ཧྲོང་ཡ་ཧྲན་གྲོང་ཁྱེར།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-01-14 09:51ལ་འགྲུབ།

ཧྲོང་ཡ་ཧྲན་གྲོང་ཁྱེར།

ཧྲོང་ཡ་ཧྲན་གྲོང་ཁྱེར།
ཧྲོང་ཡ་ཧྲན་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ལ། ཧའེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། མངའ་ཁོངས་ཀྱི་ས་བབ་ལྷོ་ནུབ་མཐོ་ཞིང་བྱང་ཤར་དམའ་བ་དང་། དྲོད་ཁུལ་འབྲིང་བའི་བརླན་གཤེར་ཆེ་བའི་གནམ་གཤིས་ཁུལ་དུ་གནས་ཡོད། དེའི་ཁོངས་སུ་ཆུས4དང་རྫོང4ཡོད་པ་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ22483ཟིན། སྤྱི་ལོ2017ལོར་སྤྱིའི་མི་འབོར་ཁྲི142.3ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
双鸭山
ཕྱི་ཡིག་གི་མིང་།
Shuangyashan
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོང་གཏོགས་ས་ཁུལ།
ཧའེ་ལུང་ཅང་ཞིང་ཆེན།
མངའ་ཁོངས།
ཆུས4དང་རྫོང4
སྲིད་གཞུང་གནས་ཡུལ།
ཅན་ཧྲན་ཆུས་ཧྲི་ཅི་ལམ་ཆེན་ཨང70པ།
ས་ཁོངས་ཁ་པར་ཨང་རྟགས།
0469
སྦྲག་སྲིད་ཨང་རྟགས།
155100
གནས་ཡུལ།
ཀྲུང་གོའི་བྱང་ཤར་དང་ཧའེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི22483ཡོད།
མི་གྲངས།
ཁྲི142.3ཡོད། (སྤྱི་ལོ2018ལོར)
གནམ་གཤིས།
དྲོད་རྒྱུན་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཆི་ཞིང་རི་རྩེ། ཨན་པང་ཆུ་བོའི་རྒྱལ་ཁབ་བརླན་རའི་སྤྱི་གླིང་། པེ་ཤིའུ་སྤྱི་གླིང་། ཡི་ཧྲོའུ་ཧྲན་སྤྱི་གླིང་། ཧྥེང་ལིན་གནའ་གྲོང་སོགས་ཡོད།
མེ་འཁོར་འབབ་ཚུགས།
ཧྲོང་ཡ་ཧྲན་ས་ཚིགས། ཧྲོང་ཡ་ཧྲན་ནུབ་ཚིགས།
རླངས་འཁོར་ཚབ་ཨང་།
ཧའེJ
སྲིད་འཛིན་ཚབ་གྲངས།
230500
1 ​ངོ་སྤྲོད།

ཧྲོང་ཡ་ཧྲན་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ལ། ཧའེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། མངའ་ཁོངས་ཀྱི་ས་བབ་ལྷོ་ནུབ་མཐོ་ཞིང་བྱང་ཤར་དམའ་བ་དང་། དྲོད་ཁུལ་འབྲིང་བའི་བརླན་གཤེར་ཆེ་བའི་གནམ་གཤིས་ཁུལ་དུ་གནས་ཡོད། དེའི་ཁོངས་སུ་ཆུས4དང་རྫོང4ཡོད་པ་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ22483ཟིན། སྤྱི་ལོ2017ལོར་སྤྱིའི་མི་འབོར་ཁྲི142.3ཡོད། 

2 ལོར་རྒྱུས་འཕེལ་རིམ།

སྤྱི་ལོ1980ལོའི་ཟླ9པའི་ཚེས22ཉིན། ཧྲོང་ཡ་ཧྲན་གྲོང་ཁྱེར་གསར་བརྗེ་ཨུ་ཡོན་ལྷན་ཁང་དེ་ཧྲོང་ཡ་ཧྲན་གྲོང་ཁྱེར་མི་དམངས་སྲིད་གཞུང་དུ་བསྒྱུར་ཞིང་། ཧའེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འགོ་ཁྲིད་བྱས། ཧྲོང་ཡ་ཧྲན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་དེ་སྤྱི་ལོ1953ལོའི་ཟླ12པར་བྱང་ཤར་སྲིད་འཛིན་ཨུ་ཡོན་ལྷན་ཁང་གིས་ཧྲོང་ཡ་ཧྲན་གཏེར་ཁུལ་མི་དམངས་སྲིད་གཞུང་འཛུགས་རྒྱུའི་མཆན་བཀོད་བཀའ་ལན་གནང་བ་ནས་བཟུང་། རྡོ་སོལ་ཐོན་ཁུངས་གསར་སྤེལ་དང་གནས་བབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས། ཆུང་བ་ནས་ཆེན་པོར་གྱུར་ཏེ་རིམ་གྱིས་གྲུབ་པ་ཡིན། སྤྱི་ལོ1954ལོར་ཆུས་སོ་སོར་ཆུས་ཀུང་སུའོ་ཟེར་བ་དང་། ཧྲོང་ཡ་ཧྲན་གཏེར་ཁུལ་སྲིད་གཞུང་གི་ཁོངས་གཏོགས་ཡིན། སྤྱི་ལོ1956ལོར་ཆུས་སོ་སོ་སྲང་ལམ་དོན་གཅོད་ཁང་དུ་བསྒྱུར་ཞིང་། ཧྲོང་ཡ་ཧྲན་གྲོང་ཁྱེར་མི་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས། སྤྱི་ལོ1959ལོར་གྲོང་ཁུལ་དང་རྡོ་སོལ་གཏེར་ཁ་གཉིས་ཟླ་སྒྲིལ་བཏང་བ་དང་། ཆུས་སོ་སོར་དཔལ་འབྱོར་ཁུལ་ཟེར། སྤྱི་ལོ1961ལོར་གྲོང་ཁུལ་དང་རྡོ་སོལ་གཏེར་ཁ་སོ་སོར་བཀར་བ་དང་། ཆུས་སོ་སོར་ཡན་ལག་ཁང་ཟེར། སྤྱི་ལོ1970ལོར་གྲོང་ཁྱེར་ཁུལ་དང་རྡོ་སོལ་གཏེར་ཁ་གཉིས་ཟླ་སྒྲིལ་བཏང་བ་དང་། ཆུས་སོ་སོར་གཏེར་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་ཟེར། སྤྱི་ལོ1971ལོར་གྲོང་ཁུལ་དང་རྡོ་སོལ་གཏེར་ཁ་སོ་སོར་བཀར་ནས་ཆུས་སོ་སོའི་གསར་བརྗེ་ཨུ་ཡོན་ལྷན་ཁང་ཞེས་ཟེར། སྤྱི་ལོ1980ལོར་ཆུས་སོ་སོར་ཁུལ་མི་དམངས་སྲིད་གཞུང་ཟེར། སྤྱི་ལོ1980ལོའི་ཟླ4བའི་ཚེས15ཉིན། ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་ཧྲོང་ཡ་ཧྲན་གྲོང་ཁྱེར་དུ་ཅན་ཧྲན་དང་ལིང་ཏུང་། ལིང་ཞི། སི་ཧྥང་ཐའེ། པའོ་ཧྲན་བཅས་ཁུལ་ལྔ་བཙུགས། 

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཧྲོང་ཡ་ཧྲན་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཅན་ཧྲན་ཆུས་ཧྲི་ཅི་ལམ་ཆེན་ཨང70པ་རུ་ཡོད། ཧྲོང་ཡ་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་རྫོང་རིམ་པའི་སྲིད་འཛིན་ཁུལ8ཡོད་པའི་ནང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས4དང་རྫོང4ཚུད་ཡོད་པ་དེ་དག་ནི་ཅན་ཧྲན་ཆུས་དང་། ལིང་ཏུང་ཆུས། སི་ཧྥང་ཐའེ་ཆུས། པའོ་ཧྲན་ཆུས། ཅི་ཞན་རྫོང་། པའོ་ཆིང་རྫོང་། ཡོའུ་དབྱི་རྫོང་། རའོ་ཧུ་རྫོང་བཅས་ཡིན།

4 གནས་ཡུལ།

ཧྲོང་ཡ་ཧྲན་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་། ཤར་ཕྱོགས་ཀྱི་གཞུང་ཐིག130℃ནས134℃46’དང་བྱང་གི་འཕྲེད་ཐིག46℃ནས48℃52’བར་དུ་གནས་ཡོད། དེ་ནི་བན་ཏ་རི་རྒྱུད་བྱང་འདབས་ཀྱི་རི་མ་ཐང་གི་དམའ་སར་གནས་པ་དང་། བྱང་ངོས་ཡངས་ཤིང་རྒྱ་ཆེ་བའི་སན་ཅང་བདེ་ཐང་གི་དབུས་དང་། ལྷོ་ངོས་ནི་མུ་འབྲེལ་གྱི་རི་ཚོགས་ཡིན་པ་དང་། སྤྱིའི་ས་བབ་ནི་ལྷོ་ནུབ་མཐོ་ཞིང་བྱང་ཤར་དམའ་བ། ཞིང་ཆེན་ལྟེ་གནས་ནས་ཧ་ཨེར་པིན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ460ཡོད།

5 གནམ་གཤིས།

ཧྲོང་ཡ་ཧྲན་གྲོང་ཁྱེར་ནི་དབུས་དྲོད་ཁུལ་གྱི་བརླན་གཤེར་ཅན་གྱི་ནམ་ཟླའི་ཁུལ་དུ་གནས་པ་དང་། རའོ་ཧོ་རྫོང་ལ་ཨེ་ཧོ་ཚེ་ཁེ་རྒྱ་མཚོ་དང་འཇར་པན་རྒྱ་མཚོའི་ཤུགས་རྐྱེན་ཐེབས་པའི་སྐམ་ས་ཕྱེད་མ་དང་རྒྱ་མཚོ་ཕྱེད་མའི་ནམ་ཟླ་ལས་གཞན། གྲོང་ཁྱེར་དང་རྫོང་གཞན་དག་ཚང་མ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། དགུན་དུས་སུ་གླིང་སྣེའི་ས་ཁུལ་གྱི་སྐམ་སའི་རླུང་ཚོམ་གྱི་ཚོད་འཛིན་འོག་གནམ་གཤིས་གྲང་ངར་ཆེ་བ་དང་སྐམ་ཤས་ཆེ་ལ་དུས་ཡུན་རིང་བ་དང་། དབྱར་ཁར་ཚ་ཁུལ་ཕལ་པའི་རྒྱ་མཚོའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་ནས་གནམ་གཤིས་ཚ་བ་ཆེ་ལ་ཆར་ཆུ་མང་བ་དང་། ཆར་ཆུ་གཅིག་སྡུད་ཆེ་བ། དཔྱིད་དུས་དང་སྟོན་དུས་གཉིས་སུ་གནམ་གཤིས་འགྱུར་ལྡོག་ཆེ་བ། དཔྱིད་དུས་ཐུང་བ། དྲོད་ལོག་མགྱོགས་པ། རླུང་མང་བ་བཅས་ཡོད། སྟོན་དུས་ཐུང་བ་དང་། དྲོད་ཚད་མྱུར་བ། སད་རྒྱག་ཅུང་སྔ་བ་བཅས་ཡིན། 

6 མི་གྲངས།

སྤྱི་ལོ2017ལོར་ཧྲོང་ཡ་ཧྲན་གྲོང་ཁྱེར་གྱི་མི་འབོར་སྐྱེ་ཚད5.48%དང་། ཤི་ཚད15.11 མི་འབོར་རང་བཞིན་གྱི་འཕར་ཚད་དེ9.63%བཅས་ཡིན། ལོ་མཇུག་ཏུ་ཐེམ་ཐོའི་མི་གྲངས་བསྡོམས་འབོར་ཁྲི142.3ཟིན་པ་དེ་ལོ་གོང་མ་ལས་མི་ཁྲི2.3ཉུང་དུ་ཕྱིན་པ། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི94.3དང་གྲོང་གསེབ་ཀྱི་མི་འབོར་ཁྲི48ཡོད། ཐེམ་ཐོའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད66.25%ཟིན་ཡོད། ལོ0ནས་ལོ17བར་གྱི་མི་འབོར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་མི་འབོར་བསྡུར་གྲངས་ཀྱི11.97%བཟུང་ཡོད་ལ་ལོ60ཡན་གྱི་མི་འབོར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་མི་འབོར་བསྡུར་གྲངས་ཀྱི20.92%བཟུང་ཡོད། 

7 དཔལ་འབྱོར།

སྤྱི་ལོ2017ལོར་ཧྲོང་ཡ་ཧྲན་གྲོང་ཁྱེར་དུ་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར462.9བྱུང་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར166.7ཟིན་ནས4.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར100.1ཟིན་ནས2.2%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར196.1ཟིན་ནས7.0%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་ནི36.01:21.63:42.36ཡིན་པ་དང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱིསGDPའཕར་བའི་བྱས་རྗེས་འཇོག་ཚད34.1%དང་། 9.5%56.5%བཅས་སོ་སོར་ཟིན་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར32275ཟིན་པ་དེ་སྔ་ལོ་ལས6.9%འཕར་ཡོད། 

8 འགྲིམ་འགྲུལ།

སྤྱི་ལོ2017ལོར་ཧྲོང་ཡ་ཧྲན་གྲོང་ཁྱེར་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི1112དང་འགྲུལ་སྐྱེལ་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི37748ཟིན་པ་དེ་དུས་མཚུངས་ལས11.7%དང12.9%ཆག་པ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི1211དང་ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི133561ཟིན་པ་དེ་དུས་མཚུངས་ལས་%འཕར་བ་དང་1.33%ཆག་པ། གྲོང་ཁྱེར་དེ་ཡོངས་ལ་འགྲུལ་སྐྱེལ་རླངས་འཁོར722ཡོད་པ་དང་། སྐྱེལ་འདྲེན་ཟོག་འདྲེན་རླངས་འཁོར9403དང་། སྤྱི་སྤྱོད་རླངས་འཁོར700བཅས་ཡོད།

9 མཛེས་ལྗོངས་གྲགས་ཅན།

ཧྲོང་ཡ་ཧྲན་གྲོང་ཁྱེར་དུ་ཆིང་ཧྲན་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་དང་། ཨན་པང་གཙང་པོའི་བརླན་སའི་སྤྱི་གླིང་། ཡན་ཝོ་གླིང་ཕྲན་གྱི་བརླན་སའི་སྐྱེ་ཁམས་ཡུལ་སྐོར་ཁུལ།     ཆན་ཉའོ་མཚེའུ་ཡུལ་སྐོར་སྤྲོ་གསེང་ཁུལ་སོགས་ཡོད།


བརྡ་འགྲེལ་གདོང་འཛར།

ཧྲོང་ཡ་ཧྲན། མི་གྲངས། དཔལ་འབྱོར།