ཅི་ཞི་གྲོང་ཁྱེར།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-01-13 10:28ལ་འགྲུབ།

ཅི་ཞི་གྲོང་ཁྱེར།

ཅི་ཞི་གྲོང་ཁྱེར།
ཅི་ཞི་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱིས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཧའེ་ལུང་ཅང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་ཡོད། ཤར་དང་ཤར་ལྷོའི་རྒྱུད་དུ་ཝུའུ་སུའུ་ལི་ཅང་གཙང་པོ་དང་སུང་ཨ་ཚ་གཙང་པོ་གཉིས་ས་མཚམས་བྱས་ནས་ཨུ་རུ་སུ་དང་ཁ་གཏད་དུ་གནས་ཡོད། མཐའ་མཚམས་ལམ་ཐིག་གི་རིང་ཚད་ལ་སྤྱི་ལེ641ཡོད་པ་དང་། ནུབ་དང་ལྷོ་ནི་མུའུ་ཏན་ཅང་གྲོང་ཁྱེར་དང་སྦྲེལ་ཡོད། བྱང་ནི་ཆི་ཐའེ་ཧོ་གྲོང་ཁྱེར་དང་སྦྲེལ་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི2.25ཡོད་པ་དེའི་ཁོངས་སུ་སྨི་ཧྲན་གྲོང་ཁྱེར་དང་། ཧུའུ་ལིན་གྲོང་ཁྱེར། ཅི་ཏུང་རྫོང་དང་ཆུས6བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鸡西市
ཕྱི་ཡིག་གི་མིང་།
Jixi City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོང་གཏོགས་ས་ཁུལ།
ཧའེ་ལུང་ཅང་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར་ཁོངས་གཏོགས་ཆུས6དང་། རྫོང་རིམ་པའི་གྲོང་ཁྱེར4 རྫོང1བཅས་ཡོད།
སྲིད་གཞུང་གནས་ཡུལ།
ཅི་ཀོན་ཆུས་ཧུང་ཆི་ལས་ཨང18པ།
ས་ཁོངས་ཁ་པར་ཨང་རྟགས།
0467
སྦྲག་སྲིད་ཨང་རྟགས།
158100
གནས་ཡུལ།
ཧའེ་ལུང་ཅང་ཞིང་ཆེན་གྱི་ཤར་ཕྱོགས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི2.25ཡོད།
མི་གྲངས།
ཁྲི172.7ཡོད། (སྤྱི་ལོ2018ལོའི་སྤྱིའི་མི་འབོར)
གནམ་གཤིས།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཞིན་ཁེ་མཚེའུ་དང་། ཀྲེན་པའོ་གླིང་ཕྲན། ཧྲན་ཏིང་རི་བོ། ཡུའེ་ཡ་མཚེའུ། ཝུའུ་སུའུ་ལི་ཧཅང་གཙང་པོ། ཧུའུ་ཐོའུ་ཡའོ་སེ་དང་ཆི་ལིན་རི་བོ་སོགས་ཡོད།
གནམ་གྲུ་ཐང་།
ཅི་ཞི་ཁའེ་ཧུའུ་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཅི་ཞི་འབབ་ཚུགས། ཅི་ཞི་འབབ་ཚུགས། ཏི་ཏའོ་ས་ཚིགས། ཧེང་ཧྲན་ས་ཚིགས། ལི་ཧྲུའུ་ས་ཚིགས་སོགས་ཡོད།
རླངས་འཁོར་ཚབ་ཨང་།
ཧའེG
སྲིད་འཛིན་ཚབ་གྲངས།
230300
1 ངོ་སྤྲོད།

ཅི་ཞི་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱིས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཧའེ་ལུང་ཅང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་ཡོད། ཤར་དང་ཤར་ལྷོའི་རྒྱུད་དུ་ཝུའུ་སུའུ་ལི་ཅང་གཙང་པོ་དང་སུང་ཨ་ཚ་གཙང་པོ་གཉིས་ས་མཚམས་བྱས་ནས་ཨུ་རུ་སུ་དང་ཁ་གཏད་དུ་གནས་ཡོད། མཐའ་མཚམས་ལམ་ཐིག་གི་རིང་ཚད་ལ་སྤྱི་ལེ641ཡོད་པ་དང་། ནུབ་དང་ལྷོ་ནི་མུའུ་ཏན་ཅང་གྲོང་ཁྱེར་དང་སྦྲེལ་ཡོད། བྱང་ནི་ཆི་ཐའེ་ཧོ་གྲོང་ཁྱེར་དང་སྦྲེལ་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི2.25ཡོད་པ་དེའི་ཁོངས་སུ་སྨི་ཧྲན་གྲོང་ཁྱེར་དང་། ཧུའུ་ལིན་གྲོང་ཁྱེར། ཅི་ཏུང་རྫོང་དང་ཆུས6བཅས་ཡོད། 

2 ལོར་རྒྱུས་འཕེལ་རིམ།

སྤྱི་ལོ1964ལོའི་ཟླ6པར་ཅི་ཞི་གྲོང་ཁྱེར་དང་། སྨི་ཧྲན་རྫོང་། པོ་ལི་རྫོང་བཅས་ནས་ས་ཁུལ་ཁག་ཅིག་ལོགས་སུ་ཕྱེ་ནས་ཅི་ཏུང་རྫོང་བཙུགས། ཅི་ཞི་གྲོང་ཁྱེར་གྱིས་དངུལ་ཧྥེང་དང་ཧ་ཏ་ཀུང་ཧྲེ་དེ་ཅི་ཏུང་རྫོང་དུ་བགོས་ཡོད། སྤྱི་ལོ1968ལོའི་ཟླ12པའི་ཚེས19ཉིན། ཧའེ་ལུང་ཅང་ཞིང་ཆེན་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་ཅི་ཞི་གྲོང་ཁྱེར་ནི་ཞིང་ཆེན་ཐད་གཏོགས་གྲོང་ཁྱེར་ཡིན་པའི་ཐག་བཅད། སྤྱི་ལོ1983ལོར་གྲོང་ཁྱེར་དོ་དམ་རྫོང་གི་འགོ་ཁྲིད་སྒྲིག་སྲོལ་ལག་བསྟར་བྱས། སྤྱི་ལོ1992ལོའི་ཟླ10པའི་ཚེས5ཉིན། སྨི་ཧྲན་གྲོང་ཁྱེར་དེ་ཅི་ཞི་གྲོང་ཁྱེར་གྱི་མངའ་འོག་ཏུ་བསྒྱུར། སྤྱི་ལོ1993ལོའི་ཟླ6པའི་ཚེས14ཉིན། ཧུའུ་ལིན་གྲོང་ཁྱེར་ཅི་ཞི་གྲོང་ཁྱེར་གྱི་མངའ་འོག་ཏུ་བསྒྱུར། དེ་ནས་བཟུང་ད་བར་དུ་ཅི་ཞི་གྲོང་ཁྱེར་གྱི་ཁོངས་སུ་ཆུས6དང་། རྫོང(གྲོང་ཁྱེར)3 ཡུལ་ཚོ(གྲོང་རྡལ)49བཅས་ཡོད། 

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཅི་ཞི་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཅི་ཀོན་ཧུང་ཆི་ལམ་གྱི་ཨང18པ་རུ་ཡོད་པ་དང་། གྲོང་ཁྱེར་གྱི་ཁོངས་གཏོགས་སུ་རྫོང་རིམ་པའི་སྲིད་འཛིན་ཁུལ9ཡོད་པ་དང་དེའི་ནང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས6དང་། རྫོང་རིམ་པའི་གྲོང་ཁྱེར2 རྫོང1བཅས་ཚུད་ཡོད་པ་དེ་དག་ནི་ཅི་ཀོན་ཆུས་དང་། ཁྲེང་ཙི་ཧོ་ཆུས། ཧེང་ཧྲན་ཆུས། ཏི་ཏའོ་ཆུས། ལི་ཧྲུའུ་ཆུས། སྨི་ཧྲན་ཆུས། ཧུའུ་ལིན་གྲོང་ཁྱེར། མེ་ཧྲན་གྲོང་ཁྱེར། ཅི་ཏུང་རྫོང་བཅས་ཡིན།

4 གནས་ཡུལ།

ཅི་ཞི་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་གྲོང་ཁུལ་དེ་ཅི་ཀོན་ཧྲན་ཞིའི་འདབས་སུ་ཆགས་ནས་མིང་དེ་ལྟར་ཐོགས་པ་ཡིན། ཤར་དང་ཤར་ལྷོའི་རྒྱུད་དུ་ཝུའུ་སུའུ་ལི་ཅང་གཙང་པོ་དང་སུང་ཨ་ཚ་གཙང་པོ་གཉིས་ས་མཚམས་བྱས་ནས་ཨུ་རུ་སུ་དང་ཁ་གཏད་དུ་གནས་ཡོད། ནུབ་དང་ལྷོ་ནི་མུའུ་ཏན་ཅང་གྲོང་ཁྱེར་དང་ས་མཚམས་འབྲེལ་ནས་བྱང་ནི་ཆི་ཐའེ་ཧུ་གྲོང་ཁྱེར་དང་འབྲེལ་ཡོད། གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.25ཟིན་ཡོད། 

5 གནམ་གཤིས།

ཅི་ཞི་གྲོང་ཁྱེར་ནི་འཕྲེད་ཐིག་དཀྱིལ་མའི་ཨེ་ཤེ་ཡའི་སྐམ་སའི་ཤར་ངོས་དང་། ཧའེ་ལུང་ཅང་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་སུ་གནས་པ། དྲོད་ཁུལ་དབུས་མའི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། 

6 མི་གྲངས།

སྤྱི་ལོ2010ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་གཙང་བཤེར་ཐེངས་དྲུག་པའི་ནང་གྲོང་ཁྱེར་དེ་ཡོངས་ཀྱི་རྒྱུན་སྡོད་མི་འབོར1862161ཟིན་ཡོད། དེའི་ནང་སྐྱེས་པ951181ཡོད་པ་དེས51.08%བཟུང་བ་དང་། བུད་མེད910980ཡོད་པ་དེས48.92%བཟུང་ཡོད། ཕོ་མོའི་བསྡུར་ཚད(བུད་མེད100)104.41ཡིན། ལོ0ནས14བར་གྱི་མི་གྲངས202026ཡིན་པ་དེས10.85%ཟིན་ཡོད། ལོ15ནས64བར་གྱི་མི་འབོར1471796ཡོད་པ་དེས79.04%བཟུང་བ་དང་། ལོ65དང་དེ་ཡན་གྱི་མི་འབོར188339ཡོད་པ་དེས10.11%བཟུང་ཡོད། 

7 དཔལ་འབྱོར།

སྤྱི་ལོ2016ལོར་གྲོང་ཁྱེར་དེ་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར518.4མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས6.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར184.8ཟིན་ནས6.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར125.8ཟིན་ནས6.3%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར207.8ཟིན་ནས6.2%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་ནི35.6:24.3:40.1ཡིན། 

8 འགྲིམ་འགྲུལ།
8_1 གཞུང་ལམ།

ཅི་ཞི་ནི་ཧུ་ཏ་མྱུར་བགྲོད་གཞུང་ལམ(ཧུ་ཀང་ནས་ཏ་ལེན་བར)དང་། ཅན་ཅི་མྱུར་ལམ(ཅན་སུམ་ཅང་ནས་ཅི་ཞི་བར)། ཧྥང་ཀྲེང་གཞུང་ལམབཅས(ཧྥང་ཀྲེང་ནས་ཧུའུ་ལིན་བར)ཀྱི་སྣོལ་མཚམས་ཡིན།

8_2 ལྕགས་ལམ།

ཅི་ཞི་གྲོང་ཁྱེར་གྱི་ལྕགས་ལམ་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ359དང་ལྕགས་ལམ་དོ་དམ་ཁོངས་གཏོགས་ཀྱི་འབབ་ཚུགས30ཡོད་པ་དང་། དེའི་ནང་རིམ་པ་དང་པོའི་ས་ཚིགས1དང་། རིམ་པ་གཉིས་པའི་ས་ཚིགས1 རིམ་པ་གསུམ་པའི་ས་ཚིགས7 རིམ་པ་བཞི་པ་དང་རིམ་པ་ལྔ་པ་བཅས་ཀྱི་ས་ཚིགས་དང་ལམ་ཐིག21བཅས་ཡོད། གྲོང་ཁྱེར་དེ་ཡོངས་སུ་ཞིང་ཆེན་རིམ་པའི་ལྕགས་ལམ་སྐྱེལ་འདྲེན་འགན་ལེན་ཁེ་ལས19ཡོད།

8_3 མཁའ་སྤྱོད།

ཅི་ཞི་ཤིང་ཁའེ་ཧུ་གནམ་ཐང་ནི་ཅི་ཏུང་རྫོང་ཧ་མ་གྲོང་རྡལ་དུ་གནས་པ་དང་། དེ་ནི་ཀྲུང་གོའི་ཤར་རྒྱུད་ཀྱི་ཡན་ལག་གནམ་ཐང་ཞིག་ཡིན་ཞིང་། འཕུར་སྐྱོད་ཁུལ་གྱི་རིམ་པ4Cཡིན་པ་དང་། རྒྱུག་ལམ་གྱི་རིང་ཚད་ལ་སྨི2300དང་ཞེང་ཚད་ལ་སྨི45ཡོད། འབབ་ཚུགས་ཀྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ་ཁྲི1.65ཡོད། Cརིགས་ཀྱི་གནམ་གྲུའི་འདུག་གནས་གཉིས་བཙུགས་ཡོད།