ཞིན་ཧྭ་ཆུས།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-01-10 15:59ལ་འགྲུབ།

ཞིན་ཧྭ་ཆུས།

ཞིན་ཧྭ་ཆུས།
ཞིན་ཧྭ་ཆུས་ནི་ཧོ་པེ་ཞིང་ཆེན་གྱི་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ནུབ་ཏུ་ཐའེ་ཧང་རི་བོ་དང་། བྱང་དུ་ཧུའུ་ཐུའོ་ཆུ་བོ་ཡོད། ཞིན་ཧྭ་ས་ཁུལ་ནི་ཤར་གྱི་གཞུང་ཐིག114℃47’དང་བྱང་གི་འཕྲེད་ཐིག38℃05’དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ92.11ཡོད་པ་དང་། སྤྱིའི་མི་འབོར625119(སྤྱི་ལོ2010ལོ)ཡོད། དེའི་ཁོངས་སུ་ཁྲོམ་གཞུང15ཡོད་པ་ཡིན། སྤྱི་ལོ2015ལོའི་བར། ཞིན་ཧྭ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར210.4ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新华区
ཕྱི་ཡིག་གི་མིང་།
Xinhua Qu
སྲིད་འཛིན་ཁུལ་རིགས་དབྱེ།
ཆུས།
ཁོངས་གཏོགས་ས་ཁུལ།
སྲང་ལམ15ཡོད།
སྲིད་གཞུང་བཅའ་སྡོད་བྱ་ཡུལ།
ཐའེ་ཧྭ་ཁྲོམ་གཞུང་ཨང93པ།
ཁ་པར་ཁུལ་ཨང་།
0311
གནས་ཡུལ།
ཧྲི་ཅ་ཀྲོང་གྲོང་ཁྱེར་ནུབ་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ92.11ཡོད།
མི་གྲངས།
མི625119(སྤྱི་ལོ2010ལོ)ཡོད།
ནམ་ཟླའི་ཆ་རྐྱེན།
གནམ་གཤིས་ཆ་རྐྱེན་དྲོ་འཇམ་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
ཡུལ་ལྗོངས་གྲགས་ཅན།
པུ་ལུའུ་དགོན་དང་། ཀྲའོ་ཐའོ་སྔོན་བྱོན་པའི་བང་སོ། ཏ་ཧྲི་ཟམ་པ།
མེ་འཁོར་ས་ཚིགས།
ཧྲི་ཅ་ཀྲོང་བྱང་ཚིགས།
1 འཛུགས་སྐྲུན་འཕེལ་རིམ།

ཞིན་ཧྭ་ས་ཁུལ་ནི་སྔོན་ཆད་ཤྭ་བའི་རྫོང་གི་མངའ་འོག་ཏུ་གཏོགས་ཤིང་། སྤྱི་ལོ1925ལོའི་རྗེས་སུ་ཧྲི་མོན་གྲོང་ཁྱེར་དང་འགྲོགས་ནས་རིམ་གྱིས་གྲོང་ཁུལ་དུ་སོང་། ཐོག་མར་ལྕགས་ལམ་ཏ་ཧྲི་ཆའོ་ཡི་ནུབ་ཕྱོགས་སུ་གནས་པས་སྤྱི་བདེ་ཡན་ལག་ཅུས་དང་པོའི་མངའ་འོག་ཏུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བདུན་པར(སྤྱི་ལོ1938ལོ)གྲོང་ཁྱེར་དེ་ཆུས12སུ་ཕྱེ་ཡོད་ཅིང་། འདི་ཁུལ1、2、3、4、5、6、7བཅས་ཀྱི་ཁོངས་སུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་པ(སྤྱི་ལོ1941ལོ)ཟླ་3པའི་ཚེས8ཉིན་སླར་ཡང་གྲོང་ཚོ་ཁག་གཅིག་ཏུ་བཅུག་ནས་གྲོང་ཁྱེར་དེ་ཆུས6ཏུ་བསྒྱུར་བ་དང་། དེ་ཁུལ་ཆུས1དང་ཆུས4པའི་ཆ་ཤས་སུ་གཏོགས་པ་རེད།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་དྲུག་པའི(སྤྱི་ལོ1947ལོ)ཟླ12པའི་ཚེས26ཉིན་གྲོང་ཁྱེར་ཡོངས་ཆུས8ལ་བསྒྱུར་ཅིང་། འདི་སྔར་བཞིན་ཆུས་དང་པོར་གཏོགས།

སྤྱི་ལོ1955ལོར་ཁོངས་གཏོགས་ཁུལ་གྱི་སྲང་ལམ་གཙོ་བོའི་ཞིན་ཧྭ་ལམ་ཞེས་པའི་མིང་དེ་ཞིན་ཧྭ་ས་ཁུལ་ཞེས་པར་བསྒྱུར།

སྤྱི་ལོ1956ལོའི་ཟླ4པའི་ཚེས30ཉིན་ཡུང་ཨན་ཁུལ་དང་གཅིག་ཏུ་འདྲེས་ནས་ཆའོ་ཞི་ཁུལ་དུ་བསྒྱུར།

སྤྱི་ལོ1969ལོའི་ཟླ11པའི་ཚེས22ཉིན་ཆའོ་ཞི་ཁུལ་ནས་ཕྱིར་བཏང་ཞིང་། ད་ལྟའི་བར་དུ་ཞིན་ཧྭ་ཁུལ་ཟེར།

2 སྲིད་འཛིན་ས་ཁུལ།

སྤྱི་ལོ2018ལོའི་ཟླ10པའི་བར་ཞིན་ཧྭ་ཁུལ་གྱི་ཁོངས་གཏོགས་ཁྲོམ་གཞུང15ཡོད་པ་སྟེ། གསར་བཅོས་ཁྲོམ་གཞུང་དང་། ཤིན་ཧྭ་ལམ་ཁྲོམ་གཞུང་། ཉིང་ཨན་ཁྲོམ་གཞུང་། ཏུང་ཅའོ་ཁྲོམ་གཞུང་། ཤིས་ཡོན་ཁྲོམ་གཞུང་། མཉམ་ལས་ཁྲོམ་གཞུང་། མནའ་འབྲེལ་ཁྲོམ་གཞུང་། ཧྲི་ཀང་ཁྲོམ་གཞུང་། ཐེན་ཡོན་ཁྲོམ་གཞུང་། པེ་ཡོན་ཁྲོམ་གཞུང་། ཏ་ཀུའོ་ཁྲོམ་གཞུང་། ཀྲའོ་ལིང་ཕུའུ་ལུའུ་ཁྲོམ་གཞུང་། ཤིས་སན་ཀྲོང་ཁྲོམ་གཞུང་། ཀྲའོ་ལུའུ་ལུའུ་ཁྲོམ་གཞུང་། ཏུའུ་པེ་ཁྲོམ་གཞུང་བཅས་རེད། ལྗོངས་སྲིད་གཞུང་གི་ཐའེ་ཧྭ་ཁྲོམ་གཞུང་ཨང93པ་ཡིན། 

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཞིན་ཧྭ་ས་ཁུལ་ནི་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད། ཤར་ནས་ཅིན་ཀོང་ལྕགས་ལམ་དང་། ཆའོ་ཏུང་ས་ཁུལ་དང་འབྲེལ་མཚམས་དང་། ལྷོ་ཚོང་ལས་ལྟེ་གནས་ཁུལ་ཀྲུང་ཧྲན་ལམ་ནས་ཅིན་ཆའོ་བྱང་ལམ་ནས་མི་རིགས་ལམ་ནས་ཀྲུང་ཧྭ་བྱང་ལམ་ནས་ཧྭ་ནུབ་ལམ་ནས་ཝུའེ་མིང་བྱང་ལམ་བར། ཞིན་ཧྭ་ལམ་གྱི་འཐབ་ས་དང་པོར་བསྐྱོད་དེ་ཆའོ་ཤིས་ཆུས་དང་ཕན་ཚུན་འབྲེལ་བ་ཡོད། ནུབ་བྱང་ངོས་དང་ལུའུ་ཆོན་གྲོང་ཁྱེར་དང་ཀྲེང་ཏིང་རྫོང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ92.11ཡོད། ཤར་གྱི་གཞུང་ཐིག114℃47’དང་བྱང་གི་འཕྲེད་ཐིག38℃05’དུ་གནས་ཡོད།

3_2 ས་དབྱིབས།

ཞིན་ཧྭ་ས་ཁུལ་གྱི་ས་བབ་ཅུང་ཁོད་སྙོམས་པོ་ཡོད་པ་དང་། ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་ཕྱོགས་ཡོད།

3_3 ནམ་ཟླ།

ཞིན་ཧྭ་ས་ཁུལ་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི569.8ཟིན་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད12.9℃ཡིན།

3_4 ཆུ་དཔྱད།

ཞིན་ཧྭ་ས་ཁུལ་གྱི་ཆུའི་ཐོན་ཁུངས་ནི་ཧའེ་ཧོ་ཆུ་བོའི་འབབ་རྒྱུད་ཡིན་པ་དང་། ཙི་ཡ་ཆུ་བོའི་ཆུ་རྒྱུད་ཡིན་ལ། དེའི་ཡན་ལག་ཆུ་བོ་ནི་ཧྥུ་ཐུའོ་ཆུ་བོའི་འབབ་རྒྱུད་དུ་རྒྱུག་ཅིང་། བར་དུ་ཐའེ་ཕིན་ཆུ་བོ་ཡོད་པ་དང་། དུས་ཚིགས་རང་བཞིན་གྱི་ཆུ་བོ་ཡིན།

4 རང་བྱུང་ཐོན་ཁུངས།
4_1 རྩི་ཤིང་ཐོན་ཁུངས།

ཞིན་ཧྭ་ས་ཁུལ་དུ་རི་རྡོའི་གཞོང་ལྗོངས་དང་ཤིང་ཕུར་ཆེན་པོ་གཉིས་ཀྱི་གཞོང་ལྗོངས་རིགས་ཀྱི་རྩི་ཤིང་ཡོད་པ་དང་། དེར་སེ་འབྲུ་དང་། ཧོང་ཅིང་། ཡུས་ཧྲུའུ་ཤིང་། ངང་རྣ་ཤིང་། ཧོང་ལེན་ཤིང་། ཙན་དན་སྔོན་པོ་སོགས་ཡུང་ཀྲའོ་ཤང་གི་རྩི་ཤིང་ཡོད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྟོངས་ལ་ཉེ་བའི་རྩི་ཤིང་གི་ལྟོ་བའི་སྡོང་བོ་ཡོད། སྒོ་ངའི་མེ་ཏོག་དང་། དབུས་ཤར་མཚོ་སྔོ། ཤིང་བལ་དང་། ཁྲུང་ཁྲུང་ལན། མི་སེམས་ཤིང་འབྲས། ལི་ཀྲི་སོགས་ཀྱི་རྩི་ཤིང་ཡོད། འཛམ་གླིང་ས་གནས་སོ་སོ་ནས་ཡོང་བའི་བྱེ་སྐྱེས་རྩི་ཤིང་དང་དབང་ལག་ཤ་མང་བའི་རྩི་ཤིང་སོགས་བྱེ་ཐང་གི་རྩི་ཤིང་ཡོད། ཧྭ་ཏུང་གི་ཧྲན་ཇ། ཡུན་ནན་ཧྲན་ཇ། ནུབ་གླིང་གི་ཧྲན་ཇ། ཅིན་ཧྭ་ཇ། ཁྲ་མེ་སོགས་ཧྲན་ཇའི་རིགས་ཀྱི་རྩི་ཤིང་ཡོད།

5 མི་གྲངས་དང་མི་རིགས། 

སྤྱི་ལོ2010ལོའི་བར་ཞིན་ཧྭ་ས་ཁུལ་གྱི་སྤྱིའི་མི་འབོར625119ཡོད་པ་རེད། རྒྱ་རིགས་གཙོ་བོ་ཡིན།

6 དཔལ་འབྱོར་གནས་ཚུལ་མདོར་བསྡུས།

སྤྱི་ལོ2015ལོར་ཞིན་ཧྭ་ཁུལ་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར210.4ཟིན་པ་དེ་དུས་མཚུངས་ལས་སྤྱི་ལོ2014ལོར8%འཕར་ནས་འཕར་ཚད་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཆུས་བཞིའི་ཨང་དང་པོར་སླེབས་པ་དང་། ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར155.5ཟིན་པ་དེ་དུས་མཚུངས་ལས10.1%འཕར་ནས་འཕར་ཚད་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཆུས་བཞིའི་ཨང་དང་པོར་སླེབས་པ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར198.6ཟིན་པ་དེ་དུས་མཚུངས་ལས10%འཕར་བ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར395.97བཏང་བ་དེ་དུས་མཚུངས་ལས་སྤྱི་ལོ2014ལོར7.8%འཕར་ནས་འཕར་ཚད་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཆུས་བཞིའི་ཨང་གཉིས་པར་སླེབས་ཡོད་པ་རེད། སྤྱི་ལོ2015ལོར་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར46.75བྱུང་བ་དེ་དུས་མཚུངས་ལས་སྤྱི་ལོ2014ལོར9.13%འཕར་བ་དེ“ལོ་ལྔའི་འཆར་གཞི་ཨང་བཅུ་གཅིག་པའི”དུས་མཇུག་གི་ལྡབ2.1ཡིན་པ་དང་། ལོ་ལྔའི་རིང་ལོ་རེར་ཆ་སྙོམས16.07%འཕར་བ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར27.63བྱུང་བ་དེ་དུས་མཚུངས་ལས11.09%འཕར་བ། འཕར་ཚད་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཆུས་བཞིའི་ཨང་གཉིས་པར་སླེབས་ཡོད། “ལོ་ལྔའི་འཆར་གཞི་ཨང་བཅུ་གཅིག་པའི”དུས་མཇུག་གི་ལྡབ2.2ཡིན་ལ། ལོ་ལྔའི་རིང་ལོ་རེར་ཆ་སྙོམས18.81%འཕར་བ་བཅས་རེད། སྤྱི་ལོ2015ལོའི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱིས་ཡོང་འབབ་ཧྲིལ་པོའི་ནང་བཟུང་བའི་བསྡུར་ཚད59.11%ཟིན་ནས་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཆུས་བཞིའི་མཐོ་ཤོས་ཡིན་པ་རེད།

7 འགྲིམ་འགྲུལ།

ཞིན་ཧྭ་ས་ཁུལ་གྱི་འགྲིམ་འགྲུལ་སྟབས་བདེ་བ་དང་། གྲོང་ཁུལ་གྱི་མ་ལམ24གཞུང་ལམ་འཕྲེད་དུ་བསྣོལ་ཞིང་། ཧྲི་ཡན་དང་ཧྲི་ཆིང་གཞུང་ལམ་སོགས་ནུབ་བྱང་གི་གྲོང་ཁྱེར་ནས་གཙོ་བོ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པ་དང་། ཧྲི་ཧོན་གཞུང་ལམ་གྱིས་ལྗོངས་ཡོངས་ལ་བསྐོར་ཏེ་ཧྲི་ཐའེ་མྱུར་བགྲོད་ལྕགས་ལམ་འཕྲེད་བརྒལ་བྱས་པ་བཅས་རེད།

8 མཛེས་ལྗོངས་གྲགས་ཅན།

ཕི་རུ་དགོན།

ཀྲའོ་ལུའུ་སྔོན་བྱོན་པའི་བང་སོ།

ཏ་ཧྲི་ཟམ་པ།

9 གྲོང་ཁྱེར་གྱི་མཚན་སྙན།

སྤྱི་ལོ2017ལོའི་ཟླ12པའི་ཚེས13ཉིན་ཞིན་ཧྭ་ཁུལ་དུ་སྐབས་དང་པོའི་ཧོ་པེ་ཞིང་ཆེན་དཔལ་ཡོན་གྲོང་ཁུལ་དུ་བདམས་པ་རེད། 


དཔྱད་གཞིའི་ཡིག་ཆ།