ཏ་ཆིང་གྲོང་ཁྱེར།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-01-10 15:10ལ་འགྲུབ།

ཏ་ཆིང་གྲོང་ཁྱེར།

ཏ་ཆིང་གྲོང་ཁྱེར།
ཏ་ཆིང་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱིས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན། ཏ་ཆིང་གྲོང་ཁྱེར་གྱི་མིང་གཞན་ལ་སྣུམ་གྲོང་དང་། མཚེའུ་བརྒྱའི་གྲོང་ཁྱེར་ཞེས་ཟེར། དེ་ནི་ཀྲུང་གོའི་རྡོ་སྣུམ་དང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱི་རྟེན་གཞི་ཆེ་ཤོས་ཞིག་ཡིན་པ་དང་། ཧའེ་ལུང་ཅང་ཞིང་ཆེན་ལྷོ་ནུབ་རྒྱུད་དུ་གནས་ཤིང་། ཧའེ་ལུང་ཅང་ཞིང་ཆེན་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་རིམ་པ་གཉིས་པ་དང་། ཧ་ཁྲང་གྲོང་ཚོགས་ཀྱི་ས་ཁོངས་ལྟེ་གནས་གྲོང་ཁྱེར་བཅས་ཡིན། ཕྱོགས་བསྡུས་སྟོབས་ཤུགས་དེ་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཨང11པར་སླེབས་པ་དང་ཀྲུང་གོའི་གྲོང་ཁྱེར་གྱི་ནོར་ཤུགས་སྟོབས་ཆེན་ཨང50པའི་རིམ་པ་གཉིས་པའི་གྲོང་ཁྱེར་གསར་པ་ཡིན། ཏ་ཆིང་གྲོང་ཁྱེར་ལ་རང་བྱུང་མཚེའུ་བརྒྱའི་གྲོང་ཁྱེར། ལྗང་མདོག་སྣུམ་འགྱུར་གྲོང་ཁྱེར་ཞེས་བརྗོད་སྲོལ་ཡོད་ཅིང་། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི་ཀྲུང་གོའི་ཞབས་ཞུའི་ཕྱི་བསྐོར་དཔེ་སྟོན་གྲོང་ཁྱེར་དང་། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་གི་དཔེ་སྟོན་གྲོང་ཁྱེར། རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར། རྒྱལ་ཡོངས་བདེ་འཇགས་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་ཁག་དང་པོའི་ཚོད་ལྟའི་གྲོང་ཁྱེར། རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར། སྤྱི་ལོ2017ལོའི་ཀྲུང་གོའི་སྟོབས་ལྡན་གྲོང་ཁྱེར་བརྒྱའི་ཨང་རིམ་ཨང55པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大庆
ཕྱི་ཡིག་གི་མིང་།
Daqing.Дацин.대경(朝). 다칭(韩)
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོང་གཏོགས་ས་ཁུལ།
ཧའེ་ལུང་ཅང་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར་ཀྱི་ཐད་སྐྱོང་ཆུས5དང་རྫོང4
སྲིད་གཞུང་གནས་ཡུལ།གྲོང་ཁྱེར་ཉེ་འཁོར།
ས་ཨེར་ཐུའུ་ཤར་རླུང་ལམ་ཨང15པ།
ས་ཁོངས་ཁ་པར་ཨང་རྟགས།
0459
སྦྲག་སྲིད་ཨང་རྟགས།
163000
གནས་ཡུལ།
ཧའེ་ལུང་ཅང་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི22616ཡོད།
མི་གྲངས།
ཁྲི293.34ཡོད། (སྤྱི་ལོ2017ལོར)
གནམ་གཤིས།
དྲོད་རྒྱུན་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཐིའེ་རེན་ཐང་ཆེན། ཡོའུ་ལེ་ཧྥང་། ལུང་ཧྥེང་འདམ་ར། ཧྲི་ཏའེ་ཐང་ཆེན། འཛམ་གླིང་རྡོ་སྣུམ་རིག་གནས་སྤྱི་གླིང་སོགས་ཡོད།
གནམ་གྲུ་ཐང་།
ཏ་ཆིང་ས་ཨེར་ཐུའུ་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཏ་ཆིང་ནུབ་ཚིགས། ཏ་ཆིང་ཤར་ཚིགས། ཏ་ཆིང་ས་ཚིགས། ཏ་ཆིང་གི་ཤར་ཅ་མུའུ་སི་ས་ཚིགས་སོགས་ཡོད།
རླངས་འཁོར་གྱི་ཨང་རྟགས།
ཧའེE
སྲིད་འཛིན་ཚབ་གྲངས།
230600
1 ​ངོ་སྤྲོད།

ཏ་ཆིང་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱིས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན། ཏ་ཆིང་གྲོང་ཁྱེར་གྱི་མིང་གཞན་ལ་སྣུམ་གྲོང་དང་། མཚེའུ་བརྒྱའི་གྲོང་ཁྱེར་ཞེས་ཟེར། དེ་ནི་ཀྲུང་གོའི་རྡོ་སྣུམ་དང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱི་རྟེན་གཞི་ཆེ་ཤོས་ཞིག་ཡིན་པ་དང་། ཧའེ་ལུང་ཅང་ཞིང་ཆེན་ལྷོ་ནུབ་རྒྱུད་དུ་གནས་ཤིང་། ཧའེ་ལུང་ཅང་ཞིང་ཆེན་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་རིམ་པ་གཉིས་པ་དང་། ཧ་ཁྲང་གྲོང་ཚོགས་ཀྱི་ས་ཁོངས་ལྟེ་གནས་གྲོང་ཁྱེར་བཅས་ཡིན། ཕྱོགས་བསྡུས་སྟོབས་ཤུགས་དེ་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཨང11པར་སླེབས་པ་དང་ཀྲུང་གོའི་གྲོང་ཁྱེར་གྱི་ནོར་ཤུགས་སྟོབས་ཆེན་ཨང50པའི་རིམ་པ་གཉིས་པའི་གྲོང་ཁྱེར་གསར་པ་ཡིན། ཏ་ཆིང་གྲོང་ཁྱེར་ལ་རང་བྱུང་མཚེའུ་བརྒྱའི་གྲོང་ཁྱེར། ལྗང་མདོག་སྣུམ་འགྱུར་གྲོང་ཁྱེར་ཞེས་བརྗོད་སྲོལ་ཡོད་ཅིང་། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི་ཀྲུང་གོའི་ཞབས་ཞུ་ཕྱིའི་བསྐོར་དཔེ་སྟོན་གྲོང་ཁྱེར་དང་། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་གི་དཔེ་སྟོན་གྲོང་ཁྱེར། རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར། རྒྱལ་ཡོངས་བདེ་འཇགས་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་ཁག་དང་པོའི་ཚོད་ལྟའི་གྲོང་ཁྱེར། རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར། སྤྱི་ལོ2017ལོའི་ཀྲུང་གོའི་སྟོབས་ལྡན་གྲོང་ཁྱེར་བརྒྱའི་ཨང་རིམ་ཨང55པ་བཅས་ཡིན། 

2 ལོར་རྒྱུས་འཕེལ་རིམ།

སྤྱི་ལོ1955ལོར་སུང་ལུའོ་རྡོ་སྣུམ་རྩད་ཞིབ་ཅུས་ཀྱིས་ཨན་ཏ་རྫོང་ཏ་ཐུང་རྒྱུད་དུ་རྡོ་སྣུམ་ཐོན་ཁུངས་གསོར་འབིགས་རྩད་ཞིབ་བྱེད་འགོ་བརྩམས། 

སྤྱི་ལོ1959ལོའི་ཟླ9པའི་ཚེས26ཉིན། ཏ་ཐུང་བྱང་ཕྱོགས་ཀྱི་ཀའོ་ཐའེ་ཙི་ཉེ་འགྲམ་གྱི་སུང་ཅི་ཁྲོན་པ་གསུམ་དུ་བཟོ་ལས་སྣུམ་བཞུར་ནས་ཏ་ཆིང་ཞེས་མིང་བཏགས་པ་ཡིན། 

སྤྱི་ལོ1960ལོའི་ཟླ5པའི་ཚེས26ཉིན་ཨན་ཏ་རྫོང་ཕྱིར་འཐེན་བྱས་ནས་ཨན་ཏ་གྲོང་ཁྱེར(ས་ཁུལ་རིམ་པ)བཙུགས་པ་དང་། ཨན་ཏ་གྲོང་ཁྱེར་མི་དམངས་ཨུ་ཡོན་ལྷན་ཁང་ཨན་ཏ་གྲོང་རྡལ་དུ་བཅའ་སྡོད་བྱས་ནས་སུང་ཧྭ་ཅང་གི་ཆེད་ཁུལ་ཁོངས་སུ་གཏོགས། 

སྤྱི་ལོ1964ལོའི་ཟླ6པའི་ཚེས23ཉིན། ཨན་ཏ་གྲོང་ཁྱེར་ཕྱིར་འཐེན་བྱས་ཏེ། ཨན་ཏ་རྫོང་སླར་གསོ་བྱས་ནས་ཨན་ཏ་དམིགས་བསལ་ཆུས་བཙུགས་པ་དང་། ཕྱི་ཕྱོགས་སུ་སྔར་བཞིན་ཨན་ཏ་གྲོང་ཁྱེར་ཞེས་ཟེར།

སྤྱི་ལོ1979ལོའི་ཟླ12པའི་ཚེས14ཉིན། ཨན་ཏ་གྲོང་ཁྱེར་གྱི་མིང་ལ་ཏ་ཆིང་གྲོང་ཁྱེར་ཞེས་བསྒྱུར། ཧའེ་ལུང་ཅང་ཞིང་ཆེན་གྱི་ཐད་གཏོགས་ཁུལ་ཡིན། 

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཏ་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ས་ཨེར་ཐུའུ་ཆུས་ཀྱི་ཤར་རླུང་ལམ་གྱི་ཨང15པ་རུ་ཡོད། ཏ་ཆིང་གྲོང་ཁྱེར་དུ་ཁྱོན་རྫོང་རིམ་པའི་སྲིད་འཛིན་ཁུལ9ཡོད་པའི་ནང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས5དང་། རྫོང3 རང་སྐྱོང་རྫོང1བཅས་ཚུད་ཡོད་པ་དེ་དག་ནི་ས་ཨེར་ཐུའུ་ཆུས་དང་། ལུང་ཧྥེང་ཆུས། རང་ཧུའུ་ལུའུ་ཆུས། ཧུང་ཀང་ཆུས། ཏ་ཐུང་ཆུས། ཀྲའོ་ཀྲོའུ་རྫོང་། ཀྲའོ་ཡོན་རྫོང་། ལིན་ཏན་རྫོང་། ཏུའུ་ཨེར་པོ་ཐེ་སོག་རིགས་རང་སྐྱོང་རྫོང་བཅས་ཡིན། གཞན་ཡང་ཏ་ཆིང་གྲོང་ཁྱེར་དུ་ད་དུང་ཏ་ཆིང་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་གྱི་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ1བཙུགས་ཡོད།

4 གནས་ཡུལ།

ཏ་ཆིང་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ནུབ་རྒྱུད་དང་སུང་ལེའོ་གཤོང་སའི་དབུས་ཀྱི་ཨའོ་ཞན་ཁུལ་གྱི་བྱང་རྒྱུད་དུ་གནས་ཡོད།   གྲོང་ཁུལ་གྱི་ས་བབ་གནས་ཡུལ་ནི་བྱང་གི་འཕྲེད་ཐིག45℃ནས46℃བར་ཡིན། ཤར་གྱི་གཞུང་ཐིག124℃ནས125℃12བར་ཡིན་པ་དང་། ཤར་ངོས་སུའེ་ཧྭ་ས་ཁུལ་དང་འབྲེལ་ཞིང་། ལྷོ་ཕྱོགས་ཅི་ལིན་ཞིང་ཆེན་གྱི་སུང་ཧྭ་ཅང་གཙང་པོ་དང་ཁ་གཏད་དུ་ཡོད། ནུབ་རྒྱུད་དང་བྱང་རྒྱུད་ནི་ཆི་ཆི་ཧར་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། པིན་ཀྲོའུ་ལྕགས་ལམ་དེ་གྲོང་ཁྱེར་ལྟེ་གནས་ནས་བརྒལ་ཏེ་ཤར་ལྷོ་ནས་ཧ་ཨེར་པིན་གྲོང་ཁྱེར་བར་སྤྱི་ལེ159དང་ནུབ་བྱང་ནས་ཆི་ཆི་ཧ་ཨེར་གྲོང་ཁྱེར་བར་སྤྱི་ལེ139ཡོད། 

5 གནམ་གཤིས།

ཏ་ཆིང་གྲོང་ཁྱེར་ནི་བྱང་རྒྱུད་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁུལ་དུ་གནས་པ་དང་། སོག་པོའི་སྐམ་སའི་དབུས་ཁུལ་གྱི་མཁའ་རླུང་གྲང་མོ་དང་རྒྱ་མཚོའི་དྲོད་རྒྱུན་གྱི་དུས་རླུང་གི་ཤུགས་རྐྱེན་ཐེབས་པའི་སྤྱིའི་ཁྱད་ཆོས་ནི། དགུན་དུས་གྲང་ངར་ཆེ་ལ་ཁ་བ་ཡོད་པ་དང་། སྟོན་དཔྱིད་དུས་རླུང་མང་། ལོ་ཧྲིལ་པོར་སད་མེད་དུས་ཅུང་ཐུང་། ཆར་ཆུ་དུས་ཚིགས་དང་བསྟུན་ནས་ལོ་ཏོག་དང་ཕྱུགས་རྩྭ་སྐྱེ་འཚར་ལ་ཕན་པ་ཡོད།

6 མི་གྲངས།

སྤྱི་ལོ2012ལོའི་བར་ཏ་ཆིང་གྲོང་ཁྱེར་དུ་མི་འབོར་ཁྲི270ཡོད། ཏ་ཆིང་གྲོང་ཁྱེར་གྱི་རྫོང4དང་གྲོང་ཁྱེར་ཁོངས་གཏོགས་ཆུས5ལ་ཁྱོན་ཁྱིམ་ཚང1065721ཡོད་པ་དང་། ཁྱིམ་ཚང་གི་མི་འབོར2963458ཡོད་པ་དེས་སྤྱིའི་མི་འབོར་གྱི95.14%བཟུང་བ་དང་ཆ་སྙོམས་ཁྱིམ་ཚང་གི་དུད་ཚང2.86ཡོད་པ་དང་ཕོ་མོའི་བསྡུར་ཚད101.76%ཟིན་ཡོད།  

7 དཔལ་འབྱོར།

སྤྱི་ལོ2016ལོར། ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2610མངོན་འགྱུར་བྱུང་བ་དེ་ལོ་གོང་མ་ལས1.7%(བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་གཤམ་དུ་དེ་དང་མཚུངས)འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་ཐང་སྒོར་དུང་ཕྱུར187.1ཟིན་པ་དེ་ལོ་གོང་མ་ལས2.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར1523.9ཟིན་པ་དེ་ལོ་གོང་མ་ལས0.1%ཆག་པ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར899ཟིན་ནས་སྔ་ལོ་ལས5.5%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད7.2%ཟིན་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་གི་བསྡུར་ཚད58.4%ཟིན། ཐོན་ལས་གསུམ་པའི་འཕར་ཐང་གི་བསྡུར་ཚད་ཀྱི34.4%ཟིན་ཡོད། 

8 འགྲིམ་འགྲུལ།

ཏ་ཆིང་གྲོང་ཁྱེར་དུ་ཡོད་པའི་མེ་འཁོར་འབབ་ཚུགས་དང་གནམ་གྲུ་ཐང་ནི་ཏ་ཆིང་ས་ཚིགས་དང་ཏ་ཆིང་ཤར་ཚིགས། ཏ་ཆིང་ནུབ་ཚིགས།  ཏ་ཆིང་ས་ཨེར་ཐུའུ་གནམ་གྲུ་ཐང་བཅས་ཡིན།