གད་སྙིགས་དབྱེ་འབྱེད།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-01-14 15:41ལ་འགྲུབ།

གད་སྙིགས་དབྱེ་འབྱེད།

གད་སྙིགས་དབྱེ་འབྱེད།
འཚོ་བའི་གད་སྙིགས་སྤྱིར་བཏང་དུ་རིགས་བཞིར་དབྱེ་ཆོག་སྟེ། ཕྱིར་སྡུད་གད་སྙིགས་དང་། ཇ་ཁང་གི་གད་སྙིགས། གནོད་ལྡན་གད་སྙིགས། གད་སྙིགས་གཞན་དག་བཅས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
垃圾分类
ཕྱི་ཡིག་གི་མིང་།
Garbage classification
1 རིགས་དབྱེ།

འཚོ་བའི་གད་སྙིགས་སྤྱིར་བཏང་དུ་རིགས་བཞིར་དབྱེ་ཆོག་སྟེ། ཕྱིར་སྡུད་གད་སྙིགས་དང་། ཇ་ཁང་གི་གད་སྙིགས། གནོད་ལྡན་གད་སྙིགས། གད་སྙིགས་གཞན་དག་བཅས་སོ།།

1_1 ཕྱིར་སྡུད་གད་སྙིགས།

ཕྱིར་སྡུད་གད་སྙིགས་ལ་གཙོ་བོར་ཤོག་སྙིགས་དང་འགྱིག་རྫས། ཤེལ་ཆག ལྕགས་རིགས། རས་རྒྱུ་སོགས་རིགས་ཆེན་པོ་ལྔར་དབྱེ་ཡོད། ཤོག་སྙིགས། གཙོ་བོར་ཚགས་པར་དང་དུས་དེབ། དཔེ་རྙིང་། ཤོག་ཐུམ་སྣ་ཚོགས་འདུས་ཤིང་། བརླན་ཤོག་དང་སྤྱོད་ཁང་དུ་བཀོལ་བའི་ཤོག་ཆད་ནི་ཆུ་སིམ་ཚད་ཧ་ཅང་དྲག་པོ་ཡིན་པའི་དབང་གིས་ཕྱིར་སྡུད་མི་རུང་། ཤོག་སྙིགས་ཏུན1ཕྱིར་སྡུད་བྱས་ན་ཤོག་གསར་སྟོང་ཁེ800ཐོན་སྐྱེད་བྱེད་ཐུབ་པས། ཕལ་ཆེར་ཤིང་སྡོང17མི་གཅོད་པ་དང་མཚུངས། འགྱིག་རྫས། གཙོ་བོར་འགྱིག་དམ་དང་འགྱིག་ཐུམ། འགྱིག་ཁུག་སོགས་འདུས། ཤེལ་ཆག གཙོ་བོར་ཤེལ་དམ་དང་ཤེལ་ཆག མེ་ལོང་། ཤེལ་ཏོག དྲོད་ཤེལ་སོགས་འདུས། ལྕགས་རིགས། གཙོ་བོར་འཐེན་དམ་དང་ཀྲིན་སྒམ། སོའི་སྨན་ཤུགས་སོགས་འདུས། རས་རྒྱུ། གཙོ་བོར་གྱོན་ཆས་རྙིང་བ་དང་ཅོག་ཁེབས། ལག་ཕྱིས། དཔེ་ཁུག ལྷམ་ཆད་སོགས་འདུས་སོ།།

1_2 ཇ་ཁང་གི་གད་སྙིགས།

ཇ་ཁང་གི་གད་སྙིགས་ཁོངས་སུ་ཚལ་ལྷག་དང་རུས་ཙག སྔོ་ཚལ་གྱི་གཞུང་འདབ། སིལ་ཏོག་གི་ཕྱི་ཤུན་སོགས་འདུས་ཤིང་། སྐྱེ་དངོས་ལག་རྩལ་གྱིས་གཞི་དེ་ནས་སྤུངས་གསོག་དང་བཟོ་སྣོན་བྱས་པ་བརྒྱུད་རྗེས། ཏུན་རེ་ནས་སྐྱེ་ལྡན་ལུད་རྫས་ཏུན0.3ཐོན་སྐྱེད་བྱེད་ཐུབ།

1_3 གནོད་ལྡན་གད་སྙིགས།

གནོད་ལྡན་གད་སྙིགས་ཁོངས་སུ་གློག་སྨན་དང་འཚེར་འོད། གློག་སྐུད། གློག་ཏོག དངུལ་ཆུ་དྲོད་ཚད་འཇལ་ཆས། སྣུམ་ཚོན་གཞོང་། ཁྱིམ་གློག དུས་ཡོལ་སྨན་རྫས། དུས་ཡོལ་བྱུག་རྫས་སོགས་འདུས།

1_4 གད་སྙིགས་གཞན་དག

གད་སྙིགས་གཞན་པའི་ཁོངས་སུ་གོང་སྨྲས་ཀྱི་གད་སྙིགས་ལས་གཞན་སོ་ཕག་དང་རྫ་ཆས། རྡེའུ་ཧྲུག སྤྱོད་ཁང་གི་ཤོག་སྙིགས། བརླན་ཤོག་སོགས་ཕྱིར་སྡུད་དཀའ་བའི་རིགས་འདུས།

གོང་གི་གད་སྙིགས་རིགས་བཞི་མ་གཏོགས། ད་དུང་སྨན་བཅོས་སྐོར་གྱི་གད་སྙིགས་སྟེ། དཔེར་ན་ཁྲག་གཅོད་བལ་ཐུར་དང་གཤའ་གྲི་སོགས་ནད་དུག་འགོས་པའི་གད་སྙིགས་སོགས་འདུས་ཤིང་། གད་སྙིགས་དེ་དག་དམིགས་བསལ་གྱི་ལས་སྣོན་བྱེད་དགོས།

2 ཐག་གཅོད་བྱ་ཐབས།
2_1 སྡེ་ཁུལ་གྱི་འཛད་སྤྱོད་པར་བརྟེན་པ།

ད་ལྟའི་གནས་ཚུལ་དེར་དམིགས་ནས། ཐོག་མར་མགྱོགས་མྱུར་ངང་རྙེད་མཁན་གྱི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཁྲིད་སྟོན་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོ་བའི་སྣང་ཚུལ་ཇེ་ཉུང་དུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། གོ་རིམ་མེད་པ་ནས་གོ་རིམ་ལྡན་པའི་གཉེར་སྐྱོང་ཁེ་ལས་སུ་འགྱུར་བ་མངོན་འགྱུར་བྱས་ཏེ། གད་སྙིགས་རིགས་དབྱེ་ཕྱིར་སྡུད་བེད་སྤྱོད་བྱེད་པའི་ནུས་པ་གང་ལེགས་འདོན་སྤེལ་བྱེད་དགོས། དེ་ལས་གལ་ཆེ་བ་ནི་ངེས་པར་དུ་སྔར་ལས་ལྷག་པས་འཛད་སྤྱོད་པས་རིགས་དབྱེ་ཕྱིར་སྡུད་ཀྱི་མ་ལག་འཛུགས་སྐྲུན་བྱེད་དགོས།

2_2 རིགས་དབྱེའི་འདུ་ཤེས་འཛུགས་དགོས།

གད་སྙིགས་རིགས་དབྱེ་དང་། སློབ་གསོ། དར་སྤེལ་བཅས་ཀྱི་བྱ་བར་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་། འཛད་སྤྱོད་པར་གད་སྙིགས་རིགས་དབྱེའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འཛུགས་པ། གད་སྙིགས་ཀྱིས་སྤྱི་ཚོགས་འཚོ་བར་བཟོས་པའི་གནོད་འཚེ་ཚབས་ཆེན་དྲིལ་བསྒྲགས་བྱེད་པ་དང་འཛད་སྤྱོད་པར་གད་སྙིགས་རིགས་དབྱེ་འབྱེད་པའི་གལ་ཆེན་རང་བཞིན་དང་དོན་དངོས་རང་བཞིན་དྲིལ་བསྒྲགས་བཅས་བྱས་ཏེ་འཛད་སྤྱོད་པར་གད་སྙིགས་རིགས་དབྱེའི་ནང་ཧུར་ཐག་ཞུགས་དགོས་པའི་འབོད་སྐུལ་བྱེད་པ་དང་། དེ་དང་ཆབས་ཅིག་འཛད་སྤྱོད་པས་གད་སྙིགས་རིགས་དབྱེའི་ཤེས་བྱ་བསླབས་ནས་གད་སྙིགས་རིགས་དབྱེ་བྱེད་པ་དེ་རང་རྟོགས་དང་གོམས་གཤིས་སུ་ལོབས་པར་བྱེད་དགོས།

2_3 ཕྱིར་སྡུད་སྒྲིག་བཀོད།

གད་སྙིགས་བླུག་སྒམ་གཅིག་དུམ་བུ་ཁ་ཤས་སུ་བགོ་བའམ་ཡང་ན་ཁེར་རྐྱང་གི་རིགས་དབྱེ་གད་སྙིགས་བླུག་སྣོད་ཁ་ཤས་བཟོས་ནས། གད་སྙིགས་རིགས་དབྱེ་རིམ་བཞིན་ཞིབ་ཕྲ་དང་། གད་སྙིགས་རིགས་དབྱེ་ཇི་ཙམ་ཞིབ་ཚགས་ན་དེ་ཙམ་ལེགས་པས་ཕྱིར་སྡུད་བེད་སྤྱོད་བྱ་རྒྱུར་དེ་ཙམ་གྱིས་ཕན་པ་ཡོད། ཁ་དོག་མི་འདྲ་བའི་གད་སྙིགས་བླུག་སྒམ་བཀོལ་ནས་སོ་སོར་ཤེལ་དང་། ཤོག་བུ། སྤོས་འགྱིག ལྕགས་རིགས་ཀྱི་ཐུམ་སྒྲིལ་གད་སྙིགས། རྩི་ཤིང་གི་གད་སྙིགས། འཚོ་བའི་གད་སྙིགས། གློག་རྫས་ཀྱི་ཤེལ་ཏོག་སོགས་དམིགས་བསལ་གྱི་གད་སྙིགས་ཕྱིར་སྡུད་བྱས་ཆོག

2_4 གསོག་ཉར་དང་སྐྱེལ་འདྲེན་བྱེད་སྟངས།

བོངས་ཚད་ཆེ་བའི་གད་སྙིགས་ལ་བཙིར་གནོན་བྱས་རྗེས་གསོག་འདྲེན་བྱེད་དགོས། ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ནི་ཁོར་ཡུག་འཕྲོད་བསྟེན་ཅུའུ་ཡིས་གད་སྙིགས་ཕྱིར་སྡུད་རླངས་འཁོར་ལ་དབྱེ་འབྱེད་རྣམ་པའི་སྒྱུར་བཀོད་བྱས་ནས་གད་སྙིགས་རིགས་དབྱེ་ནས་ལྡུག་དགོས། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གསོག་ཉར། སྐྱེལ་འདྲེན། རིགས་དབྱེ།