ཆི་ཆི་ཧ་ཨེར་གྲོང་ཁྱེར།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-01-13 09:02ལ་འགྲུབ།

ཆི་ཆི་ཧ་ཨེར་གྲོང་ཁྱེར།

ཆི་ཆི་ཧ་ཨེར་གྲོང་ཁྱེར།
​ཆི་ཆི་ཧ་ཨེར་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱིས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཏ་ཝོར་གྱི་སྐད་ལས་བྱུང་བ་དང་དེ་དོན་ནི་མཐའ་མཚམས་དང་རང་བྱུང་འབྲོག་རའི་དོན་ཡིན། བྱང་ཤར་གྱི་སུང་ནན་བདེ་ཐང་དུ་གནས་པ་དང་། ས་ཁམས་གནས་ཡུལ་ནི་ཤར་གྱི་གཞུང་ཐིག་ཏུའུ122ནས་ཏུའུ126དང་བྱང་གི་འཕྲེད་ཐིག་ཏུའུ45ནས་ཏུའུ48བར་ཡོད་པ་དང་། ཧའེ་དང་། ཅི། སོག་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་ཡོད། ཤར་ངོས་ཏ་ཆིང་གྲོང་ཁྱེར་དང་སུའེ་ཧྭ་གྲོང་ཁྱེར་དང་འབྲེལ་བ། ལྷོ་ངོས་ཅི་ལིན་ཞིང་ཆེན་གྱི་པའེ་ཁྲེང་གྲོང་ཁྱེར་དང་འབྲེལ་བ། ནུབ་ངོས་ནང་སོག་གི་ཧུའུ་ལུན་པེར་གྲོང་ཁྱེར་དང་འབྲེལ་བ། བྱང་ངོས་ཧེ་ཧོ་གྲོང་ཁྱེར་དང་ཞིན་ཨན་ལིན་ཆེན་པོའི་ས་མཚམས་དང་འབྲེལ་བ། ཞིང་ཆེན་ལྟེ་གནས་ནས་ཧ་ཨེར་པིན་གྲོང་ཁྱེར་གྱི་བར་བར་ཐག་སྟོང་སྨི359ཡོད་པ་དང་། ཀྲུང་ཨུའི་འགག་སྒོའི་གྲོང་ཁྱེར་གྱི་ཧའེ་གྲོང་ཁྱེར་བར་བར་ཐག་སྟོང་སྨི483ཡོད། ཁོངས་གཏོགས་སུ་གྲོང་ཁྱེར1དང་། རྫོང8 ཆུས7བཅས་ཡོད་ལ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི4.25ཡོད་པ་དང་། སྤྱི་ལོ2018ལོར་སྤྱིའི་མི་འབོར་ཁྲི529.7ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
齐齐哈尔
ཕྱི་ཡིག་གི་མིང་།
Qiqihar(英语)、Цицикар(俄语)
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོང་གཏོགས་ས་ཁུལ།
ཧའེ་ལུང་ཅང་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར་གྱི་ཐད་སྐྱོང་ཆུས7དང་། རྫོང་རིམ་པའི་གྲོང་ཁྱེར1 རྫོང8བཅས་ཡོད།
སྲིད་གཞུང་གནས་ཡུལ།
ཅན་ཧྭ་ཆུས།
ས་ཁོངས་ཁ་པར་ཨང་རྟགས། 0452
སྦྲག་སྲིད་ཨང་རྟགས།
161000
གནས་ཡུལ།
ཧའེ་ལུང་ཅང་ཞིང་ཆེན་ལྷོ་ནུབ་རྒྱུད་ཀྱི་སུང་ནན་བདེ་ཐང་།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཁྲི4.25ཡོད།
མི་གྲངས། ཁྲི529.7(སྤྱི་ལོ2018ལོའི་སྤྱིའི་མི་འབོར)ཡོད།
གནམ་གཤིས།
དྲོད་འབྲིང་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཀྲ་ལུང་རང་བྱུང་སྲུང་སྐྱོང་ཁུལ་དང་། ལུང་ཧྲ་སྤྱི་གླིང་། མིང་ཡུའེ་གླིང་ཕྲན། ཨང་ཨང་ཞིའི་རྗེས་ཤུལ། ལུའོ་ཤིས་ཡ་ཁྲོམ་གཞུང་ཆེན་མོ་སོགས་ཡོད།
གནམ་གྲུ་ཐང་།
ཆི་ཆི་ཧ་ཨེར་སན་ཅ་ཙི་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཆི་ཆི་ཧ་ཨེར་ས་ཚིགས་དང་ཆི་ཆི་ཧ་ཨེར་ནུབ་ཚིགས།
རླངས་འཁོར་ཚབ་ཨང་།
ཧའེB
སྲིད་འཛིན་ཚབ་གྲངས།
230200
དཀར་ཆག
1   ངོ་སྤྲོད།
2   ལོར་རྒྱུས་འཕེལ་རིམ།
3   སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།
4   ས་ཁམས་ཁོར་ཡུག
4.1 གནས་སའི་ཡུལ་ཁོངས།
4.2 ས་དབྱིབས།
4.3 གནམ་གཤིས།
4.4 ཆུ་དཔྱད།
5   རང་བྱུང་ཐོན་ཁུངས།
5.1 ཆུའི་ཐོན་ཁུངས།
5.2 གཏེར་ཁའི་ཐོན་ཁུངས།
6   མི་གྲངས།
7   དཔལ་འབྱོར།
8   སྤྱི་ཚོགས་ལས་དོན།
8.1 ཚན་རིག་ལག་རྩལ།
8.2 སློབ་གསོའི་ལས་དོན།
8.3 རིག་གནས་ལས་དོན།
8.4 སྨན་བཅོས་ལས་དོན།
8.5 ལག་རྩལ་ལས་དོན།
8.6 སྤྱི་ཚོགས་འགན་སྲུང་།
9   འགྲིམ་འགྲུལ་སྐྱེལ་འདྲེན།
9.1 ལྕགས་ལམ།
9.2 མྱུར་བགྲོད་ལྕགས་ལམ།
9.3 གཞུང་ལམ།
9.4 མཁའ་སྐྱོད།
9.5 ཆུ་ཐོག་སྐྱེལ་འདྲེན།
10   ས་ཁུལ་རིག་གནས།
10.1 དུས་ཆེན་འགྲེམས་ཚོགས།
10.2 ལུས་རྩལ་ཁང་།
10.3 རྟེན་རྫས་བཤམས་མཛོད་ཁང་།
10.4 རིག་རྩལ་སློབ་གླིང་ཚོགས་པ།
11   མཛེས་ལྗོངས་གྲགས་ཅན།
1 ངོ་སྤྲོད།

ཆི་ཆི་ཧ་ཨེར་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱིས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཏ་ཝོར་གྱི་སྐད་ལས་བྱུང་བ་དང་དེ་དོན་ནི་མཐའ་མཚམས་དང་རང་བྱུང་འབྲོག་རའི་དོན་ཡིན། བྱང་ཤར་གྱི་སུང་ནན་བདེ་ཐང་དུ་གནས་པ་དང་། ས་ཁམས་གནས་ཡུལ་ནི་ཤར་གྱི་གཞུང་ཐིག་ཏུའུ122ནས་ཏུའུ126དང་བྱང་གི་འཕྲེད་ཐིག་ཏུའུ45ནས་ཏུའུ48བར་ཡོད་པ་དང་། ཧའེ་དང་། ཅི། སོག་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་ཡོད། ཤར་ངོས་ཏ་ཆིང་གྲོང་ཁྱེར་དང་སུའེ་ཧྭ་གྲོང་ཁྱེར་དང་འབྲེལ་བ། ལྷོ་ངོས་ཅི་ལིན་ཞིང་ཆེན་གྱི་པའེ་ཁྲེང་གྲོང་ཁྱེར་དང་འབྲེལ་བ། ནུབ་ངོས་ནང་སོག་གི་ཧུའུ་ལུན་པེར་གྲོང་ཁྱེར་དང་འབྲེལ་བ། བྱང་ངོས་ཧེ་ཧོ་གྲོང་ཁྱེར་དང་ཞིན་ཨན་ལིན་ཆེན་པོའི་ས་མཚམས་དང་འབྲེལ་བ། ཞིང་ཆེན་ལྟེ་གནས་ནས་ཧ་ཨེར་པིན་གྲོང་ཁྱེར་གྱི་བར་བར་ཐག་སྟོང་སྨི359ཡོད་པ་དང་། ཀྲུང་ཨུའི་འགག་སྒོའི་གྲོང་ཁྱེར་གྱི་ཧའེ་གྲོང་ཁྱེར་བར་བར་ཐག་སྟོང་སྨི483ཡོད། ཁོངས་གཏོགས་སུ་གྲོང་ཁྱེར1དང་། རྫོང8 ཆུས7བཅས་ཡོད་ལ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི4.25ཡོད་པ་དང་། སྤྱི་ལོ2018ལོར་སྤྱིའི་མི་འབོར་ཁྲི529.7ཡོད།

ཆི་ཆི་ཧ་ཨེར་ཀྲ་ལུང་རང་བྱུང་སྲུང་སྐྱོང་ཁུལ་ལ་འཛམ་གླིང་གི་བརླན་ས་ཆེན་མོ། ཀྲུང་གོའི་ཁྲུང་ཁྲུང་གི་ཕ་ས་ཞེས་པའི་མཚན་སྙན་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་སྟུག་པོ་ཡོད་དེ། ནེན་ཅང་གཙང་པོ་དང་། མིང་ཡུའེ་གླིང་ཕྲན། ལུང་ཧྲ་སྤྱི་གླིང་། ལུའོ་ཤིས་ཡ་ཁྲོམ་གཞུང་ཆེན་མོ། ལུང་ཅང་གྲོང་ཚོ་དང་པོ། ཀན་ལྷོའི་ཤིང་བཅུ་བཞི། བྱང་ཕྱོགས་ཀྱི་མཚེའུ་དང་པོ། ཉི་ཨེར་ཅི་སི་མཚེའུ་སོགས་ཡོད། ལོ་རྒྱུས་རིག་གནས་ཀྱི་ཤུལ་ལུས་མང་པོ་ཞིག་ཡོད་ལ། ཨང་ཨང་ཞིའི་ཤེས་རིག་དང་བཟོ་ལས་ཀྱི་ཤེས་རིག་ཀྱང་ཡོད། མི་རིགས་ཀྱི་དམངས་སྲོལ་རིག་གནས་དང་ཆོས་ལུགས་ཀྱི་རིག་གནས་ཡོད་ལ། ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་གི་ཡུལ་གྱར་གྱི་བཞུགས་གནས་དང་བཞུགས་གནས་རྙིང་པ་སོགས་མཐའ་མཚམས་ཀྱི་རིག་གནས་ཀྱང་ཡོད། ཧའེ་ལུང་ཅང་དམག་དཔོན་ཆེན་མོའི་བཞུགས་ཤག་དང་། དམག་དཔོན་ཡ་མོན་དང་། ཏུའུ་ཅུན་ཧྲུའུ་སོགས་མཐའ་མཚམས་ཚོད་འཛིན་ནུས་ལྡན་བྱེད་པའི་དཔོན་གནས་ཀྱི་རྗེས་ཤུལ་ཡོད་ལ། ཐ་ཙི་གྲོང་ཁྱེར་དང་། ཅིན་ལྕགས་རི་རིང་པོ། ལོ་བརྒྱའི་དབུས་ཤར་ལྕགས་ལམ་འབབ་ཚུགས་སོགས་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་ཀྱང་ཡོད། སྤྱི་ལོ2016ལོར་ཆི་ཆི་ཧ་ཨེར་གྲོང་ཁྱེར་ཏེ་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟ་བྱེད་སའི་ས་ཁུལ་རིམ་པ་དང་པོ་རུ་བཞག་ཡོད།

སྤྱི་ལོ2018ལོར་ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར1340.2ཟིན་ནས་ལོ་གོང་མ་ལས6.2%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར305.9ཟིན་ནས5.0%འཕར་བ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར349.1ཟིན་ནས8.5%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར685.2ཟིན་ནས5.4%འཕར་བ། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར26545ཟིན་ནས7.0%བཅས་འཕར་ཡོད།

2 ལོར་རྒྱུས་འཕེལ་རིམ།

ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་མངའ་ཁོངས་ནི་ཞ་དང་ཧྲང་། ཀྲའོ་སྐབས་སུ་སུའུ་ལི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ་དང་། ཆིན་དང་ཧན་རྒྱལ་རབས་ཀྱི་སྐབས་སུ་ཧྥུའུ་ཡུས་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན། ཝེ་ཅིན་རྒྱལ་རབས་ལྷོ་བྱང་དུས་སུ་ཞན་པེ་དང་ཏོའུ་མོ་ཙིའི་ཁོངས་སུ་གཏོགས། སུའེ་ཐང་དུས་སྐབས་སུ་ཧྲི་ཝེ་སྤྱི་ཁྱབ་དཔོན་གཞུང་གི་མངའ་ཁོངས་ཡིན། ལིའོ་རྒྱལ་རབས་ཀྱི་སྐབས་སུ་ཧྲང་ཅིན་ལམ་དང་ཏུང་ཅིང་ལམ་གྱི་ཁོངས་སུ་གཏོགས།  ཡོན་རྒྱལ་རབས་ཀྱི་སྐབས་སུ་ལིའོ་དབྱང་ཧང་ཀྲུང་ཧྲུའུ་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་ཁའེ་ཡོན་ལྕགས་ལམ་དང་ཧྲུའེ་ཏ་ཏ་ལྕགས་ལམ་གྱི་ཁོངས་གཏོགས་ཡིན།   མིང་རྒྱལ་རབས་ཀྱི་དུས་མགོར་ཏ་ཉིང་ཏུའུ་བཀོད་འདོམས་སོའུ་ཁོངས་སུ་གཏོགས་པ་དང་། རྗེས་སུ་ནུའུ་ཨར་ཀན་ཏུའུ་སོའུ་ཁོངས་སུ་གཏོགས། ཆིང་གི་དུས་འགོར། ཆི་ཆི་ཧ་ཨེར་ས་ཁུལ་ནི་དར་རྒྱས་ཆེས་བའི་ཅིན་ནང་བློན་ཁང་གི་མངའ་འོག་ཏུ་གཏོགས་པ་དང་། ཅང་མ་འགོར་བར་ཉིང་ཀུའུ་ཐ་དམག་དཔོན་ཆེན་མོ་ལ་དབང་། སྤྱི་ལོ1683ལོ་ནས་བཟུང་ཧའེ་ལུང་ཅང་དམག་དཔོན་ཆེན་མོའི་མངའ་འོག་ཏུ་བསྒྱུར།   མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་གསུམ་པར(སྤྱི་ལོ1924ལོར)ཧའེ་ལུང་ཅང་ཞིང་ཆེན་གྱི་གྲོང་ཁྱེར་སྲིད་དོན་སྤྱི་ཁྱབ་ཁང་བཙུགས་ནས་ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་བྱ་བར་དོ་དམ་བྱས། སྤྱི་ལོ1954ལོར་ཧའེ་ལུང་ཅང་ཞིང་ཆེན་གྱི་ལྟེ་གནས་ཏེ་ཆི་ཆི་ཧ་ཨེར་གྲོང་ཁྱེར་ནས་ཧ་ཨེར་པིན་གྲོང་ཁྱེར་དུ་སྤོས་པ་དང་ཆི་ཆི་ཧ་ཨེར་གྲོང་ཁྱེར་དེ་ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར་དུ་གྱུར། སྤྱི་ལོ1958ལོར་ཆི་ཆི་ཧ་ཨེར་གྲོང་ཁྱེར་ཏེ་ནེང་ཅང་ཀྲོན་ཆུས་ཀྱི་ཀྲོན་ཡོན་ཀུང་ཧྲུའུ་ཡི་མངའ་འོག་ཏུ་བཅུག སྤྱི་ལོ1960ལོར་ནེང་ཀྲོན་ཆུས་མེད་པར་བཏང་བ་དང་། དེའི་ཁོངས་གཏོགས་ཀྱི་རྫོང་སོ་སོ་ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་འགོ་ཁྲིད་ལ་དབང་ཞིང་། གྲོང་ཁྱེར་དོ་དམ་རྫོང་གི་སྒྲིག་སྲོལ་ཐོག་མར་ལག་བསྟར་བྱས་ཆི་ཆི་ཧ་ཨེར་གྲོང་ཁྱེར་ཡང་བསྐྱར་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་དུ་བསྒྱུར། སྤྱི་ལོ1961ལོར་ནེང་ཅང་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་སླར་གསོ་བྱས། ཆི་ཆི་ཧ་ཨེར་གྲོང་ཁྱེར་དང་དེའི་ཁོངས་གཏོགས་ཀྱི་རྫོང་སོ་སོ་དེའི་མངའ་འོག་ཏུ་བསྒྱུར། སྤྱི་ལོ1964ལོར་ཆི་ཆི་ཧ་ཨེར་གྲོང་ཁྱེར་ཡང་བསྐྱར་ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར་དུ་བསྒྱུར། སྤྱི་ལོ1967ལོར་ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ནས་ཆི་ཆི་ཧ་ཨེར་གྲོང་ཁྱེར་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1980ལོར་ཆི་ཆི་ཧ་ཨེར་གྲོང་ཁྱེར་གསར་བརྗེ་ཨུ་ཡོན་ལྷན་ཁང་དེ་ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་སྲིད་གཞུང་དུ་བསྒྱུར། སྤྱི་ལོ1985ལོར་ནེང་ཅང་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་དང་ཆི་ཆི་ཧ་ཨེར་གྲོང་ཁྱེར་གཉིས་ཟླ་སྒྲིལ་བཏང་ནས་གྲོང་ཁྱེར་དོ་དམ་རྫོང་གི་སྒྲིག་སྲོལ་ཡང་བསྐྱར་ལག་བསྟར་བྱས་ནས་ཆི་ཆི་ཧ་ཨེར་གྲོང་ཁྱེར་སྔར་བཞིན་ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར་དུ་གྱུར། 

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་བསྡོམས་པའི་རྫོང་རིམ་པའི་སྲིད་འཛིན་ཁུལ16ཡོད་པ་དང་། དེ་ཁྲོད་དུ་ཆུས7དང་། རྫོང་རིམ་པའི་གྲོང་ཁྱེར1 རྫོང8བཅས་ཚུད་ཡོད་པ་དེ་དག་ནི་ལུང་ཧྲ་ཆུས་དང་། ཅན་ཧྭ་ཆུས། ཐེ་ཧྥུང་ཆུས། ཧྥུའུ་ལར་ཅི་ཆུས། ཨང་ཨང་ཤིས་ཆུས། ཉན་ཙི་རི་ཁུལ། མེ་ལི་སི་ཏ་ཝོར་རིགས་ཆུས། ལོན་ཧོ་གྲོང་ཁྱེར། ཀན་ལྷོ་རྫོང་། ལུང་ཅང་རྫོང་། ཁེ་ཏུང་རྫོང་། དབྱི་ཨན་རྫོང་། པའེ་ཆོན་རྫོང་། ཐའེ་ལའེ་རྫོང་། ཧྥུའུ་ཡུས་རྫོང་བཅས་ཡིན། ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་ནི་ཅན་ཧྭ་ཆུས་ཞིན་མིང་ཁྲོམ་ལམ་ཨང27པ་རུ་ཡོད། 

4 ས་ཁམས་ཁོར་ཡུག
4_1 གནས་སའི་ཡུལ་ཁོངས།

ཆི་ཆི་ཧ་ཨེར་གྲོང་ཁྱེར་ནི་ཀྲུང་གོའི་བྱང་ཤར་གྱི་སུང་ནེན་བདེ་ཐང་དུ་ཆགས་ཡོད་པ་དང་། ཤར་གྱི་གཞུང་ཐིག་ཏུའུ122ནས་ཏུའུ126བར་དང་། བྱང་གི་འཕྲེད་ཐིག་ཏུའུ45ནས་ཏུའུ48བར། ཤར་གྱི་ཏ་ཆིང་གྲོང་ཁྱེར་དང་སུའེ་ཧྭ་གྲོང་ཁྱེར་དང་། ལྷོ་རུ་ཅི་ལིན་ཞིང་ཆེན་གྱི་པའེ་གྲོང་ཁྱེར་དང་འབྲེལ་ཞིང་། ནུབ་ཏུ་ནང་སོག་གི་ཧུའུ་ལུན་པེར་གྲོང་ཁྱེར་དང་འབྲེལ་ཡོད། བྱང་ཧའེ་ཧུ་གྲོང་ཁྱེར་དང་ཞིན་ཨན་ལིན་ཆེན་པོའི་ས་ཁུལ་དང་ས་མཚམས་འབྲེལ་ནས་ཞིང་ཆེན་ལྟེ་གནས་ཀྱི་ཧར་པིན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ359དང་སུའེ་ཧུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ328དང་། པའེ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ282དང་། ཧའེ་ལཱ་ཨེར་དང་བར་ཐག་སྤྱི་ལེ524 ཧའེ་ཧུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ483བཅས་ཡོད། ས་ཞིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ42289ཡོད་པ་དང་། མཚོ་ངོས་ཀྱི་མཐོ་ཚད་སྤྱིར་བཏང་སྨི200ནས500བར་ཡིན། 

4_2 ས་དབྱིབས།

ས་གཤིས་ཆགས་ཚུལ་ནི་ཞིན་ཧྭ་ཞའི་གཤོང་ས་གཉིས་པ་དང་དེའུ་འབུར་གསུམ་པའི་འབྲེལ་མཚམས་སུ་གཏོགས་པ་དང་། ནེང་ཅང་གཙང་པོའི་བདེ་ཐང་ཆེན་མོའི་དཀྱིས་གཤེག་ནས་བཞུར་གྱིན་ཡོད། ས་བབ་བྱང་མཐོ་ལ་ལྷོ་དམའ་ཞིང་། བྱང་རྒྱུད་དང་ཤར་རྒྱུད་ནི་ཞིན་ཨན་ལིང་ཆུབ་བོའི་ལྷོ་འདབས་ཡིན་པ་དང་། དབུས་རྒྱུད་དང་ལྷོ་རྒྱུད་ནི་ནེང་ཅང་གཙང་པོའི་ཆུ་བསགས་བདེ་ཐང་ཡིན། 

4_3 གནམ་གཤིས།

ཆི་ཆི་ཧ་ཨེར་གྲོང་ཁྱེར་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཁོངས་སུ་གཏོགས་པ་དང་། དུས་བཞིའི་ཁྱད་ཆོས་ཧ་ཅང་མངོན་གསལ་དོད་པ་སྟེ། དཔྱིད་དུས་ཐན་པ་ཆེ་བ་དང་རླུང་མང་བ། དབྱར་དུས་ཚ་བ་ཆེ་བ་དང་ཆར་བ་མང་བ། སྟོན་དུས་ཐུང་བ་དང་སད་རྒྱག་སྔ་བ། དགུན་དུས་རིང་བ་དང་སྐམ་ཤས་ཆེ་བ། གྲང་ངར་ཆེ་བ་བཅས་ཡིན། 

4_4 ཆུ་དཔྱད།

ཆི་ཆི་ཧ་ཨེར་གྲོང་ཁྱེར་ཁུལ་གྱི་རྒྱ་ཁྱོན་གྱི89%ནི་ནེང་ཅང་གཙང་པོའི་འབབ་རྒྱུད་དང11%ནི་ཝུའུ་ཡུས་ཨེར་ཆུ་བོའི་འབབ་རྒྱུད་ཡིན། གྲོང་ཁུལ་གྱི་ཆུ་ཁོངས་རྒྱ་ཆེ་བའི་ས་ངོས་ཀྱི་ཆུ་ཕུན་སུམ་ཚོགས་པ་དང་། ས་བབ་དང་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་གྲོང་ཁུལ་དུ་ནེང་ཅང་གཙང་པོའི་ཆུ་རྒྱུན་དང་དེའི་ཡན་ལག་ཆུ་བོ་ཨ་ལུན་གཙང་པོ་དང་། དབྱིན་ཧོ་ཆུ་བོ། ཨར་ཀོའུ་ཆུ་བོ། ཁུའུ་ལེ་ཆུ་བོ། ཡ་ལུའུ་ཆུ་བོ། ཝུའུ་ཡུས་ཆུ་བོ་བཅས་ཕུད་ད་དུང་མཚེའུ་ཆེ་ཆུང160ལྷག་ཙམ་ཡོད།

5 རང་བྱུང་ཐོན་ཁུངས།
5_1 ཆུའི་ཐོན་ཁུངས།

ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་གཙང་པོ་གཙོ་བོའི་གྲས་སུ་ནེན་ཅང་གཙང་པོ་དང་། ནོ་མིན་གཙང་པོ། ཡར་ཀླུང་གཙང་པོ། ཧན་ཏ་ཧན་གཙང་པོ། ཝུའུ་ཡུས་ཨེར་གཙང་པོ། དབྱིན་ཧོ་གཙང་པོ་སོགས170ལྷག་ཙམ་དང་ཆུ་འཕྱུར་མཚེའུ800ལྷག་ཙམ་ཡོད།  ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་ཁོངས་སུ་ཡོང་བའི་ཆུའི་སྤྱི་འབོར་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་ས་འོག་ཆུའི་ཆུ་འདུས་རིམ་པ15ཡོད། བདེ་ཐང་ཆུ་འཛུལ་ཁྱབ་ཁུལ་དུ་ཆུ་ལྡན་བང་རིམ་གྱི་ཆུ་གསོག་ནུས་པ་ཆེ་བ་དང་། ཁ་གསབ་བྱེད་ཚད་མང་བ། ས་འོག་གི་ཆུ་གཏིང་མི་ཟབ་པ་བཅས་ཡོད་པས་གསར་སྤེལ་བེད་སྤྱོད་བྱེད་བདེ་པོ་ཡོད། ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་གཙང་བོའི་རང་བྱུང་ཆུའི་སྤུས་ཚད་ལེགས་པ་དང་ས་འོག་ཆུ་ལས་འཐུང་ཆུའི་དགོས་མཁོ་སྐོང་ཐུབ། 

5_2 གཏེར་ཁའི་ཐོན་ཁུངས།

ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་ས་འོག་ཐོན་ཁུངས་ཕུན་སུམ་ཚོགས་པས་གསར་སྤེལ་གྱི་མདུན་ལམ་རྒྱ་ཆེན་པོ་ཡོད། གསར་རྙེད་བྱུང་བའི་གཏེར་རྫས་དེ་རིགས་ཆེ་བ5དང་རིགས་རྒྱུད47ལ་དབྱེ་ཡོད་ཅིང་། དེའི་ནང་ལྕགས་རིགས་མིན་པའི་གཏེར་ཁར་རིགས་ཆེན་པོ4(རྡོ་དང་། བྱེ་མ། ས་དང་ས་རྡུལ)རིགས19ཡོད་པ་དང་། བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར139ཡོད་པ་དང་། གྲོང་ཁུལ་གྱི་ཉེ་འགྲམ་དུ་ད་དུང་རྡོ་སྣུམ་དང་རང་བྱུང་སོལ་རླངས་སོགས་ཀྱི་ཐོན་ཁུངས་མང་པོ་ཡོད། 

6 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་སྤྱིའི་མི་འབོར་ཁྲི533.7ཟིན་པ་དེ་ལོ་གོང་མ་ལས1.98%་ཆག་པ། དེའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི326.5ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི207.2ཟིན་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་མི་འབོར་སྐྱེས་ཚད5.7‰ཟིན་ནས་སྟོང་ཆའི0.13མཐོ་རུ་ཕྱིན་པ། མི་འབོར་ཤི་ཚད18.52%ཟིན་ནས་སྟོང་ཆའི13.59མང་དུ་ཕྱིན་པ། མི་འབོར་རང་བྱུང་འཕར་ཚད12.81%ཡིན།

7 དཔལ་འབྱོར།

སྤྱི་ལོ2017ལོར་ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར1353.2ཟིན་ནས་ལོ་གོང་མ་ལས6.1%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར315.5ཟིན་ནས6.0%འཕར་བ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར377.9ཟིན་ནས4.8%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར659.8ཟིན་ནས་.0%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ23.3:27.9:48.8ཡིན། 

8 སྤྱི་ཚོགས་ལས་དོན།
8_1 ཚན་རིག་ལག་རྩལ།

སྤྱི་ལོ2017ལོར་ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱིས་གཙོ་གནད་ཚན་རྩལ་འཆར་གཞིའི་རྣམ་གྲངས152ལག་བསྟར་བྱས་པ་དང་། ཞིང་ཆེན་རིམ་པ་ཡན་གྱི་ཚན་རིག་ལག་རྩལ་བྱ་དགའ14ཐོབ་པ། ཚན་རྩལ་གྲུབ་འབྲས་ཀྱི་གསལ་འབྱེད་ཁག296ཡོད། ལོ་ཧྲིལ་པོར་ལག་རྩལ་གན་རྒྱ15ངོས་འཛིན་བྱས་ཡོད། 

8_2 སློབ་གསོའི་ལས་དོན།

སྤྱི་ལོ2017ལོར་ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མས་སློབ་མ་ཁྲི1.6བསྡུས་པ་དེ་ལོ་གོང་མ་ལས4.7%འཕར་བ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི5.5ཡོད་པ་དེ་སྔ་ལོ་དང་མཉམ་པ། མཐོ་རིམ་སློབ་འབྲིང་དཀྱུས་མས་སློབ་མ་ཁྲི2.2བསྡུས་པ་དེ0.5%འཕར་བ། སློབ་གྲྭར་ཡོད་པའི་སློབ་མ་ཁྲི6.3ཟིན་ནས0.3%འཕར་ཡོད། དམའ་རིམ་སློབ་འབྲིང་དུ་སློབ་མ་ཁྲི4.0བསྡུས་པ་དེ7.0%འཕར་བ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི11.4ཟིན་ནས4.2%འཕར་བ་དང་དམའ་རིམ་སློབ་འབྲིང་དུ་སློབ་གྲྭར་ཞུགས་ཚད100%ཟིན་ཡོད། སློབ་ཆུང་དུ་སློབ་མ་ཁྲི2.8བསྡུས་པ་དེ13.5%མར་ཆག་པ། སློབ་གྲྭར་ཡོད་པའི་སློབ་མ་ཁྲི19.6ཟིན་ནས5.8%མར་ཆག་པ། སློབ་ཆུང་གི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་ཡོད། 

8_3 རིག་གནས་ལས་དོན།

སྤྱི་ལོ2017ལོའི་ལོ་མཇུག་བར་ཆི་ཆི་ཧ་ཨེར་གྲོང་ཁྱེར་དུ་ཆེད་ལས་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ7དང་། རིག་གནས་ཁང17 སྤྱི་པའི་དཔེ་མཛོད་ཁང13 རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས14བཅས་ཡོད་པ་དང་། རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས་ཀྱི་མིའི་ཁྱབ་ཚད99.6%ཟིན་པ་དང་། བརྙན་འཕྲིན་གྱི་མིའི་ཁྱབ་ཚད100%བཅས་ཟིན་པ་རེད།

8_4 སྨན་བཅོས་ལས་དོན།

སྤྱི་ལོ2017ལོའི་ལོ་མཇུག་བར་ཆི་ཆི་ཧ་ཨེར་གྲོང་ཁྱེར་དུ་རིགས་ཁག་གི་འཕྲོད་བསྟེན་སྒྲིག་གཞི2827ཡོད་པ་དང་། དེའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང261དང་། འཕྲོད་བསྟེན་རིམས་འགོག་འགོག་བཅོས་སྒྲིག་གཞི23 མ་བུ་འཕྲོད་བསྟེན་སྒྲིག་གཞི17བཅས་ཡོད། འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི་ཁྲི3.1ཡོད་པ་དང་། འཕྲོད་བསྟེན་ལག་རྩལ་པ་ཁྲི2.8ཡོད་པའི་ནང་སྨན་པ10987ཡོད། 

8_5 ལག་རྩལ་ལས་དོན།

སྤྱི་ལོ2017ལོར་ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་ལུས་རྩལ་པས་འཛམ་གླིང་རང་བཞིན་གྱི་འགྲན་བསྡུར་ཁྲོད་དུ་གསེར་གྱི་རྟགས་མ1དང་དངུལ་གྱི་རྟགས་མ་ཐོབ་པ་དང་། རྒྱལ་ཁབ་ཀྱི་འགྲན་བསྡུར་ཁྲོད་དུ་གསེར་གྱི་རྟགས་མ31དང་། དངུལ་གྱི་རྟགས་མ28 ཟངས་ཀྱི་རྟགས་མ37བཅས་ཐོབ། ཞིང་ཆེན་གྱི་འགྲན་བསྡུར་ཁྲོད་དུ་གསེར་གྱི་རྟགས་མ171དང་། དངུལ་གྱི་རྟགས་མ168 ཟངས་ཀྱི་རྟགས་མ141བཅས་ཐོབ། 

8_6 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2017ལོར་ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད4.3%ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་གྱི་ལས་བཟོའི་ལས་ཞུགས་མི་གྲངས་ཁྲི52.0ཟིན་པ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་གྲངས་ཁྲི53.8ཟིན་པ་དང་། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་གྱི་ལས་བཟོའི་མི་གྲངས་ཁྲི19.5ཟིན་པ། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་མི་གྲངས་ཁྲི405.1ཟིན་པ། ལས་རྨས་འགན་བཅོལ་ནང་ཞུགས་མཁན་གྱི་མི་གྲངས་ཁྲི41.1ཟིན་པ། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་གྱི་མི་གྲངས་ཁྲི18.8ཟིན་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་རྒན་གསོའི་སྒྲིག་གཞི213ཡོད། དེའི་ནང་གཞུང་བཙུགས30དང་རྒན་གསོའི་ཉལ་ཁྲི9040ཟིན་པ་དང་། དམངས་གཉེར183དང་རྒན་གསོའི་ཉལ་ཁྲི19089ཟིན་པ། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་རྒན་གསོ་ཁང14བཙུགས་པ། ཤང་གྲོང་རྒན་གསོ་ཁང27བཅས་ཡོད་པ་རེད།

9 འགྲིམ་འགྲུལ་སྐྱེལ་འདྲེན།
9_1 ལྕགས་ལམ།

ཆི་ཆི་ཧ་ཨེར་ནི་བྱང་ཤར་ནུབ་རྒྱུད་ས་ཁུལ་གྱི་ལྕགས་ལམ་ལྟེ་གནས་ཤིག་ཡིན་པ་དང་།  ཆི་ཆི་ཧ་ཨེར་མེ་འཁོར་ལ་བསྡད་ན་པེ་ཅིན་དང་། ཧར་པིན། ཁྲང་ཁྲུན། ཧྲེན་དབྱང་། ཏ་ལེན། ཐེན་ཅིན། ཧྲང་ཧའེ། ཧང་ཀྲོའུ། ཅི་ནན། ཧུའུ་ཧོ་ཧའོ་ཐེ། ཐའེ་ཡོན། ཞི་ཨན། ཁྲེང་ཏུའུ། ནན་ཅིན་སོགས་ལམ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་འབྱོར་ཐུབ་པ་དང་། ཆི་ཆི་ཧ་ཨེར་མེ་འཁོར་ཏེ་ཧའེ་ལུང་ཅང་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་མང་ཆེ་བའི་ཁོངས་གཏོགས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་དེ་བཞིན་མན་ཀྲོའུ་ལི་དང་ཧུའུ་ལུན་པེར་སོགས་སུ་འབྱོར་བ་ཡིན།

9_2 མྱུར་བགྲོད་ལྕགས་ལམ།

ཧ་ཆི་མྱུར་བགྲོད་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི་འཆར་འགོད་ཀྱི་གཙོ་གནད་ལས་གྲྭ་དང་། ཧའེ་ལུང་ཅང་ཞིང་ཆེན་དང་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དབར་གྱི་མྱུར་བགྲོད་ལྕགས་ལམ་དང་པོ་བཅས་ཡིན།   ཧ་ཆི་མྱུར་བགྲོད་ལྕགས་ལམ་ནི་ཧ་ཨེར་པིན་གྲོང་ཁྱེར་ནས་མགོ་བཟུང་སྟེ་ཆི་ཆི་ཧ་ཨེར་གྲོང་ཁྱེར་བར་ཡིན་པ་དང། ཧའེ་ལུང་ཅང་ཞིང་ཆེན་གྱི་རིམ་པ་གཉིས་པའི་ཞིང་ཆེན་གྲོང་ཁྱེར1དང་། ཅུང་ཆེ་བའི་གྲོང་ཁྱེར1 ས་ཁུལ་རིམ་པའི་གྲོང་ཁྱེར2བཅས་བརྒྱུད་པ་ཡིན།  མེ་འཁོར་ཇུས་འགོད་འཁོར་སྐྱོད་ཀྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ250ཟིན་པ་དང་འབྲེལ་ཆུ་ཚོད་རེར་སྤྱི་ལེ300ཡི་འཁོར་སྐྱོད་ཆ་རྐྱེན་སྔོན་འཇོག་བྱས་པ་དང་། ལམ་ཐིག་ཧྲིལ་པོར་སྤྱི་ལེ282ཡོད་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར312.4བཏང་།

9_3 གཞུང་ལམ།

གཞུང་ལམ་གཙོ་བོ་ནི་སུའེ་མན་མྱུར་བགྲོད་གཞུང་ལམ་དང་། ཆི་ནེན་མྱུར་བགྲོད་གཞུང་ལམ། ཆི་ཐའེ་མྱུར་བགྲོད་གཞུང་ལམ། ཆི་ཀན་མྱུར་བགྲོད་གཞུང་ལམ། དེ་བཞིན་མིང་ཧའེ་གཞུང་ལམ། རྒྱལ་ཁབ་རིམ་པའི་གཞུང་ལམ301 རྒྱལ་ཁབ་རིམ་པའི་གཞུང་ལམ231 རྒྱལ་ཁབ་རིམ་པའི་གཞུང་ལམ་202བཅས་ཕན་ཚུན་སྣོལ་ནས་ས་མཚམས་བརྒལ་ཡོད།

9_4 མཁའ་སྐྱོད།

ཆི་ཆི་ཧ་ཨེར་སན་ཅཱ་ཙི་གནམ་གྲུ་ཐང་ནི་རྒྱལ་སྤྱིའི་འགག་སྒོའི་གནམ་གྲུ་ཐང་ཡིན་པ་དང་། ད་ཆ་མཁའ་ལམ56ཡོད་པའི་ནང་རྒྱལ་ནང་གི་མཁའ་ལམ40དང་། རྒྱལ་སྤྱིའི་མཁའ་ལམ15 དམིགས་བསལ་དོ་དམ་གྱི་མཁའ་ལམ1བཅས་ཡོད། རྒྱལ་སྤྱིའི་གྲོང་ཁྱེར15དང་། ས་ཁུལ་གྱི་གྲོང་ཁྱེར1 རྒྱལ་ནང་གི་གྲོང་ཁྱེར28བཅས་སུ་གནམ་གྲུ་ཤར་གཏོང་བྱེད་བཞིན་ཡོད།

9_5 ཆུ་ཐོག་སྐྱེལ་འདྲེན།

ཆི་ཆི་ཧ་ཨེར་ནི་ནེང་ཅང་གཙང་པོའི་སྟོད་རྒྱུད་དུ་གནས་པ་དང་། ནེང་ཅང་གཙང་པོའི་ཆུ་ཐོག་འགྲིམ་འགྲུལ་ཤར་གཏོང་ཐུབ་པས་འཕྲུལ་སྒུལ་འཁོར་གྲུ་ཡར་ཧའེ་ཧུ་གྲོང་ཁྱེར་གྱི་ནེང་ཅང་རྫོང་དུ་འབྱོར་ཐུབ་པ་དང་མར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧ་ཨེར་པིན་དུ་འབྱོར་ཐུབ་པ་ཡིན། 

10 ས་ཁུལ་རིག་གནས།
10_1 དུས་ཆེན་འགྲེམས་ཚོགས།

ཆི་ཆི་ཧ་ཨེར་གྲོང་ཁྱེར་དུ་ཀྲུང་གོའི(ཆི་ཆི་ཧ་ཨེར)ལྗང་མདོག་ཟས་རིགས་འགྲེམས་ཚོགས་དང་། ཆི་ཆི་ཧ་ཨེར་གྱི་ཁྲུང་ཁྲུང་ལ་ལྟ་བའི་དུས་ཆེན། ཆི་ཆི་ཧ་ཨེར་གངས་འཁྱག་ལྟ་སྐོར་སྤྲོ་ཚོགས།  ཀྲུང་གོའི་ཉི་ཙི་ཧྲན་རི་འཛེག་དུས་ཆེན་སོགས་ཡོད།

10_2 ལུས་རྩལ་ཁང་།

ཆི་ཆི་ཧ་ཨེར་དུ་ཧུ་ཁྲིན་ལུས་རྩལ་ཐང་དང་། ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་ཕྱོགས་བསྡུས་ལུས་རྩལ་ཁང་བཅས་ཡོད། 

10_3 རྟེན་རྫས་བཤམས་མཛོད་ཁང་།
10_3_1 ཆི་ཆི་ཧ་ཨེར་རྟེན་རྫས་བཤམས་མཛོད་ཁང་།

ཆི་ཆི་ཧ་ཨེར་རྟེན་རྫས་བཤམས་མཛོད་ཁང་དེ་ཕུའུ་ཁུའེ་བྱང་ལམ་དང་ཀྲུང་ཧྭ་ལམ་གྱི་བཞི་མདོ་ཁའི་བྱང་ཤར་ཟུར་དུ་གནས་ཡོད་པ་དང་། སྤྱི་ལོ2002ལོར་ལས་མཇུག་འགྲིལ་ནས་ཨར་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི1.4000ལྷག་ཙམ་ཟིན་པ་དེ་ནི་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་གསར་རྐྱང་ཞིག་ཡིན་ལ། ཧའེ་ལུང་ཅང་ཞིང་ཆེན་གྱིས་གསར་དུ་བསྐྲུན་པའི་གྲོང་ཁྱེར་རིམ་པའི་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་ཤིག་ཀྱང་ཡིན།

10_4 རིག་རྩལ་སློབ་གླིང་ཚོགས་པ།
10_4_1 ཆི་ཆི་ཧ་ཨེར་རྟ་རྩེད་ཚོགས་པ།

ཆི་ཆི་ཧ་ཨེར་རྟ་རྩེད་ཚོགས་པ་ནི་སྤྱི་ལོ1952ལོར་བཙུགས་པ་དང་། དེ་ནི་ཀྲུང་གོའི་སྐད་གྲགས་ཆེ་བའི་རྟ་རྩེད་རྩལ་རྩེད་འཁྲབ་སྟོན་ཚོགས་པ་ཆེ་གྲས་ཀྱི་གྲས་ཤིག་ཡིན།  ཚོགས་པ་དེས་ཉེན་ཁ་ཆེ་བའི་བར་སྣང་གི་རྩལ་རྩེད་ལེ་ཚན་དང་། རྩལ་ནུས་མཐོ་བའི་སྲོལ་རྒྱུན་རྩལ་རྩེད་ལེ་ཚན། རྟ་རྩེད་གཅན་གཟན་འདུལ་སྦྱོང་གི་ལེ་ཚན་བཅས་འཁྲབ་སྟོན་བྱས་པར་རྒྱུས་མངའ་ཆེན་པོ་ཡོད་པ་དང་དེའི་འཁྲབ་སྟོན་ལ་ཀྲུང་ཧྭ་མི་རིགས་ཀྱི་ཉམས་འགྱུར་ཟབ་མོ་དང་བརྗིད་ཉམས་ལྡན་པའི་ཀྲུང་གོའི་བྱང་ཕྱོགས་ཀྱི་ཁྱད་ཆོས་ལྡན་ཡོད། 

10_4_2 ཀྲུང་གོའི་ཆི་ཆི་ཧ་ཨེརSOSབྱིས་པའི་གྲོང་ཚོ། 

ཀྲུང་གོའི་ཆི་ཆི་ཧ་ཨེརSOSབྱིས་པའི་གྲོང་ཚོ་དེ་ཆི་ཆི་ཧ་ཨེར་གྲོང་ཁྱེར་ཁུལ་གྱི་ནུབ་རྒྱུད་དུ་གནས་ཤིང་། ས་ཟིན་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ37000ཟིན་པ་དང་། སྤྱི་ལོ1992ལོའི་ཟླ3པར་བསྐྲུན་པ་ཡིན། དེ་ནི་རྒྱལ་སྤྱིའིSOSབྱིས་པའི་གྲོང་ཚོས་མ་དངུལ་བཏང་ནས་ཁྱིམ་ཚང་གི་རྣམ་པའི་ཐོག་ནས་དྭ་ཕྲུག་གསོ་ཉར་དང་སློབ་གསོ་གཏོང་བའི་སྤྱི་ཚོགས་ཕན་བདེའི་བྱ་གཞག་ཚན་པ་ཞིག་ཡིན།  གྲོང་ཚོ་ནང་གི་འཛུགས་སྐྲུན་དངོས་པོ་གཙོ་བོ་ནི་སྡོད་ཁང་སྟར་པ15དང་། བུ་བཅོལ་ཁང1 གཞོན་ནུའི་ལས་ཤག3 ཞབས་ཞུ་ལྟེ་གནས་ཤིག་བཅས་ལས་གྲུབ་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ5500ཟིན་ཡོད། 

11 མཛེས་ལྗོངས་གྲགས་ཅན།

ཆི་ཆི་ཧ་ཨེར་གྱི་ཡུལ་ལྗོངས་ལྟ་ན་སྡུག་པ། གནའ་ཤུལ་མང་པོ་ཡོད་པ་དང་འགྲིམ་འགྲུལ་སྟབས་བདེ་བ། འཕྲིན་གཏོང་འཐུས་སྒོ་ཚང་བ། གནའ་བོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ནས་ད་ཆ་གསར་དར་གྱི་ཡུལ་སྐོར་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད། ཆི་ཆི་ཧ་ཨེར་ལ་འཛམ་གླིང་གི་བརླན་ས་ཆེན་མོ་དང་། ཀྲུང་གོའི་ཁྲུང་ཁྲུང་གི་ཕ་ས་ཞེས་བརྗོད་ཀྱིན་ཡོད། དེ་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་སྣོད་བཅུད་ཡུལ་སྐོར་གྱི་གནས་མཆོག་ཅིག་ཡིན། སྤྱི་ལོ2017ལོའི་ལོ་མཇུག་བར་ཆི་ཆི་ཧ་ཨེར་གྲོང་ཁྱེར་དུAརིམ་པ་དང་དེ་ཡན་གྱི་མཛེས་ལྗོངས་ཁུ་42ཡོད་པ་དེ23.5%འཕར་བ་དང་། དེ་ནངA4རིམ་པ་ཡན་གྱི་མཛེས་ལྗོངས་ཁུལ10ཡོད་པ་དེ11.1%འཕར་ཡོད།  གནའ་བོའི་ཞིང་ཆེན་གྱི་གྲོང་ཁྱེར་ཞིག་ཡིན་པའི་ཆ་ནས་ཆི་ཆི་ཧ་ཨེར་དུ་ཀྲ་ལུང་རང་བྱུང་སྲུང་སྐྱོང་ཁུལ་དང་། ལུང་ཧྲ་སྤྱི་གླིང་།  རྡོ་ཆས་གསར་པའི་དུས་རབས་ཀྱི་ཨང་ཨང་ཞིའི་རིག་གནས་རྗེས་ཤུལ། ཏ་ཁྲེང་དགོན་པ། དབྱི་སི་ལམ་ཕྱག་ཁང་། ཀོན་ཏི་ལྷ་ཁང་། རྡོ་རྡོ་རིང་གི་རི་བོ། ཐ་ཙི་མཁར་སོགས་ལོ་རྒྱུས་རིག་དངོས་ཀྱི་རྗེས་ཤུལ་ཡོད།