རིག་ནུས་འགྲིམ་འགྲུལ།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-01-10 15:58ལ་འགྲུབ།

རིག་ནུས་འགྲིམ་འགྲུལ།

རིག་ནུས་འགྲིམ་འགྲུལ།
རིག་ནུས་འགྲིམ་འགྲུམ་མ་ལག་ནི་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བའི་ནང་བྱུང་བ་ཡིན། སྤྱི་ལོ1990ལོར་ཨ་རིའི་རིག་ནུས་འགྲིམ་འགྲུལ་ལྷན་ཚོགས་ཀྱིས་ཕྱིར་བཏོན་ནས་འཛམ་གླིང་གི་ས་གནས་སོ་སོར་ཁྱབ་གདལ་དུ་བཏང་ཞིང་། དེ་ནི་སྲོལ་རྒྱུན་གྱི་འགྲིམ་འགྲིལ་རྨང་གཞི་སྟེང་འཕེལ་རྒྱས་སུ་བྱུང་བ་ནས་གྲུབ་པའི་རྣམ་པ་གསར་བའི་འགྲིམ་འགྲུལ་མ་ལག་ཅིག་ཡིན་པ་དང་། མ་ལག་དེ་ཉིད་འགྲིམ་འགྲུལ་གྱི་རྒྱུ་བཞི་སྟེ། མི་དང་རླངས་འཁོར། གཞུང་ལམ། ཁོར་ཡུག་བཅས་དང་ཕན་ཚུན་འབྲེལ་ཐབས་མེད་པར་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
智能交通系统
ཕྱི་ཡིག་གི་མིང་།
Intelligent TrafficSystem
བསྡུས་མིང་།
ITS
བྱེད་ནུས།
སྐྱེལ་འདྲེན་དང་དོ་དམ།
1 ངོ་སྤྲོད།

རིག་ནུས་འགྲིམ་འགྲུམ་མ་ལག་ནི་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བའི་ནང་བྱུང་བ་ཡིན། སྤྱི་ལོ1990ལོར་ཨ་རིའི་རིག་ནུས་འགྲིམ་འགྲུལ་ལྷན་ཚོགས་ཀྱིས་ཕྱིར་བཏོན་ནས་འཛམ་གླིང་གི་ས་གནས་སོ་སོར་ཁྱབ་གདལ་དུ་བཏང་ཞིང་། དེ་ནི་སྲོལ་རྒྱུན་གྱི་འགྲིམ་འགྲུལ་རྨང་གཞི་སྟེང་འཕེལ་རྒྱས་སུ་བྱུང་བ་ནས་གྲུབ་པའི་རྣམ་པ་གསར་བའི་འགྲིམ་འགྲུལ་མ་ལག་ཅིག་ཡིན་པ་དང་། མ་ལག་དེ་ཉིད་འགྲིམ་འགྲུལ་གྱི་རྒྱུ་བཞི་སྟེ། མི་དང་རླངས་འཁོར། གཞུང་ལམ། ཁོར་ཡུག་བཅས་དང་ཕན་ཚུན་འབྲེལ་ཐབས་མེད་པར་གྱུར་ཡོད།

2 མ་ལག་གི་གྲུབ་ཚུལ།

རིག་ནུས་འགྲིམ་འགྲུལ་མ་ལག་ནི་གཤམ་གྱི་རྩ་བའི་མ་ལག་དག་ལས་གྲུབ་པ་ཡིན། དེ་ཡང་སྔོན་ཐོན་གྱི་འགྲིམ་འགྲུལ་བརྡ་འཕྲིན་ཞབས་ཕྱིའི་མ་ལགATISནི་ཆེས་ཆ་ཚང་བའི་ཆ་འཕྲིན་དྲ་རྒྱའི་རྨང་གཞིའི་སྟེང་བཙུགས་པ་ཡིན་ལ། འགྲིམ་འགྲུལ་ལས་ཞུགས་པས་ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་དང་སྐྱེལ་འདྲེན་སྒྲིག་ཆས་ལ་བརྟེན་ནས། འགྲིམ་འགྲུལ་བརྡ་འཕྲིན་ལྟེ་གནས་སུ་ས་གནས་སོ་སོའི་འགྲིམ་འགྲུལ་གྱི་བརྡ་འཕྲིན་མཁོ་སྤྲོད་བྱེད་པ་ཡིན། སྔོན་ཐོན་གྱི་འགྲིམ་འགྲུལ་དོ་དམ་མ་ལགATISཡིས་གཙོ་བོར་འགྲིམ་འགྲུལ་དོ་དམ་པའི་གཞུང་ལམ་སྟེང་གི་འགྲིམ་འགྲུལ་ལ་ཞིབ་དཔྱད་ཚད་ལེན་དང་ཚོད་འཛིན། དོ་དམ་བཅས་བྱས་པའི་གནས་ཚུལ་ལས་གཞན། ད་དུང་གཞུང་ལམ་དང་རླངས་འཁོར། ཁ་ལོ་བ་བཅས་བར་གྱི་འཕྲིན་གཏོང་འབྲེལ་ལམ་སོགས་ཀྱང་མཁོ་སྤྲོད་བྱེད་པ་ཡིན། སྔོན་ཐོན་ཡིན་པའི་ཐུན་མོང་གི་འགྲིམ་འགྲུལ་མ་ལགAPTAཡི་དམིགས་ཡུལ་གཙོ་བོ་ནི་རིག་ནུས་ཀྱི་ལག་རྩལ་སྣ་མང་བེད་སྤྱད་ནས་ཐུན་མོང་གི་སྐྱེལ་འདྲེན་ལས་རིགས་ལ་སྐུལ་འདེད་དང་སྤྱི་འགྲིལ་མ་ལག་ཐད་བདེ་འཇགས་དང་སྟབས་བདེ། གྲོན་ཆུང་། སྐྱེལ་འདྲེན་འབོར་ཆེན་གྱི་དམིགས་ཚད་བཅས་མངོན་འགྱུར་འབྱུང་དུ་འཇུག་རྒྱུ་དེ་ཡིན་ཞིང་། སྔོན་ཐོན་གྱི་རླངས་འཁོར་ཚོད་འཛིན་མ་ལགAVCSཡི་དམིགས་ཡུལ་ནི་གསར་གཏོད་ཀྱི་ལག་རྩལ་སྣ་མང་གི་རོགས་འདེགས་ལ་བརྟེན་ནས་ཁ་ལོ་བས་རླངས་འཁོར་ལ་ཚོད་འཛིན་བྱས་ནས་ལག་བསྟར་བྱེད་པ་དེ་ཡིན། ཟོང་སྐྱེལ་དོ་དམ་མ་ལགEMSནི་མྱུར་བགྲོད་གཞུང་ལམ་དྲ་རྒྱ་དང་བརྡ་འཕྲིན་དོ་དམ་མ་ལག་གི་རྨང་གཞིའི་ཐོག་ཟོང་འགྲུལ་གཞུང་ལུགས་བེད་སྤྱད་ནས་དོ་དམ་བྱེད་པའི་རིག་ནུས་ཅན་གྱི་ཟོང་འགྲུལ་དོ་དམ་མ་ལག་ཅིག་ཡིན་ལ། དེའི་ཕན་ནུས་ལྡན་པའི་སྒོ་ནས་དངོས་ཟོག་སྐྱེལ་འདྲེན་རྩ་འཛུགས་དང་ཟོང་སྐྱེལ་ལས་ཆོད་ཇེ་མཐོར་གཏོང་བ་བཅས་བྱེད་པ་ཡིན། གློག་རྡུལ་དངུལ་ལེན་མ་ལགETCནི་མིག་སྔའི་འཛམ་གླིང་སྟེང་གི་ཆེས་སྔོན་ཐོན་ཡིན་པའི་ལམ་གྲོན་ལེན་སྟངས་ཤིག་ཡིན་པ་དང་། བྲེལ་མྱུར་རོགས་སྐྱོབ་མ་ལགEMSནི་ཐུན་མོང་མ་ཡིན་པའི་མ་ལག་ཅིག་ཡིན་པ་སྟེ། དེའི་རྨང་གཞི་ནི་སྔོན་ཐོན་གྱི་འགྲིམ་འགྲུལ་བརྡ་འཕྲིན་ཞབས་ཕྱིའི་མ་ལག་དང་སྔོན་ཐོན་གྱི་འགྲིམ་འགྲུལ་དོད་མ་མ་ལག འབྲེལ་ཡོད་ཀྱི་རོགས་སྐྱོབ་ལས་ཁུངས། མཁོ་བསྒྲིགས་བཅས་ཡིན་ལ། དེ་དུས་ཐོག་ཏུ་རླངས་འཁོར་ཁ་ལོ་བར་གེགས་རྐྱེན་བྱུང་བའི་ཡུལ་དངོས་ཀྱི་ཐག་གཅོད་དང་། རླངས་འཁོར་འདྲུད་པ།  ཡུལ་དངོས་མྱུར་སྐྱོབ། དོན་རྐྱེན་བྱུང་བའི་རླངས་འཁོར་མེད་པ་སོགས་ཀྱི་ཞབས་ཕྱི་སྒྲུབ་རོགས་བྱེད་པ་ཡིན།

3 དགེ་མཚན།

རིག་ནུས་འགྲིམ་འགྲུལ་མ་ལག་ནི་འགྲིམ་འགྲུལ་འཚང་འགག་བྱེད་པ་དང་ཁོར་ཡུག་བཙོག་བཟོ་སོགས་འགྲིམ་འགྲུལ་གནད་དོན་ཐག་གཅོད་བྱེད་བྱའི་ནུས་ལྡན་གྱི་ལག་ཆ་ཞིག་ཡིན་ལ། སྲོལ་རྒྱུན་གྱི་འགྲིམ་འགྲུལ་མ་ལག་གི་སྟེང་ནས་གསར་དུ་བསྐྲུན་པ་ཞིག་ཡིན། ད་ཡོད་ཀྱི་ལམ་གྱི་གནས་ཚུལ་ཆ་རྐྱེན་འོག རིག་ནུས་འགྲིམ་འགྲུལ་མ་ལག་གིས་མི་དང་རླངས་འཁོར། ལམ་བཅས་ལ་ཕྱོགས་བསྡུས་སྒོས་བསམ་བློ་ལེགས་པོར་བཏང་སྟེ། ཚད་མཐོ་བའི་ཚན་རྩལ་གྱི་ཐབས་ལམ་བརྒྱུད་དེ་བྱེ་བྲག་གི་འགྲིམ་འགྲུལ་སྤྱོད་ལམ་ཚུལ་ལྡན་དང་འགྲིམ་འགྲུལ་དོ་དམ་ཚན་ཁག་གིས་ཐབས་ཇུས་ཀྱི་ནུས་པ་མཐོར་འདེགས་བཅས་སུ་བཏང་ནས་ཁ་ལོ་བའི་བཀོལ་སྤྱོད་ཀྱི་འགལ་འཛོལ་ཇེ་ཉུང་དུ་གཏོང་བར་བྱེད་པ་ལས་གཞན། ད་དུང་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་འཁོར་རྒྱུགས་ལས་ཆོད་དང་ཞབས་ཕྱིའི་ཆུ་ཚད་སོགས་ཀྱང་མཐོར་འདེགས་སུ་བཏང་སྟེ། འགྲིམ་འགྲུལ་མ་ལག་གི་བདེ་འཇགས་ཡིད་རྟོན་རང་བཞིན་ཇེ་དྲག་ཏུ་གཏོང་ཞིང་འགྲིམ་འགྲུལ་གྱིས་ཁོར་ཡུག་ལ་བཙོག་བཟོ་བྱེད་ཚད་ཇེ་ཉུང་དུ་གཏོང་བར་བྱེད་པ་ཡིན།