ལི་ཧྲུའེ་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-01-10 17:34ལ་འགྲུབ།

ལི་ཧྲུའེ་ཆུས།

ལི་ཧྲུའེ་ཆུས།
ལི་ཧྲུའེ་ཆུས་ནི་ནན་ཅིང་གྲོང་ཁྱེར་གྱི་དབུས་ལྷོའི་རྒྱུད་དུ་གནས་པ་དང་། ས་ཁོངས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1067ཡོད། ལྗོངས་ནང་ཁུལ་གྱི་འགྲིམ་འགྲུལ་སྟབས་ཤིན་ཏུ་བདེ་བ་སྟེ། མཁའ་ལམ། གྲུ་ཁ་དང་ལྕགས་ལམ། ཡང་བའི་ལྕགས་ལམ། གཞུང་ལམ། ཆུ་ལམ་བཅས་གཞི་གཅིག་ཏུ་འདྲེས་པའི་གྲོང་ཁྱེར་ཞིག་ཀྱང་ཡིན། ཆུས་ས་ཁོངས་ནང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཤིན་ཏུ་ལེགས་པོ་ཡོད་པ་དང་། ནགས་ཚལ་གྱི་ཁྱབ་ཚད་ཀྱིས34.35%ཟིན་ལ། མཁའ་རླུང་གི་སྤུས་ཚད་དེ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཚད་གཞིར་སླེབས་ཡོད། ཆུའི་སྤུས་ཚད་དེ་རྒྱལ་ཁབ་ཀྱི་རིགས་གཉིས་པར་སླེབས་ཡོད། དེ་བས་ལི་ཧྲུའེ་ཆུས་ལ“རང་བྱུང་གསོ་རླུང་ཁང”དང་། “ ནན་ཅིང་མེ་ཏོག་ལྡུམ་ར།” “ གྲོང་ཁྱེར་གྱི་གློ་ལྗོངས”སོགས་ཀྱི་མཚན་སྙན་ཐོབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
溧水区
བོད་ཡིག་གི་མིང་།
ལི་ཧྲུའེ་ཆུས།
ཕྱི་ཡིག་གི་མིང་། 
Lishui District
སྲིད་འཛིན་ཁུལ་རིགས།
གྲོང་ཁྱེར་ཁོངས་གཏོགས་ཆུས།
སྲིད་འཛིན་ཁོངས་གཏོགས།
ནན་ཅིང་གྲོང་ཁྱེར་ཁོངས་གཏོགས་ས་ཁུལ་གྱི་སྲང་ལམ་བརྒྱད།
སྲིད་གཞུང་གནས་ཡུལ།
ནན་ཅིང་གྲོང་ཁྱེར་ལི་ཧྲུའེ་ཆུས་ཡུང་དབྱང་སྲང་ལམ་ཤར་ལམ་ཆེན་མོའི་ཨང་རྟགས68པ།
ཆུས་ཁོངས་ཁ་པར་ཚབ་ཨང་།
025
སྦྲག་སྲིད་ཚབ་ཨང་།
211200
ས་ཁམས་གནས་ཡུལ།
ནན་ཅིང་གྲོང་ཁྱེར་གྱི་དབུས་ལྷོའི་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1067
མི་གྲངས།
ཁྲི54(སྤྱི་ལོ2018ལོའི་རྒྱུན་སྡོད་མི་གྲངས)
ཡུལ་སྐད།
ནན་ཅིང་གི་གཞུང་སྐད།
ནམ་ཟླ།
ཚ་ཁུལ་ཕལ་པའི་དུས་རླུང་གནམ་གཤིས།
སྲིད་འཛིན་ཚབ་ཨང་།
320117
རླངས་འཁོར་ཚབ་ཨང་།
སུའུA
GDP
སྒོར་དུང་ཕྱུར789.09
མེ་འཁོར་འབབ་ཚིགས།
ལི་ཧྲུའེ་མེ་འཁོར་འབབ་ཚུགས། ནན་ཅིང་མེ་འཁོར་འབབ་ཚུགས་ལྷོ་མ། ནན་ཅིང་མེ་འཁོར་འབབ་ཚུགས།
གནམ་གྲུ་ཐང་།
ནན་ཅིང་ལུའུ་ཁུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་།
1 ​འཕེལ་རིམ་ལོ་རྒྱུས།   

ལི་ཧྲུའེ་རྫོང་ནི་སུའེ་ཁའེ་རྒྱལ་པོའི་ཁྲི་ལོ་བཅུ་གཅིག་པར(སྤྱི་ལོ་591ལོར)བཙུགས་པ་དང་། ཐང་རྒྱལ་རབས་ཀྱི་སྙན་ངག་པ་པའེ་ཅི་ཁང་དང་། སུང་རྒྱལ་རབས་ཀྱི་སྙན་ཚིག་མཁས་པ་ཀྲོའུ་པང་ཡན། ཆིང་རྒྱལ་རབས་ཀྱི་རྩོམ་རིག་མཁས་ཅན་ཡོན་མའེ་སོགས་ཀྱིས་སྔོན་ཆད་ལི་ཧྲུའེ་ཀྲི་རྫོང་གི་རྫོང་དཔོན་གྱི་འགན་བཞེས་མྱོང་། ཧན་རྒྱལ་རབས་ཀྱི་རུའུ་ལུགས་མཁས་ཅན་ཚུའེ་ཀྲི་ཡོན་ཡང་ལི་ཧྲུའེ་རྫོང་གི་དམག་དཔོན་བྱེད་མྱོང་། དེ་མིན་གཞན་ཞེ་ལིན་ཡུན་དང་། ལི་པའེ། ཡན་ཀྲེན་ཆིང་། དབྱང་ཝན་ལི་སོགས་སྐབས་རིམ་བྱུང་གི་མཁས་པ་རྣམས་ཀྱིས་ལི་ཧྲུའེ་ལ་ཡུལ་སྐོར་དུ་བསྐྱོད་ནས་བསྟོད་པའི་སྙན་ཚིག་མང་པོ་མཛད་མྱོང་བ་རེད།

སྤྱི་ལོ2019ལོའི་བར་དུ་ལི་ཧྲུའེ་ཆུས་ལ་རྒྱལ་ཁབ་སྐྱེད་ཚལ་གྲོང་དང་། རྒྱལ་ཁབ་འཕྲོད་བསྟེན་གྲོང་། རྒྱལ་ཁབ་སྣོད་བཅུད་ཁུལ། རྒྱལ་ཁབ་སྣོད་བཅུད་ཤེས་རིག་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ། རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཅན་བརྒྱའི་གྲས། རྒྱལ་ཡོངས་ཀྱི་མི་མངོན་པའི་མ་རྐང་འཇོག་པའི་ཆུས་བརྒྱའི་གྲས། རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཆེན་པོ་ཅན་གྱི་ཆུས་བརྒྱའི་གྲས། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཆུས་ཆེན་པོ་བརྒྱའི་གྲས། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཅན་གྱི་ཆུས་བརྒྱའི་གྲས་སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།

2 སྲིད་འཛིན་ས་ཁོངས།

2018ལོའི་ལོ་མཇུག་བར་ལི་ཧྲུའེ་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1067.26ཡོད་པ་དང་། ཁྱོན་དུད་ཚང་ཁྲི15.75ཡོད་ལ། ཐེམ་ཐོ་ཡོད་པའི་མི་གྲངས་ཁྲི44.38དང་། རྒྱུན་སྡོད་མི་གྲངས་ཁྲི54ཡོད། དེའི་ཁོངས་སུ་སྲང་ལམ་ལྔ(ཡུང་དབྱང་སྲང་ལམ། ཁྲོམ་གཞུང་དང་། ཐུང་ཐང་སྲང་ལམ། ཏུང་ཕིང་སྲང་ལམ། ཧུང་ལན་སྲང་ལམ། ཧྲི་ཅིང་སྲང་ལམ་བཅས)། གྲོང་རྡལ་གསུམ་སྟེ(པའེ་མ་གྲོང་རྡལ། ཧོ་ཧྥུང་གྲོང་རྡལ། ཅིང་ཆའོ་གྲོང་རྡལ་བཅས)ཡོད། དེའི་ཁོངས་སུ་སྡེ་གྲོང་ཨུ་ཡོན་ལྷན་ཁང་བརྒྱ་དང་བཅུ་གཉིས་ཡོད་པ་དེའི་ནང་སྡོད་དམངས་ཨུ་ལྷན་དོན་གསུམ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་སོ་དགུ་ཡོད།

3 ས་བབ་གནས་ཚུལ།

ལི་ཧྲུའེ་ཆུས་ནི་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཅང་སུའུ་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་ནན་ཅིང་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་གནས། ཆིན་ཧོའེ་གཙང་པོའི་སྟོད་རྒྱུད་དུ་གཏོགས་པ་དང་། ཤར་གྱི་འཕྲེད་ཐིག 118°51'-119°14'དང་བྱང་གི་གཞུང་ཐིག 31°23'-31°48'སྟེང་དུ་ཡོད།

ཤར་ངོས་སུ་ཅུས་རུང་དང་ལི་དབྱང་ལ་འབྲེལ་བ་དང་། བྱང་ངོས་ནི་ཅང་ཉིང་ཆུས་དང་འབྲེལ་ཡོད། ལྷོ་ངོས་སུ་ཀའོ་ཁྲུན་ཆུས་དང་འབྲེལ་ལ། ལྷོ་ངོས་སུ་ཧྲི་ཁོ་མཚེའུ་ལ་གཏད་ནས་ཨན་ཧུའེ་ཞིང་ཆེན་ཏང་ཐུའུ་རྫོང་མཚམས་འབྲེལ་ཡོད།

ལི་ཧྲུའེ་ཆུས་ནི་ས་གཞི་ཆགས་གཞིའི་ཁྲོད་དུ་འབྲི་ཆུའི་གནའ་བོའི་སྐམ་སའི་ཞ་དབྱང་ཙི་ཆུ་བོའི་འགྲམ་རྒྱུད་ཀྱི་རྡིབ་ཁུལ་དུ་གཏོགས་པ་དང་། ལི་ཧྲུའེ་ཆུ་བོ་མཐོ་ས་ནས་གསེག་ནས་འབབ་པ་དང་མཚེའུའི་དིམ་གསོག་གི་ནུས་པ་དང་དེ་བཞིན་བྲག་གཤིས་ཀྱི་ཤུགས་རྐྱེན་བཅས་ཀྱིས་རྐྱེན་པས་ལི་ཧྲུའེ་ས་ཁོངས་སུ་རི་མ་ཐང་གི་ས་རྒྱུ་གཙོ་བོ་ཡིན་པ་དང་། གྲོག་རོང་། བདེ་ཐང་དང་མཚེའུ་འགྲམ། ཆུ་མདོ། ཟུར་གསུམ་གླིང་བདེ་ཐང་གི་ས་དབྱིབས་ཕལ་བའི་ཚུལ་གྱིས་ཆགས་ཡོད། 

4 ནམ་ཟླའི་ཆ་རྐྱེན།

ལི་ཧྲུའེ་ཆུས་ནི་ཚ་ཁུལ་བྱང་མའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དུས་བཞིའི་དབྱེ་བ་གསལ་བ་ཞིང་། དབྱར་དུས་རླན་གཤེར་ཆེ་ལ་ཆར་ཆུ་མང་བ་དང་། དགུན་དུས་གྲང་ངར་དང་སྐམ་ཤས་ཆེ་བ་རེད། ལོ་རེའི་ཆ་སྙོམས་དྲོད་ཚད་ནི16.0℃ཡིན་པ་དང་། ལོ་རེའི་ཆ་སྙོམས་བརླན་ཚད77%ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི1147.0ཡིན་པ་དང་། ལོ་རེའི་ཆ་སྙོམས་ཆར་ཞོད་ཉིན124ལ་འབབ་པ་ཡིན། ལོ་རེའི་ཆ་སྙོམས་ཉི་འོད་འཕྲོ་ཚད་ཆུ་ཚོད1969.0ལྷག་ཙམ་ཡིན། ལོ་རེའི་ཆ་སྙོམས་སད་མེད་དུས་ནི་ཉིན224ལྷག་ཡིན།

5 མི་གྲངས་གནས་ཚུལ།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ། ལི་ཧྲུའེ་ཆུས་ཀྱི་ཐེམ་ཐོའི་མི་གྲངས་ཀྱི་ཁྲི44.38ཟིན་ནས6.64%འཕར་ཡོད། མི་གྲངས་དེའི་ཁྲོད་སྐྱེས་པའི་མི་གྲངས་ཀྱིས་ཁྲི22.30དང་བུད་མེད་ཀྱི་མི་གྲངས་ཀྱིས་ཁྲི22.08ཟིན་ཡོད། ལོ་ཧྲིལ་པོའི་མི་སྐྱེ་ཚད་ཀྱིས13.23%ཟིན་ནས་ལོ་གོང་མ་ལས1.61%ཆག་ཡོད་པ་དང་། མི་འདས་ཀྱིས6.66%ཟིན་ནས1.72%ཆག་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆ6.64ཡིན་པ་དང་། བརྒྱ་ཆའི1.18འཕར་ཡོད། ལི་ཧྲུའེ་ཆུས་སུ་རྒྱུན་སྡོད་མི་གྲངས་ཁྲི54ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི27.31ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད51.9%ཡིན།

6 ཆབ་སྲིད་འགོ་ཁྲིད།

ཆུས་ཏང་ཨུའི་ཧྲུའུ་ཅི། ཞུའེ་ཧྥེང་ཀོན།

ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  

ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྥང་ཅིན།

ཆུས་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧོང་ཁྲེང་ཝུན། ཐུང་ལུན་ཧའོ། ཀྲོའུ་ཆིན། ཞ་ཡུན། ཝང་ཁེ་ཆོན། ཅིན་ཏི་ཧྲེང་། ཐང་ཧུའེ་ཝེ།

ཆུས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཀྲང་ཝེ།

ཆུས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཝུའུ་གོ་རུང་། ཁྲེན་ཞའོ་ཏུང་། ཙང་ཀྲེང་མན། དབྱང་སི་ཀྲོའུ།

ཆུས་ཀྲང་ཚབ་མ། ཀྲང་ཡུན།

ཆུས་ཀྲང་གཞོན་པ། ཧོང་ཁྲེང་ཝུན། (རྒྱུན་ལས་པ ) ཞུས་ཀྲེང་ཁའེ། ཀྲང་ཝེ་ཀྲེན། ཁྲེན་ཞ། ཀྲང་ཏེ་ཚའེ། ཝང་ཁྲའོ་ཡུང་། ཐང་ཧའེ་ཆིང་། ཝུའུ་ཀྲེང་ཀོང་།

ཆུས་རིམ་གཞོན་པ། ཧང་ཐའོ། ཅན་ཨེན་ལིན། ཧོང་ཞུའེ་ཀྲུང་། ལིའུ་རེན་ཞང་། ཧྲི་མིན་ཧྲེང་།

ཆུས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུའུ་ཁེ་ཁྲེང་།

ཆུས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུའུ་ཞིན་ཉན། ཐང་དབྱི་ཀྲེང་། ཝང་ཅིན་རུང་། ཏའེ་ཞའོ་ལི། ཀོན་ཨའེ་ཕིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། ས་ཆ། ཆུས། ཅང་སུའུ། ཡུལ་གྲུ།