ལུའུ་ཆོན་ཆུས།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-01-14 10:54ལ་འགྲུབ།

ལུའུ་ཆོན་ཆུས།

ལུའུ་ཆོན་ཆུས།
ལུའུ་ཆོན་ཆུས་ནི་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས་ཤིང་། ཧོ་པེ་ཞིང་ཆེན་གྱི་དབུས་ལྷོའི་མཚམས་སུ་གནས་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག114°18′དང་། བྱང་ཕྱོགས་ཀྱི་འཕྲེད་ཐིག38°05′ཡིན། ཤར་ནས་ཧོ་པེ་ཞིང་ཆེན་གྱི་ལྟེ་གནས་ཧྲི་ཅ་ཀྲོང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ15ཡོད་པ་མ་ཟད། ཀྲེང་ཏིང་རྫོང་དང་ལོན་ཁྲེང་ཆུས་དང་ས་མཚམས་འབྲེལ་བ་དང་། བྱང་ལིང་ཧྲོའུ་རྫོང་དང་ཕིན་ཧྲན་རྫོང་གཉིས་ས་མཚམས་བྱས་ཤིང་། ལྷོ་ནས་ཡོན་ཧྲི་རྫོང་དང་འབྲེལ་ཞིང་། ནུབ་ནས་ཅིན་ཡུས་རྫོང་དང་འབྲེལ་ཡོད། ལྷོ་བྱང་གཉིས་རིང་ཞིང་ཤར་ནུབ་དོག་མོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鹿泉区
ཕྱི་ཡིག་གི་མིང་།
Luquan Area
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཀྲོང་ཁྱེར་ཐད་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་།
མངའ་ཁོངས།
གྲོང་རྡལ9 ཞང3ཡོད།
སྲིད་གཞུང་གནས་ཡུལ།
ཤྭ་བ་གྲོང་རྡལ་ཉིང་ལམ་ཨང6པ།
ས་ཁམས་ཆགས་ཡུལ།
ཧོ་པེ་ཞིང་ཆེན་དབུས་ལྷོ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ603ཡོད།
མི་གྲངས།
མི་ཁྲི43.3(2010ལོར)ཡོད།
ནམ་ཟླ།
དྲོད་ཁུལ་གྱི་དུས་རླུང་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
བེའུ་གྲོང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཅིའུ་ཅིང་རི་གྲོང་། ཤིས་ཧྲན་ནགས་ཚལ་སྤྱི་གླིང་།
མེ་འཁོར་ས་ཚིགས།
ལུའུ་ཆོན་འབབ་ཚིགས།
སྲིད་འཛིན་ཚབ་གྲངས།
130110
རླངས་འཁོར་ཚབ་ཨང་།
ཅིA
སྦྲག་སྲིད་ཨང་རྟགས།
050200
ས་ཁོངས་ཁ་པར་ཨང་རྟགས།
0311
1 ​ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)ཧྥན་དབྱང་ཏའོ་ཞེས་པར་བཀོད་ཅིང་། དེའི་ཁོངས་སུ་ཤྭ་བའི་རྫོང་གཏོགས་ཡོད།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)ཧྥན་དབྱང་ཏིན་ཏའོ་ཞེས་པར་མིང་བསྒྱུར་ཅིང་། དེའི་ཁོངས་སུ་ལུའུ་རྫོང་ཐོབ་པ་རེད།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོར)འགྲོ་ལམ་མེད་པར་གྱུར་ཅིང་། ལུའུ་རྫོང་ནས་ཧོ་པེ་ཞིང་ཆེན་དུ་ཐད་གཏོགས་བྱས་པ་རེད།

སྤྱི་ལོ1949ལོའི་ཟླ10པའི་ཚེས1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ལུའུ་རྫོང་ནི་ཧྲི་ཅ་ཀྲོང་གི་ཁོངས་སུ་གཏོགས།

སྤྱི་ལོ1958ལོའི་ཟླ12པའི་ཚེས20ཉིན་ཤྭ་རྫོང་ནས་ཕྱིར་འཐེན་བྱས་ཏེ་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་བསྐྱོད།

སྤྱི་ལོ1960ལོའི་ཟླ6པའི་ཚེས26ཉིན་དེ་སྔའི་ཤ་ཐོབ་རྫོང་གི་མངའ་ཁོངས་དེ་ཅིན་ཡུས་རྫོང་དུ་གཅིག་སྒྲིལ་བྱས། 

སྤྱི་ལོ1962ལོའི་ཟླ3པའི་ཚེས27ཉིན། སྔར་གྱི་མངའ་ཁོངས་སུ་ཤྭ་རྫོང་བསྐྱར་འཛུགས་བྱས་ཤིང་། སྔར་བཞིན་ཧྲི་ཅ་ཀྲོང་གི་ཁུལ་དུ་གཏོགས།

སྤྱི་ལོ1970ལོར་ཧྲི་ཅ་ཀྲོང་ཀྲོན་ཆུས་དེ་ཧྲི་ཅ་ཀྲོང་ས་ཁུལ་དུ་བསྒྱུར་ཞིང་། དེའི་ཁོངས་སུ་ལུའུ་རྫོང་ཁོངས་སུ་གཏོགས།

སྤྱི་ལོ1983ལོའི་ཟླ11པའི་ཚེས15ཉིན་ཤྭ་བ་རྫོང་ཧྲི་ཅ་ཀྲོང་གྲོང་ཁྱེར་ལ་སྤྲད།

སྤྱི་ལོ1994ལོའི་ཟླ5པའི་ཚེས18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ།

སྤྱི་ལོ2014ལོའི་ཟླ9པར་གྲོང་ཁྱེར་ཆུས་བཙུགས་ནས་ཧྲི་ཅ་ཀྲོང་གྲོང་ཁྱེར་ལུའུ་ཆོན་ཆུས་བཙུགས།

སྤྱི་ལོ2019ལོའི་ཟླ3པའི་ཚེས6ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ནོར་སྲིད་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱིས《གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོ(ཁག་དང་པོ)》ཡོངས་བསྒྲགས་བྱས་པ་དང་ལུའུ་ཆོན་ཆུས་དེའི་ནང་ཚུད་ཡོད།

2 སྲིད་འཛིན་ས་ཁུལ།

སྲིད་གཞུང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་སྤྱི་ལོ2014ལོའི་ཟླ11པར་གནས་ཚུལ་སྤེལ་བར་གཞིགས་ན། ལུའུ་ཆོན་ཆུས་ཁོངས་སུ་གྲོང་རྡལ9དང་། ཤང3དཔལ་འབྱོར་གསར་སྤེལ་ཁུལ1བཅས་ཡོད་པ་སྟེ། ཧྲའོ་ལུའུ་གྲོང་རྡལ་དང་། ཐུང་ཡེ་གྲོང་རྡལ། དགོན་པའི་ཅ་ཀྲོང་གྲོང་རྡལ། ཧྲང་ཀྲོང་གྲོང་རྡལ། ལི་ཀྲེན་གྲོང་རྡལ། དབྱི་ཨན་གྲོང་རྡལ། ཧོང་པེ་ཀྲོང་གྲོང་རྡལ། ཏ་ཧོ་གྲོང་རྡལ། ཧྲན་དབྱི་གྲོང་རྡལ། ཧྲི་ཅིང་ཤང་། པའེ་ལུའུ་ཆོན་ཤང་། ཧྲང་ཀྲའེ་ཤང་། ལུའུ་ཆོན་དཔལ་འབྱོར་གསར་སྤེལ་ཁུལ་བཅས་ཡིན་པ་རེད།

3 ས་ཁམས་ཁོར་ཡུག

ལུའུ་ཆོན་ཁུལ་ནི་ཧོ་པེ་ཞིང་ཆེན་གྱི་དབུས་རྒྱུད་དང་ལྷོ་རྒྱུད་དུ་གནས་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག114°18′དང་། བྱང་ཕྱོགས་ཀྱི་འཕྲེད་ཐིག38°05′ཡིན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ603ཡོད། ཤར་ནས་ཧོ་པེ་ཞིང་ཆེན་གྱི་ལྟེ་གནས་ཧྲི་ཅ་ཀྲོང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ15ཡོད་པ་མ་ཟད། ཀྲེང་ཏིང་རྫོང་དང་ལོན་ཁྲེང་རྫོང་དང་ས་མཚམས་འབྲེལ་བ་དང་། བྱང་ལིང་ཧྲོའུ་རྫོང་དང་ཕིན་ཧྲན་རྫོང་གཉིས་ས་མཚམས་བྱས་ཤིང་། ལྷོ་ནས་ཡོན་ཧྲི་རྫོང་དང་འབྲེལ་ཞིང་། ནུབ་ནས་ཅིན་ཡུས་རྫོང་དང་འབྲེལ་ཡོད། ལྷོ་བྱང་གཉིས་རིང་ཞིང་ཤར་ནུབ་དོག་མོ་ཡིན།

3_1 ནམ་ཟླའི་ཁྱད་ཆོས།

ཤྭ་བའི་ཆུ་མིག་ཁུལ་ནི་དྲོད་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་རྣམ་པའི་སྐམ་སའི་རང་བཞིན་གྱི་ནམ་ཟླ་ཡིན་པ་དང་། དུས་བཞིར་དབྱེ་མཚམས་གསལ་པོ་ཡོད། དཔྱིད་དུས་ཐན་པ་ཆེ་ཞིང་ཆར་ཆུ་ཉུང་བ། དབྱར་དུས་ཚ་བ་ཆེ་ལ་ཆར་པ་མང་བ་དང་ཆར་པ་འབབ་ཚད་གཅིག་སྡུད་ཡིན་པ། སྟོན་དུས་གནམ་གཤིས་མཐོ་ཞིང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ། དགུན་དུས་གྲང་ངར་ཆེ་ཞིང་སྐམ་ཤས་ཆེ་བ་དང་། ནུབ་བྱང་གི་རླུང་མང་བ་ཡིན། 

4 རང་བྱུང་ཐོན་ཁུངས།

ལུའུ་ཆོན་ཁུལ་དུ་ཞིང་ཞོར་ཡུལ་ཐོན་དངོས་རྫས་མང་པོ་ཡོད་ཅིང་། གཙོ་བོ་པོ་ཚལ་དང་ཕིང་ཕང་རྒུན་འབྲུམ་སོགས་ཡོད།

སྤྱི་ལོ2012ལོའི་བར་ལུའུ་ཆོན་ཆུས་སུ་རྡོ་ཐལ་བྲག་རྡོ་དང་།  རྡོ་ཀ་མ་རུའི་བྲག་རྡོ། པེ་ཡུན་བྲག་རྡོ་སོགས་གཏེར་ཁ་སྣ་ཁ་བཅུ་ལྷག་ཙམ་རྩད་ཆོད་པའི་ནང་རྡོ་ཐལ་བྲག་རྡོ་གསོག་ཚད་ཏུན་དུང་ཕྱུར7.9ཟིན་ཡོད།

5 མི་གྲངས། 

སྤྱི་ལོ2013ལོའི་ལོ་མཇུག་ཏུ་ལུའུ་ཆོན་ཆུས་ཀྱི་ཐེམ་ཐོའི་མི་གྲངས་བསྡོམས་འབོར403942ཡོད་པ་དང་སྤྱིའི་དུད་ཚང117044ཡོད་པ་རེད། དེའི་ནང་ཞིང་ལས་མི་འབོར303208དང་ཞིང་ལས་མིན་པའི་མི་འབོར100734ཡོད། ལོ་འདིའི་ནང་མི་འབོར7311ཡོད་པ་དང་མི་འབོར་སྐྱེ་ཚད18.1%ཟིན་པ། རྐྱེན་ལམ་དུ་ཤོར་བའི་མི་འབོར2659ཟིན་པ་དང་མི་འབོར་ཤི་ཚད6.6%ཟིན་པ། མི1848སྤོས་པ་རེད། མི་འབོར་རང་ཤུགས་སུ་འཕར་ཚད11.5ཟིན་ཡོད། 

6 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2014ལོའི་བར་ལུའུ་ཆོན་ཆུས་ཀྱི་ཤང་དང་གྲོང་རྡལ6ཞིང་ཆེན་ལྟེ་གནས་དང་ཐད་ཀར་ས་མཚམས་འབྲེལ་བ་དང་ཧྲི་ཅ་ཀྲོང་གི“1+4”ཚོགས་སྒྲིག་གྲོང་ཁྱེར་དང“ཕུང་གཅིག་གཤོག་གཉིས”ཀྱི་ལྟེ་བའི་གྲོང་ཁྱེར་གྱི་གྲས་ཤིག་རེད། མངའ་ཁོངས་སུ་ཅིན་ཀོང་དང་། ཧྲི་ཐའེ། ཏ་སུང་བཅས་དང་། ཅིང་ཧྲི། ཧྲི་ཐའེ་འགྲུལ་སྐྱེལ་ཆེད་སྤྱོད་ལྕགས་ལམ5ཡོད་པ་དང་། རྒྱལ་ལམ107དང307ཡོད་པ། ཧྲི་ཐའེ་དང་། ཆིང་དབྱིན། ཀྲང་ཧྲི་མྱུར་བགྲོད་གཞུང་ལམ། ཧྲི་ཧོན་དང་། ཧྲི་ཡན། ཅིན་ཙན་སོགས་གཞུང་ལམ་ཡོད་པ། གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ728ཟིན་པ། གཞུང་ལམ་གྱི་མཐུག་ཚད་སྤྱི་ལེ་ངོས་གྲུ་བརྒྱ་རེར་སྤྱི་ལེ120ཟིན་པ། “གཞུང་བཞི་འཕྲེད་བཅུའི”གཞུང་ལམ་དྲ་བ་སྤྱིར་ན་ཆགས་ཡོད་པ་རེད། དེའི་ནང་གཞུང་ལམ10ཧྲི་ཅ་ཀྲོང་གྲོང་ཁྱེར་ཁུལ་དུ་ཤར་བགྲོད་ཐུབ་པ་དང་ཤང་གྲོང8ལ་ཁྱབ་པའི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ལམ་ཐིག10ལྷག་ཙམ་ཤར་གཏོང་ཐུབ་ཡོད། གྲོང་ཁུལ་གཙོ་བོ་ནས་ཞིང་ཆེན་ལྟེ་གནས་ཧྲི་ཅ་ཀྲོང་གྲོང་ཁྱེར་ལྟེ་གནས་བར་སྤྱི་ལེ15དང་། ཧྲི་ཅ་ཀྲོང་གནམ་ཐང་བར་སྤྱི་ལེ20པེ་ཅིན་ནས་སྤྱི་ལེ270ཐེན་ཅིན་ནས་སྤྱི་ལེ315ཧོང་ཡུང་གྲུ་ཁ་བར་སྤྱི་ལེ335བཅས་ཡོད་པ་དང་། ལུའུ་ཆོན་གྱིས་ལྟེ་བའི་དཀྱིལ་ནས་པེ་ཅིན་དང་། ཐེན་ཅིན། ཅི་ནན། ཀྲེང་ཀྲོའུ། ཐའེ་ཡོན་བཅས་ཀྱི་ཆུ་ཚོད་གཅིག་གི་དཔལ་འབྱོར་ཁུལ་རིམ་བཞིན་ཆགས་བཞིན་ཡོད་པ་རེད།

7 དཔལ་འབྱོར་འཛུགས་སྐྲུན།

སྤྱི་ལོ2011ལོར་ལུའུ་ཆོན་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར261.4ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2010ལོ་ལས12.2%འཕར་བ་དང་། ནོར་སྲིད་ཀྱི་ཡོང་སྒོ་ཡོངས་རྫོགས་སྒོར་དུང་ཕྱུར17.2ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2010ལོ་ལས26.5%འཕར་བ། སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར9.3ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2010ལོ་ལས33%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར165བཏང་བ་དེ་སྤྱི་ལོ2010ལོ་ལས20%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར19547ཟིན་པ་དེ་སྤྱི་ལོ2010ལོ་ལས13.8%འཕར་བ། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར10020ཟིན་པ་དེ་སྤྱི་ལོ2010ལོ་ལས་བརྒྱ་ཆ16འཕར་ཡོད།

སྤྱི་ལོ2012ལོར་ལུའུ་ཆོན་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར290ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2011ལོ་ལས5.8%འཕར་བ་དང་། ཐོན་ལས་གསུམ་གྱི་བསྡུར་ཚད7.2:59.2:33.6ཟིན་པ། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར20.8ལེགས་གྲུབ་བྱུང་བ་དང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར10.9ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2011ལོ་ལས21.3%དང16.7%འཕར་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར11271དང་སྒོར21598སོ་སོར་ཟིན་པ་དེ་སྤྱི་ལོ2011ལོ་ལས12%དང11.1%=4%སོ་སོར་འཕར་ཡོད།

སྤྱི་ལོ2013ལོར་ལུའུ་ཆོན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར320.1ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང9.5%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་འཕར་ཐང་སྒོར་དུང་ཕྱུར23.5དང་། སྒོར་དུང་ཕྱུར187.4སྒོར་དུང་ཕྱུར109.2བཅས་ཟིན་པ་དང་། སོ་སོར1.9%དང་། 9.8%10.5%བཅས་འཕར་བ་དང་། GDPལ་ལེགས་སྐྱེས་འབུལ་ཚད0.8%དང་།59.6%39.6%བཅས་ཟིན་ནས་དཔལ་འབྱོར་འཕར་ཚད་0.1དང་། 5.63.8%བཅས་སོ་སོར་སྐུལ་ཁྲིད་ཐུབ་ཡོད། ལུའུ་ཆོན་ཁུལ་གྱི་ཐོན་ལས་གྲུབ་ཆ་ཐེངས་གསུམ་དེ་སྤྱི་ལོ2012ལོའི7.2:59.2:33.6ནས7.3:58.6:34.1བར་ལེགས་སྒྲིག་བྱས་ཡོད། ཐོན་ལས་དང་པོས་བཟུང་བའི་བསྡུར་ཚད0.1%འཕར་བ་དང་། ཐོན་ལས་གཉིས་པས་བཟུང་བའི་བསྡུར་ཚད0.6%ཆག་པ། ཐོན་ལས་གསུམ་པའི་བསྡུར་ཚད0.5%འཕར་ཡོད། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར79875ཟིན་ཡོད།

སྤྱི་ལོ2013ལོར་ལུའུ་ཆོན་ཆུས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར252.8བཏང་བ་དེ་སྤྱི་ལོ2012ལོ་ལས21.2%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར235.7བཏང་བ་དེ26.3%འཕར་བ། ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར17.1བཏང་ནས22.6%ཆག་ཡོད། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར8.3བཏང་ནས18.5%འཕར་བ། ཐོན་ལས་གཉིས་པར་སྒོར་དུང་ཕྱུར143.6བཏང་ནས31.6%འཕར་ཡོད། ཐོན་ལས་གསུམ་པར་སྒོར་དུང་ཕྱུར100.9བཏང་ནས་འཕར་ཚད8.9%ཟིན་ཡོད།

8 སྤྱི་ཚོགས་ལས་དོན།
8_1 རིག་གནས་ལས་དོན།

སྤྱི་ལོ2013ལོར་ལུའུ་ཆོན་ཆུས་ཀྱིས་ཁྱོན་རིག་གནས་གཤམ་སྤེལ་ཐེངས13སྒྲིག་འཛུགས་བྱས་པ་དང་། དཔྱིད་གསར་དུས་ཆེན་གྱི་མེ་ཏོག་འདུ་ཚོགས་དང“ཚོན་ལྡན་གཟའ་མཇན”ནང་འཁྲབ་སྟོན་ཐེངས18བྱས་པ། འོས་འགན་གློག་བརྙན་ཐེངས2496བསྟན་པ། མང་ཚོགས་མི་ཐེངས་ཁྲི130དྲིལ་བསྒྲགས་བྱས་པ་བཅས་རེད། སྤྱི་པའི་དཔེ་མཛོད་ཁང་གི་དཔེ་དེབ་ཁྱོན་དེབ་སྟོང80ཉར་ནས་ཧྲི་ཅ་ཀྲོང་གྲོང་ཁྱེར་དཔེ་མཛོད་ཁང་དང་མཉམ་དུ་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་བྱས་པ་དང་ཁྱོན་དཔེ་དེབ་ཁང112དང་། རིག་གནས་ཁང128གྲོང་མིའི་རིག་གནས་བྱེད་སྒོ་ཁང187ལུས་སྦྱོང་ཐབས་ལམ168བཅས་བསྐྲུན་ཡོད།

རླུང་འཕྲིན་དང་བརྙན་འཕྲིན་ཕྱོགས་བསྡུས་ཁྱབ་ཚད100%ཟིན་པ་དང་། གྲངས་འཛིན་བརྙན་འཕྲིན་སྤྱོད་མཁན་དུད་ཚང63420ཟིན་ཡོད། ལོ་ཧྲིལ་པོར་གསར་འགྱུར1776དང་། ཧྲི་ཅ་ཀྲོང་སྟེགས་བུའི་ཐོག་གི་རྩོམ་ཡིག110དང་། ཧོ་པེ་སྟེགས་བུས་གསར་འགྱུར12བཏང་ཡོད།

8_2 སློབ་གསོའི་བྱ་གཞག

སྤྱི་ལོ2013ལོར་ལུའུ་ཆོན་ཆུས་ལ་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་འཕེལ་རྒྱས་སྤྱིར་ན་དོ་སྙོམས་གྲོང་ཁྱེར་གྱིས་ཞིབ་བཤེར་རྩིས་ལེན་བྱས་པ་རེད། སློབ་ཆུང་དུས་མཚམས་ཀྱི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%དང་། དམའ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་ལོ་ལོན་པའི་ན་གཞོན་སློབ་གྲྭར་ཞུགས་ཚད100%མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་མ་སློབ་རིམ་འཕར་ཚད92%བཅས་རེད། ཁྱོན་སློབ་འབྲིང་དཀྱུས་མ14ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་17601དང་ཆེད་བསྐོས་དགེ་རྒན1636ཡོད། སློབ་ཆུང70ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་26755དང་ཆེད་བསྐོས་དགེ་རྒན1716ཡོད་པ། འབྲིང་རིམ་ལས་རིགས་སློབ་གྲྭ་9ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ5197ཡོད་པ་དང་ཆེད་བསྐོས་དགེ་རྒན410ཡོད།

8_3 ཚན་རྩལ་འཕེལ་རྒྱས། 

སྤྱི་ལོ2013ལོར་ལུའུ་ཆོན་ཆུས་ཀྱི་ཞིབ་འཇུག་བྱ་གཞི45ཧྲི་ཅ་ཀྲོང་གྲོང་ཁྱེར་རིམ་པ་ཡན་གྱི་ཚན་རྩལ་འཆར་གཞིའི་ནང་བཅུག་ཡོད། དེའི་ནང་རྒྱལ་ཁབ་རིམ་པའི་ཁོངས་སུ་བཅུག་པའི་རྣམ་གྲངས5ཡོད་པ་དང་། གསལ་འབྱེད་ཞིབ་བཤེར་རྩིས་ལེན་རྣམ་གྲངས23ལེགས་གྲུབ་ཟིན་པ། རྒྱལ་སྤྱིའི་སྔོན་ཐོན་རྣམ་གྲངས2ཡོད་པ། རྒྱལ་ནང་གི་སྔོན་ཐོན་རྣམ་གྲངས7ཡོད་པ་བཅས་རེད། ཞིང་ཆེན་དང་གྲོང་ཁྱེར་གྱི་ཚན་རྩལ་ཡར་ཐོན་བྱ་དགའ14ཐོབ་པ་དང་། ཧྲི་ཅ་ཀྲོང་གྲོང་ཁྱེར་རིམ་པ་ཡན་གྱི་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས17ལ་འཕེལ་རྒྱས་བྱུང་ཡོད། སྤྱི་ལོ2013ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཚན་རྩལ་ཡར་ཐོན་དཔྱད་ཞིབ་ཀྱི་སྔོན་ཐོན་རྫོང(གྲོང་ཁྱེར)གི་མཚན་སྙན་ཐོབ་ཡོད། སྤྱི་ལོ2013ལོར་ཁེ་བེད་བདག་ཐོབ125རེ་ཞུ་བྱས་པ་དང་ཁེ་བེད་བདག་ཐོབ65(དེའི་ནང་གསར་གཏོད་ཁེ་བེད་བདག་ཐོབ18ཡོད་པ)དབང་ཆ་སྤྲད་པ་རེད། སྤྱི་ལོ2013ལོའི་ལོ་མཇུག་བར་ལུའུ་ཆོན་ཆུས་ཀྱི་ཁེ་བེད་བདག་ཐོབ727ཡོད་པ་རེད།

8_4 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2013ལོར་ལུའུ་ཆོན་ཆུས་ཀྱི་གཞི་རྩའི་སྨན་རྫས་ཁེ་མེད་ཕྱིར་ཚོང་བྱེད་ཚད་ཁྱོན་ཡོངས་ལ་ཁྱབ་ཡོད། སྤྱི་ལོ2013ལོའི་ལོ་མཇུག་བར་འཕྲོད་བསྟེན་སྒྲིག་གཞི340དང་། རིམ་པའི་སྨན་ཁང14སྨན་ཁང་དང་འཕྲོད་བསྟེན་ཁང་གི་ཉལ་ཁྲི1697སྨན་ཁང་དང་འཕྲོད་བསྟེན་ཁང་གི་འཕྲོད་བསྟེན་ལག་རྩལ་མི་སྣ1142བཅས་ཡོད་པ་རེད།

9 ཡུལ་སྲོལ།

མེ་རྩེད།

བོང་བུ་རྒྱུག་པ།

འབུད་གླུ།

10 ཁྱད་ཐོན་གྲགས་ཅན།

ཐབ་གོར།

ཆི་བི་ཁ།

11 མཛེས་ལྗོངས་གྲགས་ཅན།

ལུའུ་ཆོན་གྱི་མཛེས་ལྗོངས་ཆེན་པོ་བརྒྱད་ནི་བྲག་ཕུག་དང་། བེའུ་རུམ་གྲོང་། ཧའེ་ཧྲན་རི་བོ། ཚུའེ་ཕིང་རི་བོ། ཧན་ཤིན་ལྷ་ཁང་། ཀྲའོ་ཐའོ་བང་སོ། ལུང་ཆོན་དགོན། པའེ་ལུའུ་ཆོན་བཅས་རེད།

ལུང་ཧྥེང་མཚེའུ།

ཧྥེང་ལུང་ཧྲན།

བེའུ་གྲོང་།

སྒོ་ར་གྲུ་བཞི་བཅུ།

12 གྲོང་ཁྱེར་གྱི་མཚན་སྙན།

སྤྱི་ལོ2017ལོའི་ཟླ12པའི་ཚེས13ཉིན་ལུའུ་ཆོན་ཆུས་ལ་ཧོ་པེ་ཞིང་ཆེན་གྱི་ཤེས་དཔལ་གྲོང་ཁུལ་སྐབས་དང་པོར་བདམས་པ་རེད།

སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་རྫོང་རིམ་པའི་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས་པ་རེད།

སྤྱི་ལོ2019ལོའི་ཟླ12པར་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་ཚན་པར་གྱུར་ཡོད།

དཔྱད་གཞིའི་ཡིག་ཆ།