ཨ་ཙ་ར།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-01-14 10:06ལ་འགྲུབ།

ཨ་ཙ་ར།

ཨ་ཙ་ར།
《ཨ་ཙ་ར》(Joker)ཞེས་པའི་གློག་བརྙན་འདིའི་མིང་གཞན་ལ《བསྟན་བཤིག་མཁན》ཡང་ཟེར། འདི་ནི་ཐྲོ་ཌི་ཕེལ་ལེ་ཕི་སི་ཡིས་འཁྲབ་ཁྲིད་བྱས་ཤིང་ཇེ་ཁོན་ཧྥུན་ཉེག་སིས་གཙོ་འཁྲབ་མཛད་པའི་གཏམ་རྒྱུད་གློག་བརྙན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
小丑
རིགས་དབྱེ།
ཉེས་གསོག  མཚར་བསྐྱེད།  དོན་བརྗོད།
ཕྱི་ཡིག་གི་མིང་།
Joker
གཙོ་འཁྲབ།
ཇེ་ཁོན་ཧྥུན་ཉེག་སི།  ཟ་ཟེ་བྷེ་ཚི།
མིང་གཞན།
བསྟན་བཤིག་པའི་ཡོང་ཁོངས།
རིང་ཐུང་།
སྐར་མ122
ཕབ་སྐྲུན་ཀུང་སི།
ཧྭ་ན་སྤུན་ཟླ་བརྙན་རིས་ཀུང་སི།
བསྟན་དུས།
སྤྱི་ལོ2019ལོའི་ཟླ10བའི་ཚེས4ཉིན། (ཨ་རི)
འགྲེམ་གཏོང་ཀུང་སི།
ཧྭ་ན་སྤུན་ཟླ་བརྙན་རིས་ཀུང་སི།
དབྱེ་རིམ།
ཨ་རི།   R
ཕབ་སྐྲུན་ས་གནས།
ཨ་རི།
སྐད་རིགས།
དབྱིན་སྐད།
ཕབ་སྐྲུན་མ་དངུལ།
ཨ་སྒོར་ཁྲི5500
ཚོན་མདོག
ཚོན་ཁྲ།
བརྙན་ཕབ་ས་གནས།
ཨ་རིའི་ཉི་ཡོག
imdbསྒྲིག་ཨང་།
tt7286456
འཁྲབ་ཁྲིད་པ།
ཐྲོ་ཌི་ཕེལ་ལེ་ཕི་སི།
གཟེངས་རྟགས་གཙ་བོ།
སྐབས76པའི་ཝེ་ཉི་སི་གློག་བརྙན་དུས་སྟོན་སྟེང་གསེར་གྱི་སེང་གེ་རྟགས་མའི་གློག་བརྙན་རྩེ་གྲས་ཀྱི་གཟེངས་རྟགས་ཐོབ།
འཁྲབ་གཞུང་།
ཐྲོ་ཌི་ཕེལ་ལེ་ཕི་སི།  སི་ཁོ་ཐྲི་སི་ཝེར།
བརྙན་སྐྲུན་པ།
ཐྲོ་ཌི་ཕེལ་ལེ་ཕི་སི།
1 ངོ་སྤྲོད།

《ཨ་ཙ་ར》(Joker)ཞེས་པའི་གློག་བརྙན་འདིའི་མིང་གཞན་ལ《བསྟན་བཤིག་མཁན》ཡང་ཟེར།  འདི་ནི་ཐྲོ་ཌི་ཕེལ་ལེ་ཕི་སི་ཡིས་འཁྲབ་ཁྲིད་བྱས་ཤིང་ཇེ་ཁོན་ཧྥུན་ཉེག་སིས་གཙོ་འཁྲབ་མཛད་པའི་གཏམ་རྒྱུད་གློག་བརྙན་ཞིག་ཡིན།  སྤྱི་ལོ2019ལོའི་ཟླ8པའི་ཚེས31ཉིན་ཝེ་ཉི་སི་གློག་བརྙན་དུས་སྟོན་དུ་འགྲན་སྡུར་ལ་ཞུགས་པ་ལས་ཐོག་མའི་བསྟན་བྱ་རུ་གྱུར།  

.jpg

2 བརྗོད་བྱ།

《ཨ་ཙ་ར》ཡི་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བའི་ནང་གི་ཨ་ཙ་ར་ཞིག་གི་གཏམ་རྒྱུད་གཞིར་བཟུང་བ་ཡིན་ཏེ།  ཡ་པེ་ཧྥོ་ལེ་ནི་སྤྱི་བའི་འགྲུལ་ཁང་རྙིང་བ་ཞིག་ཏུ་ཨ་མ་དང་མཉམ་པོར་འཚོ་བ་རོལ་ཞིང་།  སྤྱི་ཚོགས་ཕན་བདེའི་རྩ་འཛུགས་ཀྱི་རོགས་རམ་ལ་མི་བརྟེན་ཀ་མེད་དུ་གྱུར་ཡོད་པ་ཞིག་ཡིན་པར་མ་ཟད།   ཁོ་ནི་དབང་རྩའི་ནད་ཀྱི་སྨན་རྫས་ཟམ་མི་ཆད་པར་བསྟེན་བཞིན་ཡོད་པའི་བསྟན་བཤིག་མཁན་ཞིག་ཡིན་ལ།  ཁོས་ཐོག་མཐའ་བར་གསུམ་དུ་རང་ཉིད་གཏམ་བཤད་པ་ཞིག་ཏུ་འགྱུར་བར་རེ་བ་བྱེད་བཞིན་ཡོད་མོད།  རེ་འབྲས་དེ་རྩ་བ་ནས་འགྲུབ་མ་ཐུབ་པར་མ་ཟད།  ལྡོག་སྟེ་མི་ཐམས་ཅད་ཀྱིས་འཕྱ་སྨོད་བྱེད་སའི་ཡུལ་དུ་གྱུར།  ཁོས་ས་འོག་ལྕགས་ལམ་བརྒྱུད་སྐབས་མ་བསམ་ས་ནས་མི་གསུམ་གསོད་དགོས་ཐུག་ཅིང་།  དེ་ནས་བཟུང་ཁོའི་འཇིག་རྟེན་ནི་རིམ་བཞིན་རྒུད་པའི་ཕྱོགས་སུ་བཞུད་འགོ་བརྩམས་པའི་བརྒྱུད་རིམ་བརྗོད་ཡོད།

.jpg

3 གཟིགས་འགྲེམ་གནས་ཚུལ།

གློག་བརྙན་འདི་ནི་སྤྱི་ལོ2019ལོའི་ཟླ10བའི་ཚེས4ཉིན་ཨ་རི་ནས་གཟིགས་མོར་ཕུལ་བ་ན།  ཨ་སྒོར་ཁྲི9620ལ་བུད་ཅིང་མེ་གླིང་བྱང་མའི་གཟའ་མཇུག་པཱ་སེ་བཙོང་གྲངས་ཀྱི་གྲལ་རིམ་མཐོན་པོར་ཚུད་པ་དང་།  མེ་གླིང་བྱང་མའི་གློག་བརྙན་ཟིན་ཐོ་ལས་ཟླ10བའི་ནང་གཟིགས་འགྲེམ་བྱས་པའི་གློག་བརྙན་ལས་པཱ་སེ་བཙོང་གྲངས་མཐོ་གྲས་ཀྱི་ཟིན་ཐོ་རུ་ཆགས།  སྤྱི་ལོ2019ལོའི་ཟླ11པའི་ཚེས8ཉིན་གློག་བརྙན《ཨ་ཙ་ར》ཡི་རྒྱལ་སྤྱིའི་པཱ་སེ་བཙོང་གྲངས་ཨ་སྒོར་དུང་ཕྱུར9.57བརྒལ་བས།  གློག་བརྙན་ལོ་རྒྱུས་སྟེང་གི་ཡོང་འབབ་མཐོ་བའི་གློག་བརྙན་དུ་གྱུར།

.jpg

4 གདེང་འཇོག

《ཨ་ཙ་ར》ནི་འཚོ་བའི་ཞིབ་འབྲིའི་ཐད་ནས་སྤོབས་པ་མཐོན་པོར་འཕགས་པའི་ཐུན་མིན་གྱི་གློག་བརྙན་ཞིག་རེད།

---------དུས་འོད་དྲ་ལམ་གྱི་གདེང་འཇོག

《ཨ་ཙ་ར》ཞེས་པ་འདི་ནི་ལས་རིགས་ཀྱི་ཁྱད་ཆོས་དང་ཁེར་ཚུགས་རང་བཞིན་ཞིབ་བརྗོད་བྱེད་པའི་གློག་བརྙན་ཞིག་ཡིན་ཞིང་། ཕ་ཝང་དཔའ་རྟུལ་གྱི་དགྲ་ནག་མི་སྣ་གཙོ་བོར་བཀོད་སྒྲིག་བྱས་པས། སྤྱི་ཚོགས་ཀྱི་གདེང་འཇོག་ཐད་ཚད་མཐོན་པོར་འཕགས་ཤིང་སྤྲོ་སྣང་ཆེས་ཆེར་ལྡན། ཕྱོགས་འདི་ནས་བཤད་ན། གློག་བརྙན་འདིས་ལྟད་མོ་བ་ཀུན་ལ་གཏན་ནས་ཡིད་ཆད་དུ་བཅུག་མེད། འདི་ནི་ཉམས་སྟངས་ཅན་གྱི་གློག་བརྙན་མ་ཡིན་ལ། རང་སྣང་གི་འདོད་བློ་དང་དམིགས་ཡུལ་རང་བཞིན་གསལ་པོ་ལྡན་པ་ཞིག་ཀྱང་མ་ཡིན་པར་། བསམ་གཞིགས་ཀྱི་ཁམས་སྟུག་ལ་མི་སྣའི་ཁྱད་གཤིས་ངོ་མཚར་ཅན་ཀྱི་ཞིབ་འཇུག་གི་རང་བཞིན་ལྡན་པའི་གློག་བརྙན་ཞིག་ཡིན།

----------དུས་འོད་དྲ་བའི་གདེང་འཇོག

ཇེ་ཁོན་ཧྥུན་ཉེག་སིས་ཁྱད་དུ་འཕགས་པའི་འཁྲབ་རྩལ་ལ་བརྟེན་ནས་ཡི་མུག་དང་དྲག་ཤེད་མངའ་བའི་མཐོང་ཆོས་ཅན་གྱི་ཨ་ཙ་ར་ཞིག་བཞེངས་སྐྲུན་བྱས་འདུག གཏམ་རྒྱུད་དུ་ན་གཞོན་སྨྱོན་པ་ཞིག་ ཕ་ཝང་དཔའ་རྟུལ་གྱི་མ་འོངས་པའི་དགྲ་ནག་ཏུ་གྱུར་ཚུལ་སྤྲོས་ཡོད། གློག་བརྙན་ཧྲིལ་བོར་དགོད་སྒྲས་ཁེངས་མོད། ལོ་ན་གཞོན་པའི་ཡ་པེ་ཧྥོ་ལེ་བརྒྱུད་ནས་སྨྱོ་ཧམ་ཆེ་རུ་ཕྱིན་ནས། དགོད་སྒྲ་དེ་བཙན་ཤེད་དང་སྡུག་བསྔལ་ལྡན་པ་ཞིག་ནས་མཐར་དྲག་ཤུགས་ཀྱི་རྣམ་པར་གྱུར།

---------གསར་འགྱུར་ཁང་གི་གསར་འགོད་པGunnar Rehlinགྱི་གདེང་འཇོག

འཁྲབ་ཁྲིད་པ་དང་འཁྲབ་གཞུང་།  ཤིན་ཏུ་དཀོན་པའི་ལག་རྩལ་དང་འཆར་འགོད་རུ་ཁག་གི་བློས་བསླངས་སོགས་ལ་སྟོད་སྨད་གང་ཡང་བྱེད་མི་ཕོད།  འོན་ཏེ་ཇེ་ཁོན་ཧྥུན་ཉེག་སིས《ཨ་ཙ་ར》དེ་ཧོ་ལའེ་ཝུའུ་ཡི་ཟུར་ཟའི་རི་མོའི་བཟོ་ལས་ལ་བསྟེན་ནས་བླ་ན་འཕགས་པའི་བརྩམས་ཆོས་ཀྱི་སྒུལ་ཤུགས་སུ་བསྒྱུར་བ་རེད།

---------《ཧོ་ལའེ་ཝུའུ་གནས་འཕྲིན》གྱི་གདེང་འཇོག

.jpg

5 ​གཟེངས་རྟགས།

སྤྱི་ལོ2019ལོའི་ཟླ9བར་སྐབས76པའི་ཝེ་ཉི་སི་གློག་བརྙན་དུས་སྟོན་སྟེང་གསེར་གྱི་སེང་གེ་རྟགས་མའི་གློག་བརྙན་རྩེ་གྲས་ཀྱི་གཟེངས་རྟགས་ཐོབ།

སྤྱི་ལོ2019ལོའི་ཟླ11པར་སྐབས31པའི་ཙུང་ལུས་ཆོན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་འཁྲབ་སྟོན་རྩེ་གྲས་ཀྱི་གཟེངས་རྟགས་ཐོབ།

.jpg

6 གཟིགས་གནས།

.jpgཔའེ་ཏུའུ་བརྙན་རིས་སོགས་ནས་གཟིགས་ཐུབ།

དཔྱད་གཞིའི་ཡིག་ཆ།