ཅ་མུའུ་སི་གྲོང་ཁྱེར།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-01-13 09:02ལ་འགྲུབ།

ཅ་མུའུ་སི་གྲོང་ཁྱེར།

ཅ་མུའུ་སི་གྲོང་ཁྱེར།
ཅ་མུའུ་སི་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་དང་། ཧེ་ལུང་ཅང་ཞིང་ཆེན་ས་ཁོངས་ཀྱི་ལྟེ་གནས་རིམ་པའི་གྲོང་ཁྱེར། ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་ཤིང་། མེས་རྒྱལ་གྱི་བྱང་ཤར་མཐའ་མཚམས་སུ་གནས་པའི་སུང་ཧྭ་ཅང་གཙང་པོ་དང་། ཧའེ་ལུང་ཅང་། ཝུའུ་སུའུ་ལི་ཅང་གཙང་པོ་བཅས་འདྲེས་ནས་གྲུབ་པའི་སན་ཅང་བདེ་ཐང་གི་དབུས་ཁུལ་ནི་ཀྲུང་གོའི་སྐམ་སའི་ཤར་སྣེའི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་ཡིན་པ་དང་། ལྷོ་ནས་བྱང་བར་གཡུ་འབྲུག་འཁྱུག་པ་ལྟར་སུང་ཧྭ་གཙང་པོའི་འགྲམ་བར་དུ་ས་བབ་ལྷོ་ནས་བྱང་དུ་དམའ་ཞིང་། དྲོད་འབྲིང་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ཆར་བ་དང་ཚ་བ་ཆེ་བའི་དུས་མཚུངས། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་ཁྲི་བཞི་མ3.246ཟིན་པ་དང་དེའི་ཁོངས་གཏོགས་སུ་ཆུས4དང་གྲོང་ཁྱེར3 རྫོང3བཅས་ཡོད། སྤྱི་ལོ2017ལོར་སྤྱིའི་མི་འབོར་ཁྲི་234.5ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
佳木斯市
ཕྱི་ཡིག་གི་མིང་།
Jiamusi
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོང་གཏོགས་ས་ཁུལ།
ཧེ་ལུང་ཅང་ཞིང་ཆེན།
མངའ་ཁོངས།
ཆུས4དང་གྲོང་ཁྱེར3 རྫོང3བཅས་ཡོད།
སྲིད་གཞུང་གནས་ཡུལ།
གྲོང་ཁྱེར་ཉེ་འཁོར།
ས་ཁོངས་ཁ་པར་ཨང་རྟགས།
0454
སྦྲག་སྲིད་ཨང་རྟགས།
154000
གནས་ཡུལ།
ཀྲུང་གོའི་བྱང་ཤར་དང་ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི3.246ཡོད།
མི་གྲངས།
ཁྲི234.5ཡོད། (སྤྱི་ལོ2017ལོར)
གནམ་གཤིས།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
གཙང་གསུམ་རང་བྱུང་སྲུང་སྐྱོབ་ཁུལ་དང་། ཧྲུའེ་ཡོན་རི་བོའི་སྤྱི་གླིང་། སི་ཧྥེང་རི་བོའི་མཛེས་ལྗོངས་ཁུལ་སོགས་ཡོད།
གནམ་གྲུ་ཐང་།
ཅ་མུའུ་སི་ཤར་འདབས་ཀྱི་གནམ་ཐང་དང་། ཧྥུ་ཡོན་ཤར་སྣེའི་གནམ་ཐང་། ཅན་སན་ཅང་བརླན་སའི་གནམ་ཐང་བཅས་ཡོད།
མེ་འཁོར་འབབ་ཚུགས།
ཅ་མུའུ་སི་ས་ཚིགས་དང་། ཅ་མུའུ་སི་ནུབ་ཚིགས། ཤར་ཅ་མུའུ་སི་ས་ཚིགས་སོགས་ཡོད།
རླངས་འཁོར་ཚབ་ཨང་།
ཧའེD
སྲིད་འཛིན་ཚབ་གྲངས།
230800
1 ངོ་སྤྲོད།

ཅ་མུའུ་སི་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་དང་། ཧེ་ལུང་ཅང་ཞིང་ཆེན་ས་ཁོངས་ཀྱི་ལྟེ་གནས་རིམ་པའི་གྲོང་ཁྱེར། ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་ཤིང་། མེས་རྒྱལ་གྱི་བྱང་ཤར་མཐའ་མཚམས་སུ་གནས་པའི་སུང་ཧྭ་ཅང་གཙང་པོ་དང་། ཧའེ་ལུང་ཅང་། ཝུའུ་སུའུ་ལི་ཅང་གཙང་པོ་བཅས་འདྲེས་ནས་གྲུབ་པའི་སན་ཅང་བདེ་ཐང་གི་དབུས་ཁུལ་ནི་ཀྲུང་གོའི་སྐམ་སའི་ཤར་སྣེའི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་ཡིན་པ་དང་། ལྷོ་ནས་བྱང་བར་གཡུ་འབྲུག་འཁྱུག་པ་ལྟར་སུང་ཧྭ་གཙང་པོའི་འགྲམ་བར་དུ་ས་བབ་ལྷོ་ནས་བྱང་དུ་དམའ་ཞིང་། དྲོད་འབྲིང་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ཆར་བ་དང་ཚ་བ་ཆེ་བའི་དུས་མཚུངས། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་ཁྲི་བཞི་མ3.246ཟིན་པ་དང་དེའི་ཁོངས་གཏོགས་སུ་ཆུས4དང་གྲོང་ཁྱེར3 རྫོང3བཅས་ཡོད། སྤྱི་ལོ2017ལོར་སྤྱིའི་མི་འབོར་ཁྲི་234.5ཟིན་ཡོད། 

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ5པར་ཧོ་ཅང་ཞིང་ཆེན་ཕྱིར་འཐེན་བྱས་ནས་སུང་ཅང་ཞིང་ཆེན་གྱི་ཁོངས་སུ་བསྒྱུར་པ་དང་། སུང་ཅང་ཞིང་ཆེན་གྱི་ཐད་གཏོགས་ཁོངས་སུ་གཏོགས། 

སྤྱི་ལོ1952ལོར་གྲོང་ཁྱེར་ཡོངས་སུ་ཆུས4བཙུགས།  

སྤྱི་ལོ1954ལོའི་ཟླ8པར། སུང་ཙི་ཝུན་དང་ཧེ་ལུང་ཅང་ཞིང་ཆེན་གཉིས་ཟླ་སྒྲིལ་བཏང་རྗེས། ཧེ་ལུང་ཅང་ཞིང་ཆེན་ནས་ཐད་སྐྱོང་བྱས།  

སྤྱི་ལོ1958ལོའི་ཟླ1པོར། གྲོང་ཁྱེར་ཁོངས་གཏོགས་ཀྱི་ས་ཁུལ་སླར་གསོ་བྱས་པ་དང་། ཁྲང་ཨན་དང་སན་ཧོ། ཧུ་ཕིང་བཅས་གྲོང་ཁྱེར་ཆུས3དང་གྲོང་ཁྱེར་ཉེ་འཁོར་གྱི་ས་ཁུལ1བཅས་སོ་སོར་བཙུགས། ལོ་དེའི་ཟླ8པར་ཅ་མུའུ་སི་གྲོང་ཁྱེར་ཧོ་ཅང་ཆུས་གྱི་ཚབ་ཏུ་དོ་དམ་བྱས།  

སྤྱི་ལོ1966ལོའི་ཟླ2པར། ཅ་མུའུ་སི་གྲོང་ཁྱེར་ཞིང་ཆེན་གྱི་ཐད་སྐྱོང་ཁུལ་དུ་བསྒྱུར།  

སྤྱི་ལོ1968ལོའི་ཟླ4པར་ཧོ་ཅང་ས་ཁུལ་གྱི་མངའ་འོག་ཏུ་བསྒྱུར། ལོ་དེར་ཁྲང་ཨན་དང་སན་ཧོ། ཧུ་ཕིང་། ཅ་ཏུང་བཅས་ཆུས་བཞི་ལ་ཞང་དབྱང་དང་ཡུང་ཧུང་། ཆན་ཅིན། ཏུང་ཧྥེང་ཆུས་ཞེས་མིང་བསྒྱུར།  

སྤྱི་ལོ1972ལོར་གྲོང་ཁྱེར་ཉེ་འཁོར་གྱི་ས་ཁུལ་བསྐྱུར་དུ་བཙུགས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཁོངས་སུ་ཆུས5ཡོད།  

སྤྱི་ལོ1983ལོའི་ཟླ11པའི་ཚེས1ཉིན། ཅ་མུའུ་སི་གྲོང་ཁྱེར་ཞིང་ཆེན་གྱི་ཐད་སྐྱོང་ཁུལ་དུ་བསྒྱུར། 

སྤྱི་ལོ1984ལོའི་ཟླ12པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་ལྟར་ཧོ་ཅང་ས་ཁུལ་ཕྱིར་འཐེན་བྱས་ཏེ། ས་ཁུལ་དང་གྲོང་ཁྱེར་ཟླ་སྒྲིལ་བཏང་སྟེ། དེའི་ཁོངས་གཏོགས་ས་ཁུལ་གྱི་དབྱི་ལན་དང་ཐང་ཡོན། ཧྭ་ནན། ཧྭ་ཁྲོན། ལུའོ་པེ། སུའེ་པིན། ཧྥུ་ཅིན། ཅི་ཞན། པའོ་ཆིན། རའོ་ཧོ། ཐུང་ཅང་། ཧྥུ་ཡོན། ཡོའུ་ཡེ་བཅས་རྫོང13དེ་སྤྱི་ལོ1985ལོའི་ཟླ1པོའི་ཚེས་1ཉིན་ཅ་མུའུ་སི་གྲོང་ཁྱེར་དུ་དངོས་སུ་བསྒྱུར། 

སྤྱི་ལོ1987ལོའི་ཟླ2པར་ཐུང་ཅང་རྫོང་གྲོང་ཁྱེར་དུ་བསྒྱུར་བ་དང་། ཅ་མུའུ་སི་གྲོང་ཁྱེར་གྱིས་དོ་དམ་བྱས། ལོ་དེའི་ཟླ11པར་ཅ་མུའུ་སི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་ལུའོ་པེ་དང་སུའེ་པིན་རྫོང་གཉིས་ཧོ་ཀང་གྲོང་ཁྱེར་གྱི་ཁོངས་སུ་བསྒྱུར། ཅི་ཞན་རྫོང་ཧྲོང་ཡ་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་བསྒྱུར། 

སྤྱི་ལོ1988ལོའི་ཟླ8པར། ཧྥུ་ཅིན་རྫོང་གྲོང་ཁྱེར་དུ་བསྒྱུར་བ་དང་། ཅ་མུའུ་སི་གྲོང་ཁྱེར་གྱིས་དོ་དམ་བྱས། 

སྤྱི་ལོ1991ལོའི་ཟླ4པའི་ཚེས1ཉིན་ཅ་མུའུ་སི་གྲོང་ཁྱེར་ཁོངས་གཏོགས་ཀྱི་དབྱི་ལན་རྫོང་ཧར་པིན་གྲོང་ཁྱེར་གྱི་ཁོངས་སུ་བསྒྱུར་པ་དང་། པའོ་ཆིན་དང་ཡོའུ་ཡེ་རྫོང་གཉིས་ཧྲོང་ཡ་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་བགོས། དེ་ནས་བཟུང་ཅ་མུའུ་སི་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཆུས5དང་། རྫོང5 རྫོང་རིམ་པའི་གྲོང་ཁྱེར2བཅས་ཡོད།    

སྤྱི་ལོ1993ལོའི་ཟླ7པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཅ་མུའུ་སི་གྲོང་ཁྱེར་གྱི་རའོ་ཧོ་རྫོང་དེ་ཧྲོང་ཡ་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པར་ཆོག་མཆན་བཀོད།  

སྤྱི་ལོ2006ལོའི་ཟླ7པའི་ཚེས27ཉིན་ཅ་མུའུ་སི་གྲོང་ཁྱེར་ཡུང་ཧུང་ཆུས་མེད་པ་བཟོས་ནས་དེའི་ཁོངས་གཏོགས་ཀྱི་སྲིད་འཛིན་ས་ཁོངས་དེ་ཅ་མུའུ་སི་གྲོང་ཁྱེར་ཀྱི་ཉེ་འདབས་དོ་དམ་བྱེད་ཁོངས་སུ་བགོས།  

སྤྱི་ལོ2011ལོར་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཧྥུའུ་ཡོན་རྫོང་ཧེ་ལུང་ཅང་ཞིང་ཆེན་གྱིས་ཐད་ཀར་དོ་དམ་བྱས།    

སྤྱི་ལོ2017ལོར་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཕུའུ་ཡོན་གྲོང་ཁྱེར་སླར་ཡང་ཅ་མུའུ་སི་གྲོང་ཁྱེར་གྱི་དོ་དམ་བྱེད་ཁོངས་སུ་ཚུད།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཅ་མུའུ་སི་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་གྲོང་ཁྱེར་ཉེ་འཁོར་གྱི་ཁྲང་ཨན་ནུབ་ལམ་གྱི་ཨང816པ་རུ་ཡོད། སྤྱི་ལོ2018ལོ་བར་ཅ་མུའུ་སི་གྲོང་ཁྱེར་དུ་ཁྱོན་རྫོང་རིམ་པའི་སྲིད་འཛིན་ཁུལ10ཡོད་པའི་ནང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས4དང་། རྫོང་རིམ་པའི་གྲོང་ཁྱེར3 རྫོང3བཅས་ཚུད་ཡོད་པ་དེ་དག་ནི་ཤང་དབྱང་ཆུས་དང་། ཆན་ཅིན་ཆུས། ཏུང་ཧྥུང་ཆུས། ཧྥུའུ་ཅིན་གྲོང་ཁྱེར། ཐུང་ཅང་གྲོང་ཁྱེར། ཕུའུ་ཡོན་གྲོང་ཁྱེར། ཧྭ་ནན་རྫོང་། ཧྭ་ཁྲོན་རྫོང་། ཐང་ཡོན་རྫོང་བཅས་ཡིན།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཅ་མུའུ་སི་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་དང་། མེས་རྒྱལ་གྱི་བྱང་ཤར་མཐའ་མཚམས་སུ་གནས་པའི་སུང་ཧྭ་ཅང་གཙང་པོ་དང་། ཧའེ་ལུང་ཅང་། ཝུའུ་སུའུ་ལི་ཅང་གཙང་པོ་བཅས་འདུས་ནས་གྲུབ་པའི་སན་ཅང་བདེ་ཐང་གི་དབུས་ཁུལ་དུ་གནས་པ་དང་། རྒྱལ་མཚམས་ཀྱི་སྤྱིའི་རིང་ཚད་ལ་སྟོང་སྨི382ཡོད། བྱང་ནས་ཧའེ་ལུང་ཅང་དང་ཤར་ནས་ཝུའུ་སུའུ་ལི་ཅང་བཅས་སོ་སོར་ཨུ་རུ་སུའི་ཧ་པ་ལུའོ་ཕུའུ་སི་ཁེ་གྲོང་ཁྱེར་དང་ཡིའུ་ཐའེ་རང་སྐྱོང་ཁུལ་དང་ཁ་སྤྲོད་དུ་གནས་པ་དང་། ལྷོ་ཡི་བྱང་གི་འཕྲེད་ཐིག45℃ནས56℃བར་དང་། ནུབ་ཀྱི་གཞུང་ཐིག129℃ནས་135℃བར་ཡིན། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ3.246དང་། གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ1875ཡོད། 

4_2 ས་དབྱིབས།

ཅ་མུའུ་སི་གྲོང་ཁྱེར་ནི་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་ཡོད་ཅིང་། གཡུ་འབྲུག་འཁྱུག་པ་ལྟར་དུ་གནས་ཡོད། ལྷོ་རྒྱུད་ནི་རི་དམའ་བའི་རི་མ་ཐང་ཡིན། རི་སྒང་ནི་གཙོ་བོ་ཀའོ་ཧྥེང་ཤང་དང་། ཆུན་ཧྲེང་ཤང་། ཏ་ལའེ་གྲོང་རྡལ། ཨའོ་ཆི་གྲོང་རྡལ། དེ་བཞིན་སི་ཧྥུང་ཤང་གི་ལྷོ་རྒྱུད་བཅས་སུ་ཁྱབ་ཡོད། ལ་ལའི་རི་རྩེ་གཟར་པོ་ཡོད་པ་དང་རི་ལྡེབས་ཅུང་གཟར་པོ་ཡོད།

4_3 གནམ་གཤིས།

ཅ་མུའུ་སི་གྲོང་ཁྱེར་ནི་དབུས་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ཆར་ཆུ་དང་ཚ་བ་དུས་མཚུངས་ཡིན། དབྱར་ཁར་ཤར་ལྷོའི་དུས་རླུང་གི་ཤུགས་རྐྱེན་ཐེབས་པ་དང་། དགུན་ཁར་གླིང་སྣེའི་རླུང་ཚོམ་གྱི་ཤུགས་རྐྱེན་ཐེབས་ནས་དགུན་དུས་རིང་ཞིང་གནམ་གཤིས་གྲང་བ། དབྱར་དུས་ཚ་བ་ཆེ་ལ་ཆར་ཆུ་མང་བ། དཔྱིད་དུས་རླུང་ཆེ་བ་དང་ཆར་ཆུ་ཉུང་བ། སྟོན་དུས་གནམ་གཤིས་བསིལ་བ། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ3ཡིན།  དགུན་དུས་རིང་བ་དང་དབྱར་ཁ་ཐུང་བ། སད་མེད་པའི་དུས་ཡུན་ཉིན146ཡས་མས་ཡིན་པ། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི530.7ཟིན། ཉི་འོད་ཕོག་པའི་དུས་ཚོད་ཆུ་ཚོད2319.3ཟིན་པ་ལས་ཕན་ནུས་ལྡན་པའི་དྲོད་ཚད2866.6℃ཟིན་ཡོད། སྟོན་དགུན་དུས་སུ་་སླེབས་རྗེས། ཚ་ཁུལ་གྱི་རླུང་ཚོམ་ལྷོ་ཕྱོགས་སུ་སྤོ་འགུལ་བྱེད་པ་དང་། གླིང་སྣེའི་ས་ཁུལ་གྱི་སྐམ་སའི་རླུང་ཚོམ་ནང་དུ་འཛུལ་བས། གྲོང་ཁུལ་གྱི་རླུང་གནོན་ཡང་དེ་དང་བསྟུན་ནས་ཇེ་མཐོར་སོང་བ་དང་། དཔྱིད་དབྱར་དུས་སུ་སླེབས་སྐབས་གླིང་སྣེའི་ས་ཁུལ་གྱི་སྐམ་སའི་རླུང་ཚོམ་ཆུང་དུ་འགྲོ་བ་དང་། ཚ་ཁུལ་གྱི་རླུང་ཚོམ་བྱང་དུ་སྤོ་བ། གྲོང་ཁུལ་གྱི་རླུང་གནོན་དམའ་རུ་འགྲོ་བ་བཅས་བྱེད་ཀྱི་ཡོད། རླུང་གནོན་ར་བའི་འགྱུར་ལྡོག་གིས་རླུང་ཚོམ་དང་རླུང་ཕྱོགས་ཀྱི་དུས་ཚིགས་ཀྱི་འགྱུར་ལྡོག་འབྱུང་བ་ཡིན། 

5 མི་གྲངས་དང་མི་རིགས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཅ་མུའུ་སི་གྲོང་ཁྱེར་གྱི་མིའི་བསྡོམས་འབོར་ཁྲི234.5ཟིན་ཡོད། དེའི་ནང་གྲངས་ཉུང་མི་རིགས41དང་ཡོད་པ་ལས། སོག་རིགས་དང་། ཧུའེ་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། ཧོ་ཀྲེ་རིགས་བཅས་ཅུང་མང་བ་དང་། ལྷག་མའི་གྲངས་ཉུང་མི་རིགས36ཚང་མའི་མི་གྲངས་སྟོང་ཕྲག་མན་ཡིན། 

6 དཔལ་འབྱོར།

སྤྱི་ལོ2018ལོར་ཅ་མུའུ་སི་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1012ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2017ལོ་ལས4.3%འཕར་བའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར357.1ཟིན་པ་དེ་སྤྱི་ལོ2017ལོ་ལས6.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར202ཟིན་པ་དེ་སྤྱི་ལོ2017ལོ་ལས2.5%འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར452.9ཟིན་པ་དེ་སྤྱི་ལོ2017ལོ་ལས3.4%འཕར་ཡོད།ཐོན་ལས་གསུམ་གྱི་བསྡུར་ཚད་ནི35.3:20:44.7ཡིན། 

7 འགྲིམ་འགྲུལ།

ཅ་མུའུ་སི་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྟབས་བདེ་བས་ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། མཁའ་ཐོག་སྐྱེལ་འདྲེན་བཅས་དར་རྒྱས་ཆེ་ཙམ་ཡོད་པས་ཧའེ་ལུང་ཅང་ཞིང་ཆེན་གྱི་ཤར་རྒྱུད་ས་ཁུལ་གྱི་འགྲིམ་འགྲུལ་ལྟེ་གནས་ཤིག་ཡིན། ལྕགས་ལམ་བཞིས་མངའ་ཁོངས་ཡོངས་སུ་ཁྱབ་པ་དང་། རྒྱལ་ཡོངས་ཀྱིས་ས་གནས་སོ་སོར་བསྐྱོད་ཐུབ། 221(ཐུང་སན་)དང201(ཧོ་ཏ་)རྒྱལ་ལམ་གཉིས་མངའ་ཁོངས་ནང་འཕྲེད་བརྒལ་བྱེད་ཐུབ་པ། གྲོང་ཁྱེར་ནང་དུ་ནང་སྐོར་དང་། དཀྱིལ་སྐོར། ཕྱི་སྐོར་ལམ་བཅས་དང་དེ་བཞིན་ཁྲང་ཨན་དང་། ཀྲུང་ཧྲན། ཁམ་སྡོང་སོགས་ཁྲོམ་ལམ་བཅས་གཙོ་བོ45བཙུགས་ཡོད། གྲོང་ཁུལ་གྱི་ཁྲང་ཨན་དང་། ཀྲུང་ཧྲན། ཨན་ཆིང་། ཤིས་ལིན། ཀོང་ཕུའུ་ལམ་བཅས་སྣོལ་ཟམ5དང་སུང་ཧྭ་ཅང་གཙང་པོའི་གཞུང་ལམ་ཟམ་ཆེན་དང་། ཁྲང་ཨན་ལམ། ཀྲུང་ཧྲན་ལམ་གྱི་ས་འོག་ཁྲོམ་གཞུང་བཅས་ཀྱི་བགྲོད་ལམ་དུ་ལངས་གཟུགས་སྣོལ་སྡེབ་ཀྱི་འགྲིམ་འགྲུལ་དྲ་བ་ཞིག་ཆགས་ཡོད།

8 མཛེས་ལྗོངས་གྲགས་ཅན།

སྤྱི་ལོ2017ལོའི་ཟླ8པའི་བར་ཅ་མུའུ་སི་གྲོང་ཁྱེར་དུAརིམ་པའི་མཛེས་ལྗོངས་ཁུལ14ཡོད་པའི་ནང4Aརིམ་པའི་མཛེས་ལྗོངས་ཁུལ4དང་། 3Aརིམ་པའི་མཛེས་ལྗོངས་ཁུལ42Aརིམ་པའི་མཛེས་ལྗོངས་ཁུལ6བཅས་ཡོད། A4རིམ་པའི་མཛེས་ལྗོངས་ཁུལ་ནི་ཏ་ལེང་ཙི་གཙང་པོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་། ཧྥུའུ་ཅིན་རྒྱལ་ཁབ་འདམ་རའི་སྤྱི་གླིང་། གྲོང་འདབས་ཀྱི་ཨའོ་ཆི་དབན་ཧོ་ཀྲེ་རིགས་ཡུལ་སྐོར་ཁུལ། ཐུང་ཅང་གཙང་པོའི་སན་ཅང་ཁོའུ་ཡུལ་སྐོར་ཁུལ་བཅས་ཡིན།