།    ས་གནས། ཧང་ཀྲོའུ་གྲོང་ཁྱེར་ཞའོ་ཧྲན་ཆུས་ཞའོ་ཧྲའོ་ལམ་ཨང838པ།

8_2 ལྕགས་ལམ།

སྤྱི་ལོ2016ལོའི་ལོ་མཇུག་བར། ཧང་ཀྲོའུ་ཡི་ལམ་ཐིག་ནང་ཧྲང་ཧའེ་དང་ཁུན་ཧྲན་གྱི་ལམ་ཐིག(ཀྲེ་ཅང་དང་ཅང་ཤིས་ཀྱི་ལམ་ཐིག ཧྲང་ཧེ་ནས་ཧང་ཀྲོའུ་བར་གྱི་ལམ་ཐིག)དང་། ཞའོ་ཡུང་གི་ལམ་ཐིག ཞོན་ཧང་ལམ་ཐིག་བཅས་ཚུད་ཡོད། མྱུར་བགྲོད་ལྕགས་ལམ་ལ་ད་ལྟ་ཧྲང་ཧའེ་དང་ཧང་ཀྲོའུ་ནས་ཧང་ཀྲོའུ་བར་གྱི་འགྲུལ་སྐྱེལ་ཆེད་ལམ་དང་། ཉིང་ཧང་ནས་ཧང་ཀྲོའུ་བར་གྱི་འགྲུལ་སྐྱེལ་ཆེད་ལམ། ཧང་ཀྲོའུ་ནས་ཁྲང་ཧྲ་བར་གྱི་ཆེད་སྤྱོད་ལམ་བཅས་ཡོད་པ་དང་། 2014ལོའི་ཟླ12པའི་ཚེས10ཉིན། ཧྲང་ཧའེ་དང་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་ཧང་ཀྲོའུ་ནས་ནན་ཁྲང་བར་གྱི་ལམ་དུམ་དངོས་སུ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། ད་བར་ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་ཧང་ཀྲོའུ་ནས་ཁྲང་ཧྲ་བར་གྱི་ལམ་དུམ་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། ཧང་ཀྲོའུ་ནི་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་རྒྱ་གྲམ་རྟགས་ཅན་གྱི་གྲོང་ཁྱེར་དང་པོར་གྱུར་ཡོད།

8_3 ཆུ་ཐོག་སྐྱེལ་འདྲེན།

ཧང་ཀྲོའུ་ཡི་ཆུ་ལམ་འགྲིམ་འགྲུལ་ནི་གཙོ་བོ་ནི་ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོའི་ཐོག་སུའུ་ཀྲོའུ་ནས་ཧང་ཀྲོའུ་བར་གྱི་གྲུ་གཟིངས་ཡིན་པ་དང་། སྤྱིར་བཏང་མཚན་སྐྱོད་བྱེད་ཅིང་ཞོགས་པར་སླེབས། སུའུ་ཀྲོའུ་དང་ཝུའུ་ཞི་ས་ཆ་གཉིས་སུ་འབྱོར་གྱིན་ཡོད། ཝུའུ་ལིན་མོན་གྲུ་ཁ་ནས་གྲུ་ལ་བསྡད་བར། ཆུ་ཚོད་17:30ཐོག་སུའུ་ཀྲོའུ་རུ་བསྐྱོད་དེ། དེའི་ཕྱི་ཉིན་ཆུ་ཚོད7:00ཐོག་འབྱོར་ཞིང་། སུའུ་ཀྲོའུ་རུ་ཕྱིར་ལོག་པའི་དུས་ཚོད་ནི་ཆུ་ཚོད17:30རེད། གཞན་ཆཱན་ཐང་གཙང་པོའི་གྲུ་ལམ་ཞིག་ཀྱང་ཡོད། ཐིག་འདི་གཉིས་ནི་སྤྱིར་བཏང་དུ་དབྱར་དུས་སམ་ཡུལ་སྐོར་བ་མང་བའི་དུས་སུ་ད་གཟོད་སྒོ་ཕྱེ། ད་ལྟ་སྐྱེལ་འདྲེན་བྱེད་མཚམས་བཞག་ཡོད།

8_4 མཁའ་ལམ་སྐྱེལ་འདྲེན།

ཧང་ཀྲོའུ་ཡི་ཞའོ་ཧྲན་རྒྱལ་སྤྱིའི་གནམ་ཐང་དེ་ཧང་ཀྲོའུ་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་པ་དང་ཤའོ་ཧྲན་ཆུས་ཅིང་ཅང་ཁྲོམ་གཞུང་དང་བར་ཐག་སྤྱི་ལེ30ཙམ་ཡོད། ཀྲུང་གོའི་གནམ་ཐང་གཙོ་བོ་དང་། ཀྲུང་གོའི་མཁའ་འགྲུལ་འགག་སྒོ་ཆེ་གྲས་བཞི་པ(ཧྲང་ཧའེ་དང་། པེ་ཅིང་། ཀོང་ཀྲོའུ་བཅས་ཀྱི་རྗེས་ཡིན་པ་དང་། གྲུ་ཁའི་ཡུལ་སྐོར་བ་མི་ཐེངས་ཁྲི་285ལས་བརྒལ་བ)ཀྲུང་གོའི་རྒྱལ་སྤྱིའི་གནམ་ཐང་ཆེ་གྲས་བཅུའི་གྲས་ཤིག་དང་། ཀྲུང་གོའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་མཁའ་འགྲུལ་འགག་སྒོ་དང་རྒྱལ་སྤྱིའི་གནམ་ཐེངས་གྲབས་འབབ་གནམ་ཐང་ཡིན་ནོ།།

8_5 སྤྱི་སྤྱོད་འགྲིམ་འགྲུལ།

ས་འོག་ལྕགས་ལམ།

ཧང་ཀྲོའུ་གྲོང་ཁྱེར་ལ་ས་འོག་ལྕགས་ལམ་གྱི་ལམ་ཐིག25ལྷག་ཡོད།

གློག་གསོག་འཁོར་ལོ།

ཞི་ཧུའུ་མཚེའུ་ཡི་ལྷོ་ལམ་གསར་པའི་རིང་ཚད་ལ་སྟོང་སྨི3.5ཡོད་པ་དང་། སྤྱི་གླིང་དང་པོ་དང་། ཡོང་ཅིན་མོན། ལིའུ་ལང་ཝུན་དབྱིན། ཤེས་རམས་ཟམ་པ་དང་ཟམ་རིང་བཅས་དུམ་ཁུལ5རུ་དབྱེ་ཡོད། ཁྱོན་ལོ་རྒྱུས་རིག་གནས་ཀྱི་མཛེས་ལྗོངས་ཐེངས18ཡོད་པ་དང་། ཉིན་རེར་ཆུ་ཚོད8:00-17:30བར།  ཧུའུ་ནན་ལྷོ་ལམ་བརྒྱུད་དེ་གློག་གསོག་འཁོར་ལོ་བསྡད་དེ་ཞི་ཧུའུ་མཚེའུ་བསྐོར་ཆོག  མཚེའུ་བསྐོར་བའི་གློག་གསོག་འཁོར་ལོ་ལ་ད་ཆ་འདུག་སྟེགས4དང་། 8 11 14ཅན་བཅས་རིགས་བཞི་ཡོད། འཁོར་གཏོང་མྱུར་ཚད་ཆུ་ཚོད་རེར་སྟོང་སྨི10ཙམ་ཟིན་གྱི་ཡོད།

གླ་གཏོང་རླངས་འཁོར།

སྤྱི་ལོ2019ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་ཧང་ཀྲོའུ་ཡིས་གྲོང་ཁུལ་གྱི་སྐོར་སྐྱོད་བདལ་གཏོང་རླངས་འཁོར་གྱི་རིན་གོང་ལེགས་སྒྲིག་ཇུས་གཞི་གསར་པ་དངོས་སུ་ལག་བསྟར་བྱས་པ་རེད།     ཐོག་མའི་རིན་གོང་སྒོར11ནས་སྒོར13བར་ལེགས་སྒྲིག་དང་། མཚན་མོའི་ལམ་ཐག་གྲོན་དངུལ30%འཕར་ཡོད།

སྤྱི་སྤྱོད་རྐང་འཁོར།

①སྐར་མ60ནང་རིན་མེད་ངང་བེད་སྤྱོད་གཏོང་བ། གྲོང་ཁྱེར་ཡོངས་ནས་གཡར་བ་ཕྱིར་སྤྲོད་ཆོག

②ལྗང་མདོག་ཁོར་ཡུག་སྲུང་སྐྱོང་དང་ཐཱན་ཉུང་ཕྱིར་སྐྱོད།

③ཞི་ཧུའུ་མཚེའུའི་མཛེས་ལྗོངས་ཁུལ་དང་ཉེ་འཁོར་དུ་ཡུལ་སྐོར་བློ་འདྲི་བྱེད་ས100བཙུགས་ནསICབྱང་བུ་མཁོ་སྤྲོད་བྱེད་པ་དང་། གློག་རྡུལ་སྣེ་ཤན་གནམ་གྲུ་བོགས་གཏོང་ཞབས་ཞུ།  ཡུལ་སྐོར་བར“རྐང་འཁོར་བཞོན་ནས་ཧང་ཀྲོའུ་ལ་ཡུལ་སྐོར་བྱེད་པའི”སྟབས་བདེའི་དྲ་ཚིགས་ཀྱི་ཁྱབ་ཁོངས་མཁོ་འདོན་བྱེད་པ། གྲོང་སྟོད་ཆུས་དང་། གྲོང་སྨད་ཆུས། ཤིས་ཧུའུ་ཆུས། ཀུང་ཆི་ཆུས། ཅང་ཀན་ཆུས། པིན་ཅང་ཆུས་བཅས་ཁུལ་དྲུག(གྲོང་ཁུལ་གཙོ་བོའི་ཁྱབ་ཁོངས) སྟབས་བདེའི་དྲ་ཚིགས་མཁོ་སྤྲོད་བྱེད་ཀྱིན་ཡོད།

9 སྤྱི་ཚོགས་ལས་དོན།
9_1 སློབ་གསོའི་ལས་དོན།

སྤྱི་ལོ2018ལོའི་ལོ་མཇུག་བར། བྱིས་སྐྱོང་གླིང991ཡོད་པ་དང་ཕྲུ་གུ་ཁྲི34.4ཡོད། མི་ཁྲི0.7མང་དུ་ཕྱིན་ནས་སློབ་ཞུགས་གོང་གི་ལོ་གསུམ་གྱི་བྱིས་པ་བྱིས་སྐྱོང་གླིང་དུ་ཞུགས་ཚད་ཀྱིས99.0%ཟིན་པ་དང་། ཁྱོན་སློབ་ཆུང478ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི59.1ཟིན་ནས་མི་ཁྲི3.0མང་དུ་ཕྱིན་ཡོད། དམའ་རིམ་སློབ་འབྲིང་264ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི23.5ཡོད་པ་དང་ཁྲི1.0མང་དུ་ཕྱིན་ནས་དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་རིགས་ཁག་གི་མཐོ་རིམ་སློབ་འབྲིང་དུ་ཞུགས་པའི་བསྡུར་ཚད་ཀྱིས99.7%ཟིན་པ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མ87ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི11.4དང་ཁྲི0.1འཕར་ཡོད། ལས་རིགས་མཐོ་རིམ་སློབ་གྲྭ་དང་འབྲིང་རིམ་ཆེད་ལས་སློབ་གྲྭ36ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི6.1ཡོད་ཅིང་ཁྲི0.2ཉུང་དུ་ཕྱིན་ཡོད། མཐོ་རིམ་སློབ་གྲྭ་དཀྱུས་མ40ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི49.6ཡོད་ཅིང་ཁྲི1.2འཕར་ཡོད། དེའི་ནང་ཞིབ་འཇུག་སློབ་མ་ཁྲི6.4ཡོད་པ་དང་། མཐོ་རིམ་སློབ་གསོའི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་66.1%ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱིས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཕྱི་ནས་ཡོང་བའི་ལས་མིའི་བུ་ཕྲུག་ཁྲི28.7ཐག་གཅོད་བྱས་པ་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་ཀྲུང་ཕྱིའི་མཉམ་ལས་སློབ་གཉེར་རྣམ་གྲངས65ཡོད་པ་དེའི་ནང་གྲོང་ཁྱེར་ཁོངས་གཏོགས་ཀྱི་མཐོ་སློབ་རྣམ་གྲངས7ཡོད་པ་རེད།

9_2 ཚན་རིག་ལག་རྩལ།

སྤྱི་ལོ2018ལོར། གསར་གཏོད་ཆེད་ཕན་རེ་ཞུ36538ཡོད་པ་ལས། གསར་གཏོད་ཆེད་ཕན་བདག་སྤྲོད་བྱས་གྲངས10267ཡིན་ལ། སོ་སོར42.8%དང4.0%འཕར་ཡོད། རྒྱལ་ཁབ་ཀྱིས་ལག་རྩལ་མཐོ་གསར་གྱི་ཁེ་ལས1557ཡོད་པ་དང་། གཙོ་གནད་དུ་བཟུང་ནས་རོགས་སྐྱོར་བྱས་པའི་ནང་ཁེ་ལས་1059གསར་དུ་ངོས་འཛིན་བྱས་ཡོད། ཞིང་ཆེན་རིམ་པའི་ཞིབ་འཇུག་གསར་སྤེལ་ལྟེ་གནས149མང་དུ་བཏང་བ་དང་རིམ་རྩིས་བྱས་ན984ཡོད། ཚན་རྩལ་ཁེ་ལས་ཀྱི་གསོ་ཆས138ཡོད་པ་དེའི་ནང་རྒྱལ་ཁབ་རིམ་པའི་32དང་ཞིང་ཆེན་རིམ་པའི75ཡོད་པ་རེད།

9_3 ལུས་རྩལ་ལས་དོན།

སྤྱི་ལོ2011ལོའི་ཟླ10པར་སྐབས་བརྒྱད་པའི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་གཉེར་བ་རེད།སྤྱི་ལོ2016ལོར་སྐབས་བཅུ་པའི་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་གཉེར་བ་རེད། 

སྤྱི་ལོ2017ལོའི་ཟླ9པར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སློབ་མའི་ལུས་རྩལ་འགྲན་ཚོགས་གཉེར་བ་རེད། སྤྱི་ལོ2018ལོའི་འཛམ་གླིང་གི་རྫིང་ཆུང་ཆུ་རྐྱལ་འགྲན་བསྡུར་དང་སྤྱི་ལོ2022ལོའི་སྐབས19པའི་ཧང་ཀྲོའུ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཧང་ཀྲོའུ་རུ་གཉེར་རྒྱུ་ཡིན་པ་དང་ཧང་ཀྲོའུ་དེ་པེ་ཅིང་དང་ཀོང་ཀྲོའུ་རྗེས་ཀྱི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་གཉེར་བའི་ཀྲུང་གོའི་གྲོང་ཁྱེར་ཨང་གསུམ་པ་དེར་འགྱུར་རྒྱུ་རེད།     སྤྱི་ལོ2018ལོར། ལུས་རྩལ་པ་ཚོར་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་བསྡུར་གྱི་བྱ་དགའི་རྟགས་མ62ཐོབ་པ་ལས། གསེར་གྱི་རྟགས་མ25དང་དངུལ་གྱི་རྟགས་མ22ཐོབ་ཡོད་པ་རེད།    ལོ་ཧྲིལ་པོར་ལུས་རྩལ་རྒྱན་ཤོག་བཙོང་བའི་རིན་སྒོར་དུང་ཕྱུར43.45ཟིན་ནས58.2%འཕར་ཡོད།

9_4 རིག་གནས་ལས་དོན།

སྤྱི་ལོ2018ལོའི་ལོ་མཇུག་ཏུ། རིགས་ཁག་གི་ཆེད་ལས་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ11དང་། རིག་གནས་ཁང(ཞིང་ཆེན་ཚུད་མེད)14  རྟེན་རྫས་བཤམས་མཛོད་ཁང་དང་དྲན་གསོ་ཁང91  རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ39 སྤྱི་པའི་དཔེ་མཛོད་ཁང15(ཞིང་ཆེན་ཚུད་མེད) དཔེ་མཛོད་ཁང་གི་དཔེ་དེབ་ཁྲི2210(ཞིང་ཆེན་ཚུད་མེད)བཅས་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་དུད་ཚང་ཁྲི343.5ཟིན་པ་དེའི་ནང་གྲངས་འཛིན་བརྙན་འཕྲིན་དུད་ཚང་ཁྲི334.8ཟིན་ཡོད། གྲོང་ཁྱེར་ཡོངས་ལ་གློག་བརྙན་ཁང173ཡོད་པ་དང་གློག་བརྙན་ཐེངས་ཁྲི253བསྟན་ནས་གློག་བརྙན་གྱི་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར13.7ཟིན་ཡོད། མི12རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མིང་ཐོའི་ནང་བདམས་ཐོན་བྱུང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས8རྒྱལ་ཁབ་ཀྱི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་ཀྱི་དཀར་ཆག་ཁག་དང་པོའི་ནང་ཚུད་ཡོད་པ་རེད།

9_5 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་ཏུ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སྣ་ཚོགས5377ཡོད་པའི་ནང་སྨན་ཁང316ཡོད་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་སོ་སོར9.0%དང་4.6%འཕར་ཡོད། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)1304དང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས15བཅས་ཡོད་པ་རེད། ཉལ་ཁྲི་ཁྲི8.12ཡོད་པའི་ནང་སྨན་ཁང་གི་ཉལ་ཁྲིས་ཁྲི7.52ཟིན་ནས་སོ་སོར7.0%དང7.1%འཕར་ཡོད་པ་རེད། རིགས་ཁག་གི་ཆེད་ལས་འཕྲོད་བསྟེན་ལག་རྩལ་མི་སྣ་ཁྲི11.74ཡོད་པའི་ནང་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ་ཁྲི4.49ཡོད་པ་དང་། ཐོ་འགོད་བྱས་པའི་སྨན་གཡོག་ཁྲི4.99ཡོད་པ་དེ་དག་སོ་སོར6.3%དང་7.4% 7.8%བཅས་འཕར་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་ལས་ཁུངས་ནས་སྨན་བཅོས་བྱས་པའི་མི་གྲངས་ཁྲི13874.4ཟིན་ནས7.8%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་ཁ་ཆད་སྨན་བཅོས་ཞབས་ཞུའི་ལས་སྟེགས་ཀྱི་ཁ་ཆད་བཞག་ཐེངས791.8ཟིན་ཅིང24.3%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་ཕྲུ་གུ་དམར་འབྱར་ཤི་ཚད་དང་ལོ5མན་གྱི་བྱིས་པའི་ཤི་ཚད་སོ་སོར1.79%དང2.48ཡིན་ལ། སྦྲུམ་མ་ཤི་ཚད་ནི་མི6.64/ཁྲི10ཡིན།

9_6 སྤྱི་ཚོགས་འགན་སྲུང་།     

སྤྱི་ལོ2018ལོའི་ལོ་མཇུག་ཏུ། ལས་བཟོ་བའི་གཞི་རྩའི་རྒན་གསོ་འགན་སྲུང་ནང་ཞུགས་མཁན་གྱི་མི་གྲངས་དང་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་མཁན་མི་གྲངས་ཁྲི671.1དང་ཁྲི632.7ཟིན་ནས6.8%དང9.0%འཕར་བ་རེད། ལོ་མཇུག་ཏུ་ལས་ཤོར་དང་བུ་བཙའི་འགན་སྲུང་ནང་ཞུགས་མཁན་མི་གྲངས་ཁྲི་459.4དང་ཁྲི430.4ཟིན་ནས10.4%དང10.2%འཕར་ཡོད། ལོ་ཧྲིལ་པོར་སྤྱི་པའི་བོགས་གཏོང་སྡོད་ཁང་དང་ཤེས་ལྡན་མི་སྣའི་བོགས་གཏོང་ཁང་པ6235བཏོན་པ་དེའི་ནང་ཤེས་ལྡན་མི་སྣའི་བོགས་གཏོང་ཁང་པ1005ཡོད་པ་རེད། གོང་སྔོན་སྤྱི་ཤག10568གྲབས་འཛུགས་བྱས་ཡོད། གྲོང་ཁུལ་གཙོ་བོའི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་མི་རེར་ཟླ་རེར་སྒོར955བར་ལེགས་སྒྲིག་བྱས་ནས4.1%འཕར་ཡོད་པ་རེད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་མི་ཁྲི་10.59ཟིན་པ་དང་ལོ་ཧྲིལ་པོར་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོབ་དངུལ་སྒོར་དུང་ཕྱུར8.57སྤྲད་པ་དེ14.4%འཕར་ཡོད།

10 ལོ་རྒྱུས་རིག་གནས།
10_1 ཡུལ་སྐད།

ཧང་ཀྲོའུ་ཡི་སྐད་ནི་ཝུའུ་སྐད་ཀྱི་རིགས་ཤིག་ཡིན་ཞིང་། ཝུའུ་སྐད་ཀྱི་ཐའེ་ཧུའུ་དུམ་མཚམས་སུ་གཏོགས་པ་རེད།

10_2  ཆོས་ལུགས།

ཧང་ཀྲོའུ་ན་ཏའོ་ཅའོ་ཆོས་ལུགས་དང་། སངས་རྒྱས་ཆོས་ལུགས། དབྱི་སི་ལམ་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་བཅས་ཆོས་ལུགས་ལྔ་ལ་དད་མཁན་ཡོད།

རིག་གནས་ཁང་དང་དཔེ་མཛོད་ཁང་།

སྤྱི་ལོ2016ལོའི་ལོ་མཇུག་བར། ཧང་ཀྲོའུ་རུ་རིག་གནས་ཁང16དང་། སྤྱི་པའི་དཔེ་མཛོད་ཁང16དཔེ་མཛོད་ཁང་གི་དེབ་ཉར་ཚད་ཁྲི1489ཡིན་པ་རེད།

10_3 སྒྱུ་རྩལ།

སྤྱི་ལོ2009ལོར་གྲོང་ཁྱེར་ཡོངས་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རིག་རྩལ་དང་། རླུང་འཕྲིན་གློག་བརྙན་བརྙན་འཕྲིན། འགུལ་རིས་རིགས་ཀྱི་བྱ་དགའ131ཐོབ། ལོ་མཇུག་ཏུ་རིགས་ཁག་གི་ཆེད་ལས་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ20དང་། སྤྱི་པའི་དཔེ་མཛོད་ཁང16  རིག་གནས་ཁང13   རྟེན་རྫས་བཤམས་མཛོད་ཁང་དང་དྲན་གསོ་ཁང62   རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ24བཅས་ཡོད་པ་རེད།

11 མཛེས་ལྗོངས་གྲགས་ཅན།

ཧང་ཀྲོའུ་ལ་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་གཉིས་ཏེ། ཞི་ཧུའུ་མཚེའུ་ཡི་མཛེས་ལྗོངས་གྲགས་ཅན་ཁུལ་དང་། “གཙང་པོ་གཉིས་དང་མཚེའུ་གཉིས”(ཧྥུ་ཁྲུན་གཙང་པོ—ཞིན་ཨན་གཙང་པོ—ཆན་ཏའོ་མཚེའུ—ཞང་ཧུའུ་མཚེའུ)ཡུལ་ལྗོངས་གྲགས་ཅན་ཁུལ་གཉིས་ཡོད། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཉིས་ཏེ་ཐེན་མུའུ་ཧྲན་དང་ཆིང་ལེང་ཧྥུང་རང་བྱུང་སྲུང་སྐྱོང་ཁུལ་དང་། རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་བདུན་ཏེ། ཆན་ཏའོ་མཚེའུ་དང་། ཏ་ཆི་རི་བོ། ཝུའུ་ཁྲའོ་རི་བོ། ཧྥུའུ་ཁྲུན་ཅང་གཙང་པོ། ཆིང་ཧྲན་མཚེའུ། པན་ཧྲན་རི་བོ། ཐུང་ལུའུ་ཡའོ་ལིན་ནགས་ཚལ་སྤྱི་གླིང་། རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་གཅིག་སྟེ་ཀྲི་ཅང་རྒྱལ་ཁབ་ཡུལ་སྐོར་སྤྲོ་གསེང་ཁུལ་ཡིན། རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་འདམ་ར་སྟེ་ཤིས་ཤིས་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཐོག་མ་དེ་རེད། ཧང་ཀྲོའུ་ལ་ད་དུང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ25དང་རྒྱལ་ཁབ་རིམ་པའི་རྟེན་རྫས་བཤམས་མཛོད་ཁང9ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱིས་ལོ་རེར་མི་ཐེངས་ཁྲི1ཡན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ཁུལ120ལྷག་ཙམ་གྱི་སྣེ་ལེན་ཞུ་ས་ཡོད་པ་རེད།

12 ཁྱད་ཐོན་ཟས་མཆོག

ཧང་ཀྲོའུ་ཡི་དར་གོས་དང་། ཞི་ཧུའུ་མཚེའུ་ཡི་ལུང་ཅིན། ཞི་ཧུའུ་མཚེའུ་ཡི་པད་ཁ། ཐུང་ཧྲན་ཇ། ཞི་ཧུའུ་མཚེའུ་ཡི་དར་གདུགས། གངས་ཆུའི་སྤྲིན་གྱི་ཇ་ལྗང་། ཞའོ་ཧྲན་གྱི་ལ་ཕུག་སྐམ་པ། ལིན་ཨན་ཧྲན་གྱི་སྟར་ཀ ཏིང་ཧྲེང་ཐུད། ལུང་ཅིང་ཞ་རེན་སོགས་ཡོད་དོ།།



དཔྱད་གཞིའི་ཡིག་ཆ།