མུའུ་ཏན་ཅང་གྲོང་ཁྱེར།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-01-13 09:01ལ་འགྲུབ།

མུའུ་ཏན་ཅང་གྲོང་ཁྱེར།

མུའུ་ཏན་ཅང་གྲོང་ཁྱེར།
མུའུ་ཏན་ཅང་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན། མུའུ་ཏན་ཅང་གྲོང་ཁྱེར་ལ་ཁ་བའི་གྲོང་ཁྱེར་ཞེས་བརྗོད་སྲོལ་ཡོད་པ་དང་། དེ་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་ལ། ཨེ་ཤེ་ཡ་བྱང་ཤར་གྱི་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་གནས་པ་དང་ཨུ་རུ་སུའི་མཐའ་མཚམས་ལམ་ཐིག་དང་རིང་ཚད་ལ་སྤྱི་ལེ211ཡོད་པ་དང་དེའི་ཁོངས་སུ་རྫོང(གྲོང་ཁྱེར)6དང་གྲོང་ཁུལ4ཡོད། ཀྲུང་གོ་དང་སོག་པོ། ཨུ་རུ་སུ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་ཀྱི་ལུང་ཅང་དར་གོས་ལམ་རྒྱུད་ཀྱི་འཐབ་ཇུས་ཀྱི་རྟེན་ས་གལ་ཆེན་ཞིག་ཡིན་པ་དང་ཀྲུང་གོས་ཨུ་རུ་སུར་མཐའ་རྒྱུད་སྒོ་དབྱེའི་ཟམ་མགོའི་མཁར་རྫོང་དང་ལྟེ་བའི་ས་ཚིགས་ཤིག་ཀྱང་ཡིན། མུའུ་ཏན་གྲོང་ཁྱེར་ནི་དབུས་དྲོད་རྒྱུན་ཀྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། དེར་ལྕགས་རི་རིང་བོའི་བྱང་རྒྱུད་ཀྱི་ཅང་ནན། ཉ་དང་འབྲས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཡོད། ས་ཁོངས་ནང་གིG10དངG11རྒྱལ་ལམ་དང་པིན་སུའེ་དང་ཐུའུ་ཅ་ལྕགས་ལམ་བཅས་ས་ཁོངས་ཧྲིལ་པོར་ཁྱབ་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི4.06ཟིན། སྤྱི་ལོ2018ལོའི་ལོ་མཇུག་བར་མི་གྲངས་བསྡོམས་འབོར་ཁྲི252.5ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
牡丹江市
ཕྱི་ཡིག་གི་མིང་།
Mudanjiang City(英语)、Муданьцзян(俄语)
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོང་གཏོགས་ས་ཁུལ།
ཧའེ་ལུང་ཅང་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར་ཐད་སྐྱོང་ཆུས1དང་། རྫོང་རིམ་པའི་གྲོང་ཁྱེར5 རྫོང1བཅས་ཡོད།
སྲིད་གཞུང་གནས་ཡུལ།
ཅང་ནན་ཁུལ་གསར།
ས་ཁོངས་ཁ་པར་ཨང་རྟགས།
0453
སྦྲག་སྲིད་ཨང་རྟགས།
157000
གནས་ཡུལ།
ཧའེ་ལུང་ཅང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི4.06ཡོད།
མི་གྲངས།
ཁྲི252.5ཡོད། (སྤྱི་ལོ2018ལོའི་ཐེམ་ཐོའི་མིའི་བསྡོམས་འབོར)
གནམ་གཤིས།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཅིང་པོ་མཚེའུ། ཁ་བའི་གྲོང་ཁྱེར། མེ་རིའི་ཁ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། དབྱང་ཙི་རུང་སྔོན་གཤེགས་དཔའ་བོའི་བང་སོ་ཁང་། པེ་ཧྲན་སྤྱི་གླིང་སོགས་ཡོད།
གནམ་གྲུ་ཐང་།
མུའུ་ཏན་ཅང་ཧའེ་ལང་རྒྱལ་སྤྱིའི་གནམ་ཐང་དང་སུའེ་ཧྥུན་ཧུ་གནམ་ཐང་།
མེ་འཁོར་འབབ་ཚུགས།
མུའུ་ཏན་ཅང་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ཧའེC
སྲིད་འཛིན་ཚབ་གྲངས།
231000
1 ངོ་སྤྲོད།

མུའུ་ཏན་ཅང་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན། མུའུ་ཏན་ཅང་གྲོང་ཁྱེར་ལ་ཁ་བའི་གྲོང་ཁྱེར་ཞེས་བརྗོད་སྲོལ་ཡོད་པ་དང་། དེ་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་ལ། ཨེ་ཤེ་ཡ་བྱང་ཤར་གྱི་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་གནས་པ་དང་ཨུ་རུ་སུའི་མཐའ་མཚམས་ལམ་ཐིག་དང་རིང་ཚད་ལ་སྤྱི་ལེ211ཡོད་པ་དང་དེའི་ཁོངས་སུ་རྫོང(གྲོང་ཁྱེར)6དང་གྲོང་ཁུལ4ཡོད།  ཀྲུང་གོ་དང་སོག་པོ། ཨུ་རུ་སུ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་ཀྱི་ལུང་ཅང་དར་གོས་ལམ་རྒྱུད་ཀྱི་འཐབ་ཇུས་ཀྱི་རྟེན་ས་གལ་ཆེན་ཞིག་ཡིན་པ་དང་ཀྲུང་གོས་ཨུ་རུ་སུར་མཐའ་རྒྱུད་སྒོ་དབྱེའི་ཟམ་མགོའི་མཁར་རྫོང་དང་ལྟེ་བའི་ས་ཚིགས་ཤིག་ཀྱང་ཡིན།  མུའུ་ཏན་གྲོང་ཁྱེར་ནི་དབུས་དྲོད་རྒྱུན་ཀྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། དེར་ལྕགས་རི་རིང་བོའི་བྱང་རྒྱུད་ཀྱི་ཅང་ནན། ཉ་དང་འབྲས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཡོད། ས་ཁོངས་ནང་གིG10དངG11རྒྱལ་ལམ་དང་པིན་སུའེ་དང་ཐུའུ་ཅ་ལྕགས་ལམ་བཅས་ས་ཁོངས་ཧྲིལ་པོར་ཁྱབ་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི4.06ཟིན། སྤྱི་ལོ2018ལོའི་ལོ་མཇུག་བར་མི་གྲངས་བསྡོམས་འབོར་ཁྲི252.5ཟིན་ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

མུའུ་ཏན་ཅང་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཏུང་ཨན་ཁུལ་གྱི་ཨོ་རོང་སྲང་ལམ་དུ་ཡོད་པ་དང་། དེ་ཁོངས་སུ་རྫོང་རིམ་པའི་སྲིད་འཛིན་ཁུལ10ཡོད་པའི་ནང་གྲོང་ཁྱེར་ཁོངས་གཏོགས་ཆུས4དང་། རྫོང་རིམ་པའི་གྲོང་ཁྱེར5 རྫོང1བཅས་ཚུད་ཡོད། དེ་དག་ནི་ཏུང་ཨན་ཆུས་དང་། དབྱང་མིན་ཆུས། ཨའེ་རྨིན་ཆུས། ཞི་ཨན་ཆུས། སུའེ་ཧྥུན་ཧོ་གྲོང་ཁྱེར། ཧའེ་ལིན་གྲོང་ཁྱེར། ཉིང་ཨན་གྲོང་ཁྱེར། མུའུ་ལིང་གྲོང་ཁྱེར། ཏུང་ཉིང་གྲོང་ཁྱེར། ལིན་ཁོའུ་རྫོང་བཅས་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

མུའུ་ཏན་ཅང་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཀྲུང་གོ ཨུ་རུ་སུ། ཁྲའོ་ཞན་བཅས་ཀྱིས་བསྐོར་བའི་ཅིན་སན་ཅའོ་ཡི་སའི་ལྟེ་བ་རུ་གནས་ཡོད། བྱང་དུ་ཧར་པིན་གྲོང་ཁྱེར་གྱི་དབྱི་ལན་རྫོང་དང་ཆི་ཐའེ་ཧོ་གྲོང་ཁྱེར་གྱི་པོ་ལི་རྫོང་དང་། ནུབ་ཏུ་ཧར་པིན་གྲོང་ཁྱེར་གྱི་ཝུའུ་ཁྲང་གྲོང་ཁྱེར་དང་། ཧྲང་ཀྲི་གྲོང་ཁྱེར། ཧྥང་ཀྲེང་རྫོང་བཅས་དང་། ལྷོ་རུ་ཅི་ལིན་ཞིང་ཆེན་གྱི་ཝང་ཆིང་རྫོང་དང་ཏུན་ཧྭ་གྲོང་ཁྱེར། ཤར་ངོས་ཅི་ཞི་གྲོང་ཁྱེར། ཅི་ཏུང་རྫོང་བཅས་དང་འབྲེལ་ནས་ཨུ་རུ་སུའི་ས་མཚམས་སུ་འབྲེལ་ཡོད། 

3_2 ས་དབྱིབས།

གྲོང་ཁུལ་གྱི་དབུས་རྒྱུད་ནི་མུའུ་ཏན་གཙང་པོའི་ལུང་གཞུང་གཤོངས་ས་ཡིན་པ་དང་། ས་ཁུལ་ཡོངས་སུ་རི་ངོས་འབུར་ལ་མུ་འབྲེལ་དུ་གནས་ཡོད། ས་དབྱིབས་ནི་རི་ཁུལ་དང་རི་མ་ཐང་གཙོ་བོར་བྱས་ཏེ་རི་འབྲིང་དང་། རི་དམའ་བ། རི་མ་ཐང་། གྲོག་རོང་གཞོང་ས་བཅས་ས་གཤིས་ཀྱི་རྣམ་པ་བཞི་མངོན་ཡོད། 

3_3 གནམ་གཤིས།

མུའུ་ཏན་ཅང་གྲོང་ཁྱེར་གྱི་ཤར་ལྷོའི་མཚམས་སུ་འཇར་པན་གྱི་རྒྱ་མཚོ་དང་བར་ཐག1000kmཡོད། རྒྱ་མཚོའི་སྐམ་སའི་ཚ་ཤུགས་ཆེན་པོའི་བར་ཁྱད་ཀྱིས་ཤུགས་རྐྱེན་ཐེབས་པས་རྒྱ་མཚོ(བརླན་གཤེར་ཕྱེད་ཙམ་ཆེ་བའི་རྣམ་པ)ནང་གི་དྲོད་ཁུལ་གྱི་དུས་རླུང་ནམ་ཟླའི་ཁྱད་ཆོས་གྲུབ། 

4 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་མུའུ་ཏན་ཅང་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར་ཁྲི252.5ཡོད་པ་དང་། དེའི་ནང་གྲོང་ཁུལ་གྱི་མི་ཁྲི86.7ཡོད།

5 དཔལ་འབྱོར།

མུའུ་ཏན་ཅང་གྲོང་ཁྱེར་དུ་དཔལ་འབྱོར་གྱི་ཐོན་ལས་གཙོ་བོ་ནི་ཐོན་ལས་དང་པོ་དང་། ཐོན་ལས་གཉིས་པ། ཐོན་ལས་གསུམ་པ་བཅས་ལ་བརྟེན་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།

6 འགྲིམ་འགྲུལ།
6_1 མཁའ་སྐྱོད།

མུའུ་ཏན་ཅང་ཧའེ་ལང་གནམ་ཐང་ནི་དམག་དམངས་མཉམ་སྤྱོད་ཀྱི་གནམ་ཐང་ཞིག་ཡིན་པ་དང་། ཧའེ་ལུང་ཅང་ཤར་ལྷོའི་རྒྱུད་དང་ཨེ་ཤེ་ཡ་བྱང་ཤར་ས་ཁུལ་གྱི་མཁའ་ཐོག་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཀྱང་ཡིན། མུའུ་ཏན་ཅང་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་སུ་གནས་ཡོད།

6_2 ལྕགས་ལམ།

མུའུ་ཏན་གྲོང་ཁྱེར་དུ་པིན་སུའེ་ལྕགས་ལམ། ཧ་མུའུ་ཆེད་སྤྱོད་བགྲོད་ལམ། མུའུ་ཅ་ཆེད་སྤྱོད་བགྲོད་ལམ། མུའུ་ཏན་འབབ་ཚུགས་བཅས་ཡོད།