ལེའོ་ཡོན་གྲོང་ཁྱེར།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-01-14 09:21ལ་འགྲུབ།

ལེའོ་ཡོན་གྲོང་ཁྱེར།

ལེའོ་ཡོན་གྲོང་ཁྱེར།
ལེའོ་ཡོན་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་མངའ་གཏོགས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཅི་ལིན་ཞིང་ཆེན་གྱི་དབུས་ལྷོའི་རྒྱུད་དུ་གནས། ལིའོ་ཧོ་ཤར་མ་དང་ཧུའེ་ཧྥ་ཆུ་བོའི་སྟོད་རྒྱུད་དུ་གནས་ཤིང་། ལིའོ་ཧོ་ཤར་མའི་ཆུ་འགོ་ལས་མིང་དེ་ལྟར་ཐོགས་པ་ཡིན། ས་ཁམས་ཀྱི་རྣམ་པ་ནི“རི་བོ་ལྔ་དང་ཆུ་བོ་གཅིག ས་ཞིང་བཞི”ཞེས་པ་དེའོ།། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5140.45ཡོད་པ་དང་། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ46ཡོད། ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི2.8ཟིན་ཡོད། དེའི་ཁོངས་སུ་ཏུང་ཧྥེང་དང་ཏུང་ལིའོ་རྫོང་གཉིས། ལུང་ཧྲན་དང་ཞི་ཨན་ཆུས་གཉིས་ལ་ཁྱོན་བསྡོམས་མི་གྲངས་ཁྲི117.24ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
辽源市
དབྱིན་ཡིག་གི་མིང་།
Liaoyuan
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཅི་ལིན་གྲོང་ཁྱེར།
ས་ཁོངས་ཁ་པར་ཨང་རྟགས།
0437
སྦྲག་སྲིད་ཨང་རྟགས།
136200
མི་གྲངས།
ཁྲི117.24
ནམ་ཟླ།
དྲོད་ཁུལ་དུས་རླུང་ནམ་ཟླ།

ལེའོ་ཡོན་ལ་རྒྱུན་རིང་བའི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་རྨང་གཞི་ལྡན། ལི་ཆས་སྤྱོད་པའི་དུས་རབས་སུ་མིའི་རིགས་ཀྱི་བྱེད་སྒོ་སྤེལ་ཞིང་། མན་ཇུ་རིགས་ཀྱི་འབྱུང་གནས་གལ་ཆེན་ཞིག་ཡིན། ཆིང་རྒྱལ་རབས་ཀྱི་སྐབས་སུ་གོང་མས“ཧྲེང་ཅིན་གྱི་ར་བ”ཞེས་པར་བསྒྱུར། སྤྱི་ལོ1902ལོར་བཀག་རྒྱ་ལས་གྲོལ་རྗེས་རྫོང་ལམ་ལུགས་བཙུགས་ཤིང་། སྤྱི་ལོ1983ལོར་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་རིམ་པ་སྤར།

སྤྱི་ལོ2017ལོར་ལེའོ་ཡོན་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར668.65ཟིན་པ་དང་། ལོ་ཧྲིལ་པོར་མི་རེས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར55912ཟིན། སྤྱི་ལོ2019ལོའི་ཟླ7པའི་ཚེས5ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུས་སྤྱི་ལོ2019ལོར་སྤྱི་འདོམས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི(དུས་རིམ་དང་པོ)བཙོག་ཆུ་ཆེད་དོན་ཞིབ་བཤེར་བྱས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། ལེའོ་ཡོན་གྱི“བཙོག་ཆུ་སེལ་བའི་བསྡུར་ཚད་80%ལས་དམའ་བའི་གྲོང་ཁྱེར་གྱི་མིང་ཐོའི”ནང་བཅུག་ལ་མེད་པར་བཟོས་པའི་བསྡུར་ཚད0%ཡིན།

1 ལོ་རྒྱུས་འཕེལ་རིམ།

ཆིན་རྒྱལ་རབས་ཀྱི་གོང་མ་ཁང་ཞིའི་སྐབས་སུ། ལིའོ་ཡོན་གྱི་མངའ་ཁོངས་དངོས་སུ་ཧྲེང་ཅིན་ལ་བསྒྱུར་ཞིང་། ཀོང་ཞུས་ལོ་བཞི་བར(སྤྱི་ལོ1878ལོར)དམག་དཔོན་ཆེན་མོ་ཙེང་ཆིས“ར་བསྐོར་མང་ཤོས་ཁྲམ་པས་སྒེར་བཟའ”ཞེས་པ་རྒྱུ་མཚན་དུ་བྱས་ཏེ་ཆིང་སྲིད་གཞུང་ལ་ཞུ་ཡིག་ཕུལ་ནས་བཀག་སྡོམ་གནང་རོགས་ལ་ཞུས།

ཀོང་ཞུས་ཁྲི་ལོ་ཉེར་བརྒྱད་པ(སྤྱི་ལོ1902ལོ)ཧྥེང་ཐེན་དམག་དོན་ལྟ་སྐུལ་གྱིས་གདན་འདྲེན་ཞུས་ནས་དེང་གི་ལིའོ་ཡོན་ས་ཁོངས་ཀྱི་ནུབ་རྒྱུད་དང་ཤར་རྒྱུད་སོ་སོར་རྫོང་རེ་བཙུགས་པ་དང་། ནུབ་རྒྱུད་ལ་ཞི་ཨན་རྫོང་ཞེས་བཏགས་ཤིང་། ཤར་རྒྱུད་ལ་ཏུང་ཕིན་རྫོང་ཞེས་བཏགས། ཧྥེང་ཐེན་ཞིང་ཆེན་གྱི་ཧའེ་ལུང་ཧྥུ་ཡི་ཁོངས་སུ་གཏོགས།

ཀོང་ཞུས་ཁྲི་ལོ་སུམ་ཅུ(སྤྱི་ལོ1904ལོའི)ཟླ3པར། ཀྲི་རྫོང་ཀུའེ་ལིའང་ལས་གནས་སུ་འབྱོར་རྗེས་ཡ་མོན་དང་། གྲོང་ཁྱེར་དེ་གའི་ཚོང་དམངས་ལ་ཞལ་འདེབས་ཕུལ་ནས་མཁར་སྒོ(ཏུང་ཅི་དང་། ཟི་ལིང་། ནན་ཁང་། པེ་ཧྲོའུ་བཅས་སྒོ་བཞི)གསར་བཟོ་བྱས། ཏུང་ཕིང་རྫོང་གིས་ཤང་བྱང་དང་པའོ་ཅ་བཙུགས་ནས་རྫོང22དེ་ཤང20  གྲོང་རྡལ12  གྲོང་ཚོ248བཅས་སུ་བསྐོར་ཡོད།

ཀོང་ཞུས་ཁྲི་ལོ་སུམ་ཅུ་སོ་གསུམ་པ (སྤྱི་ལོ1907ལོ)  ཧྥེང་ཐེན་ཞིང་ཆེན་ལིའོ་ཉིན་ཞིང་ཆེན་དུ་བསྒྱུར་པ་དང་། ཞི་ཨན་རྫོང་ལིའོ་ཉིན་ཞིང་ཆེན་གྱི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་དང་པོ(སྤྱི་ལོ1912ལོ) ཞི་ཨན་རྫོང་དང་ཏུང་ཕིན་རྫོང་གིས་སྲིད་འཛིན་ལས་ཁུངས་བཙུགས་ཏེ་ལིའོ་ཉིང་ཞིང་ཆེན་གྱི་མངའ་འོག་ཏུ་གཏོགས།

མིན་གོའི་སྲིད་ལོ་གསུམ་པ(སྤྱི་ལོ1914ལོ) ཧའེ་ལུང་ཧྥུ་མེད་པར་བཟོས། ཟླ6པར་ལིའོ་ཉིང་ཞིང་ཆེན་ཧྥེང་ཐེན་ཞིང་ཆེན་དུ་བསྒྱུར་ནས། ཞི་ཨན་རྫོང་དང་ཏུང་ཕིན་རྫོང་གཉིས་ཧྥེང་ཐེན་ཞིང་ཆེན་གྱི་ལིའོ་ཧྲེན་ཏའོ་ཡི་མངའ་འོག་ཏུ་གཏོགས་པར་བྱས།  སྤྱི་ལོ1914ལོའི་ཟླ3པར་ཏུང་ཕིན་རྫོང་གི་མིང་ཏུང་ཧྥེང་རྫོང་ཞེས་པར་བསྒྱུར།

མིན་གོའི་སྲིད་ལོ་སོ་དྲུག་པ(སྤྱི་ལོ1947ལོ)ཞི་ཨན་རྫོང་དང་ཏུང་ཧྥེང་རྫོང་གཉིས་བཅིངས་འགྲོལ་ཐོབ།

མིན་གོའི་སྲིད་ལོ་སོ་བདུན་པ(1948ལོའི)ཟླ7པར། ལིའོ་པེ་ཞིང་ཆེན་གྱི་ཆེད་ཁུལ་གསུམ་པའི་ཁོངས་སུ་བཅུག   ཟླ10པའི་ཚེས15ར། ཀྲུང་གུང་ལིའོ་པེ་ཞིང་ཆེན་ཏང་ཨུས་ཞི་ཨན་གྲོང་ཁྱེར་འཛུགས་རྒྱུའི་ཐག་བཅད། ལིའོ་པེ་ཞིང་ཆེན་གྱི་ཐད་གཏོགས་ཡིན། སྔོན་གྱི་ཞས་ཨན་རྫོང་གི་གྲོང་ཁུལ་དང་གཏེར་ཁུལ་ས་ཁོངས་དེའི་གྲོང་ཁྱེར་གྱི་མངའ་ཁོངས་སུ་དབྱེ་སྟེ། དུས་མཚུངས་སུ་ཞིས་ཨན་གྲོང་ཁྱེར་མི་དམངས་སྲིད་གཞུང་བཙུགས་ནས། ཞིས་ཨན་རྫོང་ཐེངས་དང་པོར་བགོས་པ་རེད།

སྤྱི་ལོ1952ལོའི་ཟླ4པའི་ཚེས3ཉིན། ཞིས་ཨན་གྲོང་ཁྱེར་དང་ཧྲའན་ཞིས་ཞིང་ཆེན་གྱི་ཞིས་ཨན་གྲོང་ཁྱེར་གྱི་མིང་བསྐྱར་ཟློས་བྱས་པས་ལེའོ་ཡོན་གྲོང་ཁྱེར་ཞེས་མིང་བསྒྱུར།

སྤྱི་ལོ1954ལོའི་ཟླ6པར། ལིའོ་ཏུང་ཞིང་ཆེན་མེད་པར་བཟོས་ཤིང་། ལིའོ་ཡོན་གྲོང་ཁྱེར་དང་ཞི་ཨན་རྫོང་། ཏུང་ཧྥེང་རྫོང་བཅས་ཅི་ལིན་ཞིང་ཆེན་ཐུང་ཧྭ་ཆེད་ཁུལ་གྱི་མངའ་འོག་ཏུ་བཅུག་ཤིང་། ལིའོ་ཡོན་གྲོང་ཁྱེར་སྔར་བཞིན་ཞིང་ཆེན་ཐད་གཏོགས་གྲོང་ཁྱེར་དུ་གཏོགས།

སྤྱི་ལོ1956ལོའི་ཟླ8པའི་ཚེས1ཉིན། ཞི་ཨན་རྫོང་ཏུང་ལིའོ་རྫོང་ཞེས་པར་བསྒྱུར་ཞིང་། ཅི་ལིན་ཞིང་ཆེན་ཧོའེ་ཏེ་ཀྲོན་ཆུས་ཀྱིས་བདག་སྐྱོང་བྱས།

སྤྱི་ལོ1958ལོར། ལེའོ་ཡོན་གྲོང་ཁྱེར་ཅི་ལིན་ཞིང་ཆེན་སི་ཕིང་ཆེད་ཁུལ་གྱིས་དོ་དམ་བྱས། ཏུང་ལིའོ་རྫོང་དང་ཏུང་ཧྥེང་རྫོང་ནི་སི་ཕིན་ཆེད་ཁུལ་གྱི་མངའ་ཁོངས་སུ་གཏོགས།

སྤྱི་ལོ1959ལོའི་ཟླ3པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཅི་ལིན་ཞིང་ཆེན་སྲིད་གཞུང་གིས་ཏུང་ལིའོ་རྫོང་མེད་པར་བཟོས་ནས། སྔོན་གྱི་ཏུང་ལིའོ་རྫོང་གི་སྲིད་འཛིན་ས་ཁོངས་དེ་ལིའོ་ཡོན་གྲོང་ཁྱེར་དུ་ཟླ་སྒྲིལ་གཏོང་རྒྱུ་ཐག་བཅད།

སྤྱི་ལོ1962ལོའི་ཟླ5པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཏུང་ལེའོ་རྫོང་གི་སྒྲིག་གཞི་སླར་གསོ་བྱས།

སྤྱི་ལོ1969ལོའི་ཟླ5པའི་ཚེས14ཉིན། ཅི་ལིན་ཞིང་ཆེན་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཏུང་ལིའོ་རྫོང་གི་སྒྲིག་གཞི་མེད་པར་བཟོས་པ་དང་། དེའི་སྲིད་འཛིན་ས་ཁོངས་སྔར་བཞིན་ལིའོ་ཡོན་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ1976ལོའི་ཟླ1པོའི་ཚེས22ལ། ཅི་ལིན་ཞིང་ཆེན་གསར་བརྗེ་ཨུ་ཡོན་ཚོགས་པས་ཆོག་མཆན་བཀོད་པའི་བཀའ་ལན་བརྒྱུད། ཏུང་ལིའོ་རྫོང་གི་སྒྲིག་གཞི་སླར་གསོ་བྱས་ཤིང་། ཟླ2པའི་ཚེས1ཉིན་གྲོང་ཁྱེར་དང་རྫོང་དམིགས་སུ་བཀར་ནས་གཞུང་དོན་བསྒྲུབས།

སྤྱི་ལོ1980ལོའི་ཟླ1པོའི་ཚེས29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཏུང་ལིའོ་རྫོང་གི་སྲིད་འཛིན་ས་ཁོངས་ལིའོ་ཡོན་གྲོང་ཁྱེར་དུ་བགོས། ལེའོ་ཉིང་གྲོང་ཁྱེར་གྱིས་སྔར་བཞིན་སི་ཕིན་གྲོང་ཁྱེར་གྱིས་དོ་དམ་བྱས།

སྤྱི་ལོ1983ལོའི་ཟླ8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ལིའོ་ཡོན་གྲོང་ཁྱེར་དེ་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་རིམ་སྤོར་བྱས། ཟླ10པར་ཏུང་ལེའོ་རྫོང་གི་སྒྲིག་གཞི་སླར་གསོ་བྱས་པ་དང་ལེའོ་ཡོན་གྲོང་ཁྱེར་གྱི་ཁོངས་གཏོགས(གྲོང་ཁྱེར་དང་རྫོང་གི་བཞི་བསྲེས་སྐར་བཞི)སུ་གཏོགས།

2 སྲིད་འཛིན་ས་ཁོངས་དབྱེ་མཚམས།

སྤྱི་ལོ1988ལོར་རྫོང་དང་ཆུས4དང་།   སྲང་ལམ14 གྲོང་རྡལ13 ཞང29བཅས་སུ་དབྱེ་ཤིང་།  ཁྱོན་བསྡོམས་ཞང་རིམ་པའི་ཁུལ56ཡོད།

སྤྱི་ལོ1998ལོར་རྫོང་དང་ཆུས4ཡོད་པ་དང་།  སྲང་ལམ14 གྲོང་རྡལ13 ཤང32བཅས་ཁྱོན་ཤང་རིམ་པའི་སྲིད་འཛིན་ཁུལ5,9ཡོད་པ་རེད།

སྤྱི་ལོ2002ལོར་རྫོང་དང་ཆུས4དང་།  སྲང་ལམ14 གྲོང་རྡལ25 ཤང20བཅས་སུ་དབྱེ་ཤིང་། ཁྱོན་བསྡོམས་ཞང་རིམ་པའི་ཁུལ59ཡོད།

སྤྱི་ལོ2004ལོར་རྫོང་དང་ཆུས4དང་།  སྲང་ལམ14 གྲོང་རྡ་22 ཤང15བཅས་སུ་དབྱེ་ཤིང་། ཁྱོན་བསྡོམས་ཞང་རིམ་པའི་སྲིད་ཁུལ51ཡོད།

སྤྱི་ལོ2005ལོར་ཁོངས་གཏོགས་ཀྱི་རྫོང་དང་ཆུས4དང་། སྲང་ལམ14  གྲོང་རྡལ22   ཤང7  མི་རིགས་ཤང1བཅས་ཁྱོན་བསྡོམས་ཞང་རིམ་པའི་སྲིད་ཁུལ44ཡོད།

སྤྱི་ལོ2009ལོར་རྫོང་དང་ཆུས4དང་། སྲང་ལམ14 གྲོང་རྡལ23 ཤང6  མི་རིགས་ཤང1  ཤང་རིམ་པའི་སྲིད་ཁུལ44བཅས་ཡོད།

སྤྱི་ལོ2011ལོའི་ཟླ11པར། ཤིས་ཨན་ཆུས་ཀྱི་སྲང་ལམ6མེད་པར་བཟོས་ཏེ་སྡེ་ཁུལ12བཙུགས། དེའི་ཁོངས་སུ་ཁྱོན་བསྡོམས་རྫོང་དང་ཆུས4དང་།  སྲང་ལམ8  སྡེ་ཁུལ12  གྲོངརྡལ་23 ཤང6  མི་རིགས་ཤང1བཅས་སུ་དབྱེ་ཤིང་།  ཁྱོན་བསྡོམས་ཤང་རིམ་པའི་སྲིད་འཛིན་ཁུལ50ཡོད།

སྤྱི་ལོ2012ལོའི་ཟླ6པར།  ལུང་ཧྲན་ཆུས་ཀྱི་སྲང་ལམ8མེད་པར་བཟོས་ཏེ་སྡེ་ཁུལ18བཙུགས། དེའི་ཁོངས་སུ་ཁྱོན་བསྡོམས་རྫོང་དང་ཆུས4དང་། སྡེ་ཁུལ30  གྲོང་རྡལ23 ཤང6  མི་རིགས་ཤང1བཅས་ཁྱོན་བསྡོམས་ཤང་རིམ་པའི་སྲིད་ཁུལ60ཡོད།

3 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་ཏུ། ལེའོ་ཡོན་གྲོང་ཁྱེར་གྱི་སྤྱིའི་མི་གྲངས1179477ཡོད་ལ།  ལོ་སྔོན་མའི་ལོ་མཇུག་ལས་མི་གྲངས18518ཇེ་ཉུང་དུ་སོང་། དེའི་ནང་གྲོང་ཁུལ་གྱི་མི་གྲངས454825ཡོད་ལ། ལོ་སྔོན་མའི་ལོ་མཇུག་ལས་མི་གྲངས6642ཇེ་ཉུང་དུ་སོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒྱལ་ཁོངས་གནས་ཚུལ་ལྟར་དབྱེ་ན། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས596148ཡོད། གྲོང་གསེབ་ཀྱི་མི་གྲངས583329ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་གྲངས8241ཡོད་པ་དང་། སྐྱེས་ཚད6.93%ཡིན། ཤི་བའི་མི་གྲངས22399དང་། ཤི་ཚད18.84%ཡིན། རང་བྱུང་འཕར་ཚད་བརྒྱ་ཆའི11.91%ཟིན་ཡོད། ཕོ་མོའི་མི་གྲངས་ཀྱི་བསྡུར་ཚད102.8(མོའི་གྲངས་ཀ100ཡིན)

4 དཔལ་འབྱོར།

སྤྱི་ལོ2017ལོར། ལེའོ་ཡོན་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར772.11ཟིན་པ་དེ་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས1.7%འཕར། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར56.49ཟིན་ལ་3.7%འཕར་བ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར442.19ཟིན་ལ1.0%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར273.44ཟིན་ལ2.5%འཕར། ཐོན་ལས་གསུམ་པོའི་བསྡུར་ཚད་ནི7.3:57.3:35.4ཡིན་ལ། གྲུབ་ཚུལ་ལོ་སྔོན་མའི7.7:57.2:35.1ལས་མཐོ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱིས་དཔལ་འབྱོར་འཕར་བར་བྱས་རྗེས་བཞག་ཚད་ནི་སོ་སོར17.8%  33.1%དང49.1%བཅས་སོ།། དཔལ་འབྱོར་འཕར་ཚད0.3%  0.6%དང0.8%བཅས་སོ་སོར་སྐུལ་སྤེལ་བྱས་ཡོད། ལོ་ཧྲིལ་པོར་མི་རེས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར64952ཟིན་ལ2.9%འཕར་ཡོད།

སྤྱི་ལོ2017ལོར། ལེའོ་ཡོན་གྲོང་ཁྱེར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱིས་ཞིང་ཆེན་ཡོངས་ཀྱི་བསྡུར་ཚད་5.1%ཟིན་ལ།  ལོ་སྔོན་མ་ལས0.1%མར་ཆག  རྫོང་དང་ཆུས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར688.62ཟིན་ལ། གྲོང་ཡོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད89.2%ཟིན།  དུས་མཚུངས་ལས་1.0%་མར་ཆག

4_1 ཐོན་ལས་དང་པོ།

སྤྱི་ལོ2017ལོར། ལེའོ་ཡོན་གྲོང་ཁྱེར་གྱི་ཞིང་ལས། ནགས་ལས། ཕྱུགས་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར104.70ཟིན་ལ། བསྡུར་ཚད་རིན་གོང5.8%འཕར། ཞིང་ལས། ནགས་ལས། ཕྱུགས་ལས། ཉ་ལས་དང་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར56.70ཟིན་ལ་། བསྡུར་ཚད་རིན་གོང3.7%འཕར།

4_2 ཐོན་ལས་གཉིས་པ།

སྤྱི་ལོ2017ལོར།  ལེའོ་ཡོན་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས322ཡོད་པ་དེས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1631.56ཟིན་ལ།  ལོ་སྔོན་མ་ལས4.2%འཕར་བ་དང་། བཟོ་ལས་ཀྱི་རིན་ཐང་འཕར་ཚད་སྒོར་དུང་ཕྱུར497.85ཟིན། བསྡུར་ཚད་རིན་གོང1.5%འཕར་བ་དེས་གྲོང་ཁྱེར་ཡོངས་ཀྱིGDPཡི་བསྡུར་ཚད64.5%ཟིན་ལ། ལོ་སྔོན་མ་ལས3.1%འཕར་ཡོད།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2017ལོར།  ལེའོ་ཡོན་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར16.03བཏང་ལ།  ལོ་སྔོན་མ་ལས31.9%འཕར་ཡོད། སྡོད་ཁང་ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི260.35ཟིན་ལ9.9%མར་ཆག  དེའི་ཁྲོད་གསར་དུ་ལས་འགོ་བཙུགས་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི30.27ཟིན་ལ16.9%མར་ཆག   ལོ་ཧྲིལ་པོར་བསྡོམས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར17.36ཟིན་ལ8.0%འཕར་ཡོད། མ་དངུལ་ཡོང་ཁུངས་གཙོ་བོ་ནི་རང་གྲབས་མ་དངུལ་གཙོ་བོ་ཡིན་ལ་དེས64.7%ཟིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དངུལ་སྒོར། ཁེ་ལས། བཟོ་ལས། ཐོན་རྫས།