དབྱི་ཁྲུན་གྲོང་ཁྱེར།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-01-15 10:28ལ་འགྲུབ།

དབྱི་ཁྲུན་གྲོང་ཁྱེར།

དབྱི་ཁྲུན་གྲོང་ཁྱེར།
དབྱི་ཁྲུན་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ལ། ཧའེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། ཤར་རྒྱུད་ནི་ཧོ་ཀང་གྲོང་ཁྱེར་དང་ཅ་མུའུ་སི་གྲོང་ཁྱེར་བཅས་སུ་འབྲེལ་བ། ལྷོ་རྒྱུད་ནི་ཧ་ཨེར་པིན་གྲོང་ཁྱེར་དང་ས་མཚམས་འབྲེལ་བ། ནུབ་རྒྱུད་ནི་ཧའེ་ཧོ་གྲོང་ཁྱེར་དང་སུའེ་ཧྭ་གྲོང་ཁྱེར་བཅས་སུ་འབྲེལ། བྱང་རྒྱུད་ནི་ཨུ་རུ་སུའི་ཨ་མུར་ཀྲོའུ་དང་ཡིའུ་ཐའེ་ཀྲོའུ་འགྲམ་གྱི་ཧའེ་ལུང་གཙང་བོའི་ཁ་གཏད་དུ་གནས་ཡོད། ས་མཚམས་གཙང་པོའི་རིང་ཚད་ལ་སྤྱི་ལེ245.9ཟིན། དབྱི་ཁྲུན་ནི་སྤྱི་ལོ1979ལོར་ས་ཁུལ་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་དུ་བསྒྱུར་བ་དང་། གྲོང་ཁུལ་གཙོ་བོ་ལྟེ་བའི་ཁུལ་དུ་བྱས་པ་དང་ཝེ་ཞིང་གྲོང་རྡལ21ལས་གྲུབ་པའི་ཚོགས་སྤྱིའི་གྲོང་ཁྱེར་ཞིག་ཡིན། དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ32800.29ཡོད་པ་དང་དེའི་ཁོངས་སུ་ཆུས4དང་། རྫོང་རིམ་པའི་གྲོང་ཁྱེར1 རྫོང5ཡོད། དབྱི་ཁྲུན་གྲོང་ཁྱེར་ནི་མི་རིགས་མང་པོ་ཁ་ཐོར་དུ་སྡོད་པའི་མཐའ་མཚམས་གྲོང་ཁྱེར་ཞིག་ཡིན་ལ། སྤྱི་ལོ2018ལོར་མི་འབོར་ཁྲི114.09ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
伊春市
ཕྱི་ཡིག་གི་མིང་།
Yichun City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོང་གཏོགས་ས་ཁུལ།
ཧའེ་ལུང་ཅང་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར་ཁོངས་གཏོགས་ཆུས4དང་། རྫོང་རིམ་པའི་གྲོང་ཁྱེར1  རྫོང5བཅས་ཡོད།
སྲིད་གཞུང་གནས་ཡུལ།
ཞིན་ཨན་ལམ་ཨང3པ།
ས་ཁོངས་ཁ་པར་ཨང་རྟགས།
0458
ས་ཁོངས་ཁ་པར་ཨང་རྟགས།
0458
གནས་ཡུལ།
ཧའེ་ལུང་ཅང་ཞིང་ཆེན་གྱི་དབུས་ཁུལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི32800.29ཡོད།
མི་གྲངས།
ཁྲི114.9ཡོད། (སྤྱི་ལོ2018ལོའི་སྤྱིའི་མི་འབོར)
གནམ་གཤིས།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཐང་ཝང་གཙང་པོའི་རྒྱལ་ཁབ་སྤྱི་གླིང་དང་། ཝུའུ་དབྱིན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ནན་ཁྲ་ཞན་ཝུང་རི་བོ། ཉི་ཟླ་འགག མའོ་ལན་ལུང་པ་སོགས་ཡོད།
གནམ་གྲུ་ཐང་།
དབྱི་ཁྲུན་གྲོང་ཁྱེར་ལིན་ཏུའོ་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
དབྱི་ཁྲུན་ས་ཚིགས་དང་། ནན་ཁྲ་ས་ཚིགས། ཏའེ་ལིང་ས་ཚིགས། ཝུའུ་དབྱི་ལིང་ས་ཚིགས། ཝུའུ་དབྱིན་ས་ཚིགས། ཐང་ཝང་གཙང་པོའི་ས་ཚིགས། ཧུང་ཤིང་ས་ཚིགས་སོགས་ཡོད།
རླངས་འཁོར་ཚབ་ཨང་།
ཧའེF
སྲིད་འཛིན་ཚབ་གྲངས།
230700
1 ​ངོ་སྤྲོད།

དབྱི་ཁྲུན་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ལ། ཧའེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། ཤར་རྒྱུད་ནི་ཧོ་ཀང་གྲོང་ཁྱེར་དང་ཅ་མུའུ་སི་གྲོང་ཁྱེར་བཅས་སུ་འབྲེལ་བ། ལྷོ་རྒྱུད་ནི་ཧ་ཨེར་པིན་གྲོང་ཁྱེར་དང་ས་མཚམས་འབྲེལ་བ། ནུབ་རྒྱུད་ནི་ཧའེ་ཧོ་གྲོང་ཁྱེར་དང་སུའེ་ཧྭ་གྲོང་ཁྱེར་བཅས་སུ་འབྲེལ། བྱང་རྒྱུད་ནི་ཨུ་རུ་སུའི་ཨ་མུར་ཀྲོའུ་དང་ཡིའུ་ཐའེ་ཀྲོའུ་འགྲམ་གྱི་ཧའེ་ལུང་གཙང་བོའི་ཁ་གཏད་དུ་གནས་ཡོད། ས་མཚམས་གཙང་པོའི་རིང་ཚད་ལ་སྤྱི་ལེ245.9ཟིན།

དབྱི་ཁྲུན་ནི་སྤྱི་ལོ1979ལོར་ས་ཁུལ་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་དུ་བསྒྱུར་བ་དང་། གྲོང་ཁུལ་གཙོ་བོ་ལྟེ་བའི་ཁུལ་དུ་བྱས་པ་དང་ཝེ་ཞིང་གྲོང་རྡལ21ལས་གྲུབ་པའི་ཚོགས་སྤྱིའི་གྲོང་ཁྱེར་ཞིག་ཡིན། དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ32800.29ཡོད་པ་དང་དེའི་ཁོངས་སུ་ཆུས4དང་། རྫོང་རིམ་པའི་གྲོང་ཁྱེར1 རྫོང5ཡོད། དབྱི་ཁྲུན་གྲོང་ཁྱེར་ནི་མི་རིགས་མང་པོ་ཁ་ཐོར་དུ་སྡོད་པའི་མཐའ་མཚམས་གྲོང་ཁྱེར་ཞིག་ཡིན་ལ། སྤྱི་ལོ2018ལོར་མི་འབོར་ཁྲི114.09ཡོད།

2 ལོར་རྒྱུས་འཕེལ་རིམ།

སྤྱི་ལོ1979ལོའི་ཟླ12པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབྱི་ཁྲུན་ས་ཁུལ་ཕྱིར་འཐེན་བྱས་ཏེ། དབྱི་ཁྲུན་གྲོང་ཁྱེར(ས་ཁུལ་རིམ་པ)སླར་གསོ་བྱས་ཤིང་། ཞིང་ཆེན་གྱི་ཐད་སྐྱོང་ཁུལ་ལ་ཆོག་མཆན་བཀོད། དེ་སྔའི་དབྱི་ཁྲུན་ས་ཁུལ་གྱི་ཅ་དབྱིན་དང་ཐེ་ལི་རྫོང་གཉིས་སྔར་བཞིན་དབྱི་ཁྲུན་གྲོང་ཁྱེར་གྱི་འགོ་ཁྲིད་ལ་དབང་བ། སྤྱི་ལོ1983ལོའི་ཟླ12པའི་ཚེས24ཉིན། ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་ལྟར་ཝུའུ་རྨིན་ཧུ་ཆུས་ཏེ་ཝུའུ་མ་ཧུ་ཆུས་སུ་མིང་བསྒྱུར། ཏུང་ཧྥེང་ཆུས་ཏེ་ཐང་ཝང་ཧོ་ཆུས་སུ་མིང་བསྒྱུར། ཏ་ཧྥེང་ཆུས་ཏེ་ཅིན་ཧྲན་ཐུན་ཆུས་སུ་མིང་བསྒྱུར། སྤྱི་ལོ1988ལོའི་ཟླ9བའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེ་ལི་རྫོང་མེད་པར་བཟོས་ཏེ། ཐེ་ལི་གྲོང་ཁྱེར(རྫོང་རིམ་པ)བཙུགས་པ་དང་། དབྱི་ཁྲུན་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་པར་ཆོག་མཆན་བཀོད། ད་བར་དབྱི་ཁྲུན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཆུས15ཡོད་པ་དང་རྫོང1ལ་འགོ་ཁྲིད་བྱེད་པ་དང་གྲོང་ཁྱེར1ལ་ཚབ་ཉར་བྱེད་ཀྱིན་ཡོད། 

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

དབྱི་ཁྲུན་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཞིན་ཨན་ཁྲོམ་གཞུང་གི་ཨང3པ་རུ་ཡོད། སྤྱི་ལོ2019ལོའི་ཟླ7པར་དབྱི་ཁྲུན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་རྫོང་རིམ་པའི་སྲིད་འཛིན་ཁུལ10ཡོད་པ་དང་། དེའི་ནང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས4དང་། རྫོང་རིམ་པའི་གྲོང་ཁྱེར1 རྫོང5བཅས་ཚུད་ཡོད་པ་དེ་དག་ནི་དབྱི་མེ་ཆུས་དང་། ཝུའུ་ཚུའེ་ཆུས། ཡོའུ་ཡེ་ཆུས། ཅིན་ལི་ཆུས། ཐང་ཝང་རྫོང་། ཧྥེང་ལིན་རྫོང་། ནན་ཁྲ་རྫོང་། ཏ་ཆི་ཧྲན་རྫོང་། ཅ་དབྱིན་རྫོང་བཅས་ཡིན།

4 གནས་ཡུལ།

དབྱི་ཁྲུན་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུདདང་། ཤར་ཕྱོགས་ཀྱི་གཞུང་ཐིག127℃ནས130℃བར་དང་། བྱང་ཕྱོགས་ཀྱི་འཕྲེད་ཐིག46℃28’དང49℃26’བར་དུ་གནས་ཡོད། ཤར་ནས་ལུའོ་པེ་རྫོང་དང་། ཧོ་ཀང་གྲོང་ཁྱེར། ཐང་ཡོན་རྫོང་བཅས་དང་ཁྱིམ་མཚེས་ཡིན། ལྷོ་ནས་དབྱི་ལན་རྫོང་དང་ཐུང་ཧོ་རྫོང་དང་ས་མཚམས་འབྲེལ་ཡོད། ནུབ་ནས་ཆིང་ཨན་རྫོང་དང་སུའེ་ལིང་རྫོང་དང་འབྲེལ་ཡོད། བྱང་ནས་ཤུན་ཁེ་རྫོང་དང་འབྲེལ་ཡོད། བྱང་རྒྱུད་ཅ་དབྱིན་རྫོང་དང་ཨུ་རུ་སུའི་གཙང་པོ་གཉིས་ཕན་མཚུན་ཁ་གཏད་དུ་གནས་ཡོད། ས་མཚམས་གཙང་པོའི་སྤྱིའི་རིང་ཚད་ལ་སྤྱི་ལེ246ཡོད། གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ32759ཡོད། 

5 གནམ་གཤིས།

དབྱི་ཁྲུན་ནི་བྱང་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ལོ་རེའི་ཆ་སྙོམས་དྲོད་ཚད1℃དང་། དྲོད་ཚད་ཅུང་དམའ་བ། སད་མེད་དུས་ནི་ཉིན110ནས125བར་དང་སད་མེད་དུས་ཡུན་ཐུང་བ། ལོ་གཅིག་གི་དུས་བཞི་གསལ་བ། དཔྱིད་ཀ་ནི་ཟླ་བ4པ་དང5པ་གཉིས་དང་། དབྱར་དུས་ཟླ་བ6པ། 7པ། 8པ་གསུམ། སྟོན་དུས་ཟླ་བ9པ་དང10པ་གཉིས། དགུན་དུས་ཟླ་བ11པ་ནས་ཕྱི་ལོའི་ཟླ3པའི་བར་བཅས་ཡིན།

6 མི་གྲངས།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་མི་གྲངས་བསྡོམས་འབོར1175812ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར949882ཡོད། གྲོང་གསེབ་ཀྱི་མི་འབོར225930བཅས་ཡོད་པ་དང་། སྐྱེས་པའི་མི་འབོར584865ཡོད་པ་དེས་སྤྱིའི་མི་འབོར་གྱི49.7%བཟུང་བ། བུད་མེད་ཀྱི་མི་འབོར590947ཡོད་པ་དེས་སྤྱིའི་མི་འབོར་གྱི50.3%བཟུང་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་གསར་སྐྱེས་མི་འབོར4662ཡོད་པ་དང་སྐྱེས་ཚད་ཀྱི4.74%ཟིན་པ། འཆི་བའི་མི་འབོར9806ཡོད་པ་དང་། ཤི་ཚད་ཀྱི8.21%ཡིན་པ། མི་འབོར་རང་ཤུགས་སུ་འཕར་ཚད-3.47%ཡིན། སྐྱེས་པའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད་ནི108.8ཡིན། 

7 མི་རིགས།

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་གཙང་བཤེར་ཐེངས་ལྔ་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། སྤྱི་ལོ2000ལོར་གྲོང་ཁྱེར་ཡོངས་སུ་གྲངས་ཉུང་མི་རིགས28དང་མི་འབོར38488ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་མིའི་བསྡོམས་འབོར་གྱི3.08%བཟུང་ཡོད། མི་གྲངས་ཁྲི་ལས་བརྒལ་བའི་གྲངས་ཉུང་མི་རིགས་ལ་མན་ཇུ་རིགས་དང་ཧུའེ་རིགས་གཉིས་ཡོད། མི་སྟོང་ལས་བརྒལ་བ་རྣམས་ལ་ཁྲའོ་ཞན་རིགས་དང་སོག་རིགས་ཡོད་པ། གྲངས་ཉུང་མི་རིགས་གཞན་དག་གི་མི་གྲངས་མི་ཁ་ཤས་ནས་བརྒྱ་ཕྲག་བར་ཡོད།

8 དཔལ་འབྱོར།

སྤྱི་ལོ2016ལོའི་ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི2512239ཟིན་པ་དེ་ལོ་གོང་མ་ལས1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི1066302ཟིན་ནས2.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི490049ཟིན་ནས6.9%ཆག་པ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི955888ཟིན་ནས3.6%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་འཕར་ཐང་གིས་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ནི42.4:19.5:38.1ཡིན། གྲོང་ཁྱེར་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར21043ཟིན་ནས་སྔ་ལོ་ལས2.9%འཕར་ཡོད། 

9 སྤྱི་ཚོགས་ལས་དོན།
9_1 སློབ་གསོ།

སྤྱི་ལོ2016ལོར་གྲོང་ཁྱེར་ཡོངས་ལ་དར་མའི་མཐོ་རིམ་སློབ་གྲྭ1ཡོད། འབྲིང་རིམ་ཆེད་ལས་སློབ་གྲྭ3གྱིས་སློབ་མ2691བསྡུས་པ་དང་སློབ་གྲྭར་ཡོད་པའི་སློབ་མ5835ཡོད་པ་དང་སློབ་ཐོན་སློབ་མའི་མི་གྲངས2714ཡོད། འབྲིང་རིམ་ལས་རིགས་མཐོ་འབྲིང་སློབ་གྲྭ5ལ་སློབ་མ206བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ466 སློབ་གྲྭ་ནས་ཐོན་པའི་སློབ་མ559ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་མཐོ་འབྲིང་དཀྱུས་མ16ལ་སློབ་མ5297བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ16843དང་སློབ་ཐོན་སློབ་མ6370ཡོད། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོའི་སློབ་ཞུགས་རགས་ཚད་བརྒྱ་ཆའི93.3ཟིན་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་དམའ་རིམ་སློབ་འབྲིང34ལ་སློབ་མ5886བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ17908 སློབ་ཐོན་སློབ་མ6841ཡོད། སློབ་ཆུང་དཀྱུས་མ51ལ་སློབ་མ4278དང་། སློབ་གྲྭར་ཡོད་པའི་སློབ་མ27759 སློབ་ཐོན་སློབ་མ5961བཅས་བསྡུ་རྒྱུ་དང་། ལོ་དགུའི་འོས་འགན་སློབ་གསོའི་སྲ་བརྟན་གཏོང་ཚད་ཀྱི99.5%ཟིན་ཡོད། དམའ་འབྲིང་དཀྱུས་མ་དང་སློབ་ཆུང་གི་སློབ་མཚམས་འཇོག་ཚད་སོ་སོར་ཀྱི0.8%དང0.5%ཡིན། ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་བའི་མི་འབོར་ཁྱབ་ཚད་ཀྱི100%ཟིན་ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭར་སློབ་མ15དང་སློབ་གྲྭར་ཡོད་པའི་སློབ་མ160ཡོད། བུ་བཅོལ་ཁང་དུ་བྱིས་པ9520བཅས་ཡོད། 

9_2 ཚན་རིག

སྤྱི་ལོ2016ལོར་གྲོང་ཁྱེར་ཡོངས་སུ་ཚན་ཞིབ་སྒྲིག་གཞི་ཡོད་པ་དང་། ཚན་རྩལ་འཆར་གཞིའི་རྣམ་གྲངས38ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་བྱས་པའི་ནང་རྒྱལ་ཁབ་རིམ་པའི་ཚན་རྩལ་རྣམ་གྲངས1ཡོད་ལ། གྲོན་དངུལ་སྒོར་ཁྲི་100བརྩོན་ལེན་བྱས་པ། ཞིང་ཆེན་རིམ་པའི་ཚན་རྩལ་རྣམ་གྲངས9བརྩོན་ལེན་བྱས་པ་དང་། གྲོན་དངུལ་སྒོར་ཁྲི391བརྩོན་ལེན་བྱས། གྲོང་ཁྱེར་རིམ་པའི་ཚན་རྩལ་རྣམ་གྲངས28དང་ཚན་རྩལ་འགྲོ་གྲོན་སྒོར་ཁྲི191.3བཅས་ཡོད། ལོ་ཧྲིལ་པོར་ཞིང་ཆེན་རིམ་པའི་ཚན་རྩལ་གྲུབ་འབྲས1དང་། ཞིང་ཆེན་རིམ་པའི་ཚན་རྩལ་ཡར་ཐོན་བྱ་དགའ4ཐོབ་པ་དང་གྲོང་ཁྱེར་རིམ་པའི་ཚན་རྩལ་གྲུབ་འབྲས35བཅས་ཐོབ་ཡོད། 

9_3 རིག་གནས།

ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་རིག་གནས་ཁང19དང་། སྒྱུ་རྩལ་ཁང1 སྤྱི་པའི་དཔེ་མཛོད་ཁང20 གྲོང་ཁྱེར་དཔེ་མཛོད་ཁང་གི་དཔེ་དེབ346706 རྟེན་རྫས་བཤམས་མཛོད་ཁང8 ཀུན་ཁྱབ་རླུང་འཕྲིན་ལས་ཁུངས13 བརྙན་འཕྲིན་བརྒྱུད་གཏོང་ཁང8བཅས་ཡོད། སྐུད་ཡོད་རླུང་འཕྲིན་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི18.6ཟིན་པ་དང་། གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་རླུང་འཕྲིན་ཕྱོགས་བསྡུས་ཁྱབ་ཚད་ཀྱི97.6%ཟིན་པ། གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་བརྙན་འཕྲིན་ཕྱོགས་བསྡུས་ཁྱབ་ཚད་ཀྱི99.88%ཟིན་ཡོད། ཡིག་ཚགས་ཁང19ཡོད་པའི་ནང་ཕྱོགས་བསྡུས་ཡིག་ཚགས་ཁང3(གྲོང་ཁྱེར་རིམ་པའི་ཡིག་ཚགས་ཁང1དང་། ཅ་དབྱིན་རྫོང་ལ1ཐེ་ལི་གྲོང་ཁྱེར་ལ1)འཛུགས་སྐྲུན་ཡིག་ཚགས་ཁང1 རྫོང་དང་ཆུས་རིམ་པའི་ཡིག་ཚགས་ཁང15བཅས་ཡོད།

10 འགྲིམ་འགྲུལ།
10_1 མཁའ་སྐྱོད།

སྤྱི་ལོ2009ལོའི་ཟླ10པར་དབྱི་ཁྲུན་ལིན་ཏུའུ་གནམ་ཐང་དུ་གནམ་གྲུ་དངོས་སུ་ཤར་གཏོང་བྱས་པ་དང་།ཧ་ཨེར་པིན་དང་པེ་ཅིང་སོགས་སུ་ཐད་ཀར་འཕུར་ཆོག་གི་ཡོད། དབྱི་ཁྲུན་ནས་ཧ་ཨེར་པིན་གྱི་ཐའེ་ཕིང་རྒྱལ་སྤྱིའི་གནམ་ཐང་བར་སྤྱི་ལེ་50དང་ཅ་མུའུ་སི་ཤར་འདབས་ཀྱི་གནམ་ཐང་དང་བར་ཐག་སྤྱི་ལེ150ཡོད། ཐག་རིང་ཡུལ་སྐོར་བ་ཕར་འགྲོ་ཚུར་འོང་བྱེད་སྐབས་གནམ་ཐང་དེ་གཉིས་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་དམིགས་སར་སླེབས་ཀྱི་ཡོད། ཧ་ཨེར་པིན་གྱི་ཐའེ་ཕིང་རྒྱལ་སྤྱིའི་གནམ་ཐང་ནི་བྱང་ཤར་ས་ཁུལ་གྱི་མཁའ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན་པ་དང་ལོ་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི200ཟིན་པ་དང་ཁྱོན་མཁའ་ལམ50ལྷག་ཙམ་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་ཆེ་གྲས་ཁག་ཏུ་བསྐྱོད་ཀྱིན་ཡོད། ཅ་མུའུ་སི་ཤར་འདབས་ཀྱི་གནམ་ཐང་དུ་སྤྱི་ལོ2014ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི47ལས་བརྒལ་བ་དེ་ནི་ཞིང་ཆེན་ནང་ཁུལ་གྱི་གནམ་ཐང་ཆེ་གྲས་བཞི་པ་དེ་ཡིན་ལ་དབྱི་ཁྲུན་གྱི་བརྒྱུད་སྐྱེལ་ས་ཚིགས་གལ་ཆེན་ཞིག་ཏུའང་བརྩིས་ཆོག 

10_2 ལྕགས་ལམ།

དབྱི་ཁྲུན་གྲོང་ཁྱེར་དུ་བྱི་ཁྲུན་ས་ཚིགས་དང་། ནན་ཁྲ་ས་ཚིགས། ཏའེ་ལིང་ས་ཚིགས། ཝུའུ་དབྱི་ལིང་ས་ཚིགས། ཝུའུ་དབྱིན་ས་ཚིགས། ཐང་ཝང་གཙང་པོའི་ས་ཚིགས། ཧུང་ཤིང་ས་ཚིགས་སོགས་ཡོད།

10_3 གཞུང་ལམ།

རིམ་པ་མཐོ་བའི་གཞུང་ལམ་དེ་ཕྱི་ཕྱོགས་སུ་སྣུར་སྲིང་བྱས་ན་སུའེ་ཧྭ་མྱུར་བགྲོད་གཞུང་ལམ་བརྒྱུད་ཧ་ཨེར་པིན་དུ་འབྱོར་ཐུབ་པ་དང་ལམ་ཐག་ཆུ་ཚོད3.5ལས་འགོར་གྱིན་མེད། དབྱི་ཁྲུན་ནས་ཧོ་ཀང་བར་གྱི་རིམ་མཐོའི་གཞུང་ལམ་མེ་ཤིས་དང་ཅིན་ཧྲན་ཐོན་ཡུལ་སྐོར་ཁུལ་བརྒྱུད་དེ་དབྱི་ཁྲུན་གྲོང་ཁྱེར་དང་ཤར་རྒྱུད་གྲོང་ཁྱེར་དཔེར་ན་ཧོ་ཀང་དང་ཅ་མུའུ་སི་དབར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད། དབྱི་ཁྲུན་ནས་ཅ་དབྱིན་བར་གྱི་གཞུང་ལམ་གྱིས་ཡུལ་སྐོར་བ་ཝུའུ་དབྱིན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་བསྐྱོད་པ་དང་། ཐང་ཝང་གཙང་པོའི་ཧྲི་ལིན་མཛེས་ལྗོངས་ཁུལ་དང་མཐའ་མཚམས་ཡུལ་སྐོར་གྲོང་རྡལ་ཅ་དབྱིན་ལ་སྟབས་བདེ་བསྐྲུན་ཡོད། 

11 མཛེས་ལྗོངས་གྲགས་ཅན།

དབྱི་ཁྲུན་གྲོང་ཁྱེར་དུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། ཐང་ཝང་གཙང་པོའི་མཛེས་ལྗོངས། ཝུའུ་དབྱིན་སྤྱི་གླིང་། ཅ་དབྱིན་སྤྱི་གླིང་།  ལོན་ལུང་ཝན་སྤྱི་གླིང་།  མའོ་ལན་ལུང་པའི་ས་གཤིས་སྤྱི་གླིང་།  ཏའེ་ལིང་ཆུ་འཁྱག་རང་བྱུང་སྲུང་སྐྱོབ་ཁུལ་སོགས་ཡོད།