ཝུའུ་ཧན་ས་ཁུལ་གྱི་གནའ་རྫས་རྟོག་ཞིབ་ལས་ཤེས་རྟོགས་བྱུང་བའི་ལོ་རྒྱུས་ནི་ད་བར་ལོ8000ནས་ལོ6000བར་གྱི་རྡོ་ཆས་གསར་པའི་དུས་རབས་ཀྱི་སྔ་དུས་དང་དཀྱིལ་དུས་བར་ཡིན་པ་དང་། དེའི་གནའ་རྫས་རྟོག་ཞིབ་ལས་ཏུང་ཧུའུ་མཚེའུ་ཡི་བྱ་གླག་གློད་སའི་གནའ་ཤུལ་གྱི་འབྲས་ཤུན་ཡོད་པའི་ས་དང་། རྡོ་སྟར། ཉ་ཚེབ་སོགས་ཡོད་པ་ཤེས་རྟོགས་བྱུང་ཡོད། གྲོང་འདབས་ཧོང་ཕི་ས་ཁོངས་ཀྱི་ཀྲང་ཤིས་དབན་གནའ་གྲོང་གནའ་ཤུལ་ནི་ལོ4300གོང་གི་གནའ་བོའི་མིའི་རིགས་ཀྱི་འཚོ་བའི་ཤུལ་བཞག་གལ་ཆེན་ཞིག་ཡིན། ཕན་ལུང་གྲོང་གི་གནའ་ཤུལ་ནི་ད་བར་ལོ3500ཙམ་སྔོན་གྱི་གོང་ཧྲང་ཁྲའོ་ཕྱོགས་ཀྱི་ཕོ་བྲང་གྲོང་ཁྱེར་ཞིག་རེད། ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་སུ། ཝུའུ་ཧན་ནི་ཁྲུའུ་རྒྱལ་ཁབ་ཀྱི་མངའ་འོག་ཏུ་གཏོགས།
ཝུའུ་ཧན་ས་གནས་ཀྱི་སྒྲིག་གཞི་ནི་ཧན་ནུབ་མ་ནས་འགོ་ཚུགས་པ་དང་། ཅང་ཞ་ཅུན་ཧྲ་ཡུས་རྫོང་གི་ས་ཆ་ཡིན། ཧན་རྒྱལ་རབས་ཤར་མའི་དུས་མཇུག་ཏུ་དེང་གི་ཧན་དབྱང་དུ་སྔ་རྗེས་སུ་ཆིའུ་ཡུའེ་ཁྲེང་དང་ལུའུ་ཧྲན་གྲོང་ཁྱེར་བཙུགས་པ་དང་། དེང་གི་ཝུའུ་ཁྲང་ཧྲེ་ཧྲན་དུ་ཞ་ཁོའུ་གྲོང་ཁྱེར་བཙུགས་པ་རེད། སྐབས་དེར་ཅིན་ཀྲོའུ་ཡི་མུའུ་ལིའུ་ཡིས་ཧོང་ཙུའུ་ཅང་ཞ་ཐའེ་ཧྲོའུ་ལ་མངགས་པ་དང་། ཅུན་དེ་ད་ལྟའི་ཧན་དབྱང་གི་ཀུའེ་ཧྲན་རི་བོའི“ཆིའུ་ཡུའེ་ཁྲེང”ཁྲོད་དུ་བཙུགས་པ་དང་། “ཆིའུ་ཡུའེ་ཁྲེང”ནི་ཝུའུ་ཧན་གྲོང་ཁྱེར་ནང་ཁུལ་དུ་ཤེས་ཟིན་པའི་མཁར་རྫོང་སྔ་ཤོས་སུ་གྱུར། ཝུའུ་ཧོང་ཝུའུ་གཉིས་པ(སྤྱི་ལོ223ལོ)ཏུང་ཝུའུ་སུན་ཆོན་གྱིས་ཝུའུ་ཁྲང་ཧྲན་དུ་ཞ་ཁོའུ་མཁར་བསྐྲུན་པ་དང་། དུས་མཚུངས་སུ་མཁར་ནང་གི་ཧོང་ཡོན་ཆན་གྱི་སྟེང་དུ་རྒྱང་ལྟ་མཆོད་རྟེན་བཞེངས་ནས་མིང་ལ་ཧོང་ཧོ་ལོའུ་ཞེས་བཏགས།
སྤྱི་ལོ2018ལོའི་ལོ་མཇུག་བར་ཝུའུ་ཧན་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཅང་ཨན་ཆུས་དང་། ཅང་ཧན་ཆུས། ཐུང་ཁོའུ་ཆུས། ཧན་དབྱང་ཆུས། ཝུའུ་ཁྲང་ཆུས། ཆིང་ཧྲན་ཆུས། ཧུང་ཧྲན་ཆུས། ཚའེ་ཏན་ཆུས། ཅང་ཞ་ཆུས། ཧོང་ཀྲོའུ་ཆུས། ཤིན་ཀྲོའུ་ཆུས། ཏུང་ཤིས་ཧུའུ་ཆུས། ཧན་ནན་ཆུས་སོགས་སྲིད་འཛིན་ཁུལ13ཡོད་པ་རེད། ཝུའུ་ཧན་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་འབྲི་ཆུའི་འགྲམ་རྒྱུད་ཀྱི་གཙང་བོའི་ལམ་ཆེན་ཨང་རྟགས188དུ་བཙུགས་ཡོད།
ཝུའུ་ཧན་གྲོང་ཁྱེར་ནི་ཧུའུ་པེ་ཞིང་ཆེན་གྱི་ཤར་རྒྱུད་དང་། འབྲི་ཆུ་དང་ཧན་ཧྲུའེ་འབྲེལ་མཚམས་སུ་གནས་པ་དང་། ས་ཁམས་ཀྱི་གནས་ཡུལ་ནི་འཕྲེད་ཐིག་བྱང་མ29;58′-31;22′དང་། ཤར་ཕྱོགས་ཀྱི་གཞུང་ཐིག113;41′-115;05′ཡིན། ཝུའུ་ཧན་གྲོང་ཁྱེར་ཤར་ནུབ་ཀྱི་འཕྲེད་ཐག་ཆེ་ཤོས་སྟོང་སྨི134དང་། ལྷོ་བྱང་གི་གཞུང་ཐག་ཆེ་ཤོས་སྟོང་སྨི155ཙམ་ཡོད་ཅིང་། ཤར་སྣེ་ཆེ་ཤོས་གླིང་གསར་ཁུལ་གྱི་ཞུས་ཀུའུ་སྲང་ལམ་གྱི་ཅང་ཅུན་གྲོང་ཚོར་གནས་པ་དང་། ནུབ་སྣེ་ནི་ཚའེ་ཏན་ཆུས་ཀྱི་ཀྲུའུ་རུའུ་སྲང་ལམ་གྱི་གོ་ཀོང་གྲོང་ཚོར་གནས་པ་དང་། ལྷོ་སྣེ་ནི་ཅང་ཞ་ཆུས་ཀྱི་ཧུའུ་ཕུའུ་ཁྲོམ་གཞུང་གི་ཅུན་པའོ་གྲོང་ཚོར་གནས། བྱང་སྣེ་ནི་ཧོང་པེ་ཆུས་ཚའེ་ཏན་ཁྲོམ་གཞུང་ལི་ཁྲུང་གྲོང་ཚོར་གནས་ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཝུའུ་ཧན་གྲོང་ཁྱེར་གྱི་ས་ཆའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ8569.15ཟིན་པ་དང་གྲོང་ཁུལ་འཛུགས་སྐྲུན་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ628ཟིན་ཡོད།
ཝུའུ་ཧན་གྲོང་ཁྱེར་གྱི་ས་དབྱིབས་ཀྱི་ཆགས་ཚུལ་ནི་ཧུའུ་པེའི་ཤར་ལྷོའི་རི་མ་ཐང་དེ་ཧན་ཅང་བདེ་ཐང་གི་ཤར་ཕྱོགས་བརྒྱུད་དེ་རི་བོ་ཏ་པིའེ་ཧྲན་གྱི་ལྷོ་ངོས་ཀྱི་རི་མ་ཐང་དམའ་མོར་བར་བརྒལ་བྱེད་པའི་ས་ཁུལ་དུ་གཏོགས་པ་དང་། བར་དམའ་ཞིང་སྙོམས་པ། ལྷོ་བྱང་གི་རི་མ་ཐང་དང་སྒང་གཤོང་གིས་བསྐོར་བ། བྱང་རྒྱུད་ཀྱི་རི་བོ་དམའ་མོར་ནགས་ཚལ་གྱིས་ཁེངས་ཡོད། གྲོང་ཁྱེར་ཡོངས་ཀྱི་རི་དམའ་བ་དང་། རི་མ་ཐང་། ལུམ་ཀང་བདེ་ཐང་དང་ཕིང་ཐང་བདེ་ཐང་གི་རྒྱ་ཁྱོན་ཀྱིས་ས་ཞིང་སྤྱིའི་རྒྱ་ཁྱོན་གྱི5.8%དང་། 12.3% 42.6% 39.3%ཟིན་ཡོད་ལ། མཚོ་ངོས་མཐོ་ཚད་སྨི19.2ནས873.7བར་དང་། མང་ཆེ་བ་སྨི50ཡི་མན་ཡིན།
ཝུའུ་ཧན་གྲོང་ཁྱེར་ནི་ཚ་ཁུལ་བྱང་མའི་དུས་རླུང་རང་བཞིན(བཞའ་ཚན)གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ལོ་འཁོར་མོར་ཆར་ཆུ་འབེལ་པོ་ཡོད་པ་དང་། ཚ་དྲོད་འདང་ངེས་ཡོད་པ། ཆར་བ་དང་ཚ་དུས་གཅིག་པ། འོད་དྲོད་དུས་ཚིགས་གཅིག་པ། དགུན་དུས་གྲང་ངར་ཆེ་བ་དང་དབྱར་དུས་ཚ་བ་ཆེ་བ། དུས་བཞིའི་དབྱེ་བ་གསལ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།
ཝུའུ་ཧན་གྱི་ལོ་རེའི་ཆ་སྙོམས་དྲོད་ཚད15.8℃-17.5℃ཡིན་པ་དང་། ཐལ་དྲགས་པའི་དྲོད་ཚད་མཐོ་ཤོས41.3℃(སྤྱི་ལོ1934ལོའི་ཟླ8པའི་ཚེས10ཉིན)ཡིན་པ་དང་། ཐལ་དྲགས་པའི་དྲོད་ཚད་དམའ་ཤོས་ནི-18.1℃(སྤྱི་ལོ1977ལོའི་ཟླ1པོའི་ཚེས30ཉིན)ཡིན། ལོ་རེར་སད་མེད་དུས་ནི་སྤྱིར་བཏང་དུ་ཉིན211ནས272བར་ཡིན་པ་དང་། ལོ་རེར་ཉི་འོད་ཕོག་ཚད་བསྡོམས་འབོར་ཆུ་ཚོད1810ནས2100བར་ཡིན། ལོ་རེར་ཁྱོན་བསྡོམས་རྩིབས་འཕྲོ་ལི་སྨི་གྲུ་བཞི་མ་རེར་སྟོང་ཁཱ104ནས113བར་ཡིན། ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི1150-1450བར་ཡིན། ཆར་པ་འབབ་ཚད་ལོ་རེའི་ཟླ6པ་ནས8པའི་བར་ཡིན་པ་དང་དེས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི40%ཡས་མས་ཟིན་ཡོད།
ཝུའུ་ཧན་གྲོང་ཁྱེར་གྱི་སྤྱིའི་ཆུ་ཁོངས་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2217.6ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི26.1%བཟུང་ཡོད། རིགས་ཁག་གི་ཆུ་མཛོད277ཡོད་པའི་ནང་ཆུ་མཛོད་ཆེ་གྲས3དང་། ཆུ་མཛོད་འབྲིང་གྲས6 ཤོང་ཚད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར9.25བཅས་ཡོད་པ་རེད། ཁྱོན་བསྡོམས་ཆུ་རྫིང་ཁྲི8.51ཡོད་པ་དང་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར3.3ཟིན་ཡོད། ཚོད་རྩིས་དང་དབྱེ་ཞིབ་བྱས་པར་གཞིགས་ན། རྒྱུན་ལྡན་གྱི་ལོ་ཚིགས་སུ་ས་འོག་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར128གསོག་འཇོག་བྱས་པ་དང་ས་ངོས་ཀྱི་ཆུའི་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར7145ཟིན་པའི་ནང་མངའ་ཁོངས་སུ་ཆར་པ་བབས་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར38ཟིན་པ་དང་ས་མཚམས་སྒྲོལ་བའི་ཆུས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར7047ཟིན་ཡོད་པ་རེད། ཆུ་ནུས་ཐོན་ཁུངས་ཀྱི་གཞུང་ལུགས་གསོག་ཚད་སྟོང་ཝ་ཁྲི2ཟིན་ཡོད།
ཝུའུ་ཧན་གྲོང་ཁྱེར་གྱི་ཚྭ་མེད་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཆུ་ཁོངས་ཀྱི་རྒྱ་ཁྱོན་ནི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་གྲས་ཨང་དང་པོ་ཡིན་པ། མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་བཟུང་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ40ཙམ་ཟིན། གོ་ལ་ཧྲིལ་པོའི་མི་རེའི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ10ཡིན་པ་བཅས་རེད།
ཝུའུ་ཧན་གྲོང་ཁྱེར་གྱི་འདམ་རའི་ཐོན་ཁུངས་དེ་གོ་ལ་ཧྲིལ་པོའི་སྐམ་སའི་དབུས་ཁུལ་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་ཡོད། སྤྱི་ལོ2012ལོ་བར་ཝུའུ་ཧན་གྲོང་ཁྱེར་གྱི་འདམ་རའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ3358.35ཟིན་པ་དེས་གྲོང་ཁྱེར་དེ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི39.54%བཟུང་བའི་ནང་རང་བྱུང་འདམ་རའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1561.86ཟིན་པ་དང་མིས་བཟོས་འདམ་རའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1796.49ཟིན་ཡོད།
སྤྱི་ལོ2018ལོའི་ཟླ་དང་པོའི་བར་ཝུའུ་ཧན་གྲོང་ཁྱེར་དུ་རྒྱལ་ཁབ་འདམ་རའི་སྤྱི་གླིང6(གསེར་དངུལ་མཚོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་དང་། ཤར་མཚོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་། ཨན་ཧྲན་རྒྱལ་ཁབ་འདམ་རའི་སྤྱི་གླིང་། ཧོའུ་ཀོན་མཚེའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་། ཏུའུ་ཀུང་མཚེའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་། གཙང་ལུང་གླིང་ཕྲན་རྒྱལ་ཁབ་འདམ་རའི་སྤྱི་གླིང་བཅས)ཡོད་པ་དེ་ནི་རྒྱལ་ཁབ་འདམ་རའི་སྤྱི་གླིང་མང་ཤོས་ཀྱི་གྲོང་ཁྱེར་ཞིག་རེད།
རགས་རྩིས་བྱས་པར་གཞིགས་ན། ཝུའུ་ཧན་གྲོང་ཁྱེར་གྱི་གྲོ་མ་རིགས་དང་ས་བོན་རྩི་ཤིང་ཚན106དང་། ཁོངས607 རིགས1066བཅས་ཡོད་པ་དེ་དག་ལ་ལྷོ་ཕྱོགས་དང་བྱང་ཕྱོགས་ཀྱི་རྩི་ཤིང་ཁུལ་གྱི་གྲུབ་ཆ་ཡོད།
ཝུའུ་ཧན་གྲོང་ཁྱེར་གྱིས་གཏེར་ཁ་རིགས33དང་གཏེར་གནས154རྙེད་པ་དང་། མི་མངོན་པའི་དཔལ་འབྱོར་རིན་ཐང་སྒོར་དུང་ཕྱུར8400ལྷག་ཙམ་ཟིན་པའི་ནང་ལྕགས་བཞུའི་རྒྱུ་ཆ་དང་འཛུགས་སྐྲུན་རྒྱུ་ཆ་གསོག་ཚད་མང་ཤོས་ཡིན་པ་དང་། རྒྱལ་ཡོངས་ཀྱི་བཞུ་རྫས་ཆེ་ཤོས་རྡོ་ཐལ་རྡོ་དང་། རྡོ་དཀར་བྲག་རྡོ། རྡོ་དབྱིན་བྱེ་རྡོ་བཅས་ཀྱི་རྟེན་གཞི་ཡོད་པ་དང་། ས་སྦོས་པའི་གཏེར་རྡོ་གསོག་ཚད་ཏུན་དུང་ཕྱུར1.18ལྷག་ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། གཏེར་ཆུ་སྤུས་ལེགས་དང་ཆུ་ཚན8རྙེད་པ་རེད། གཞན་ཡང་གསེར་གཏེར་ས་ཚིགས11དང་། ཟངས་གཏེར་ས་ཚིགས9 མཱན་གཏེར་དང་ལིན་གཏེར་ས་ཚིགས2བཅས་ཡོད་པ་དང་འབྲེལ་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཤེས་རྟོགས་ཐུབ་པའི“སྣུམ་རླངས་མངོན་རྟགས”ཀྱང་ཡོད་པ་རེད།
སྤྱི་ལོ2018ལོའི་ལོ་མཇུག་བར་ཝུའུ་ཧན་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི1108.1ཟིན་པ་དེ་སྤྱི་ལོ2017ལོའི་ལོ་མཇུག་ལས་མི་ཁྲི18.81འཕར་བ་དང་། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི889.69ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་ཚད(རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད)80.29%ཟིན་པ་དེ་སྤྱི་ལོ2017ལོའི་ལོ་མཇུག་ལས་བརྒྱ་ཆའི་གྲངས0.25མཐོ་རུ་ཕྱིན་ཡོད་པ་རེད། ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྲི883.73ཟིན་ཡོད། ལོ་ཧྲིལ་པོར་ཐེམ་ཐོ་ཡོད་པའི་གསར་སྐྱེས་མི་འབོར་ཁྲི11.94ཡོད་པ་དང་སྐྱེས་ཚད13.74‰ཟིན་པ། རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི4.79ཟིན་ནས་ཤི་ཚད5.51‰ཟིན་པ། རང་ཤུགས་སུ་འཕར་ཚད8.23‰ཟིན་ཡོད།
ཝུའུ་ཧན་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་གྲོང་ཁྱེར་ཞིག་ཡིན། སྤྱི་ལོ2014ལོའི་བར་ཝུའུ་ཧན་དུ་ཁྱོན་མི་རིགས50ཡོད་པའི་ནང་གྲངས་ཉུང་མི་རིགས49ཡོད་པ་དང་ཁྱོན་མི་ཁྲི5.42ཡོད་པ་དེས་གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་མི་འབོར་གྱི0.7%བཟུང་ཡོད། གྲངས་ཉུང་མི་རིགས་ཀྱི་ཁྲོད་དུ་ཧུའེ་རིགས་མི་གྲངས་ཆེས་མང་ཤོས(མི་གྲངས་ཁྲི་2ལྷག་ཡོད)ཡིན་པ་དང་། དེ་ནས་ཐུའུ་ཅ་རིགས(མི་གྲངས་ཁྲི་1ལྷག་ཡོད)ཡིན།
ཝུའུ་ཧན་གྲོང་ཁྱེར་གྱི་རིམ་བྱུང་གི་ཏང་སྲིད་འགོ་ཁྲིད།
གྲོང་ཨུད་ཧྲུའུ་ཅི།
ཀྲང་ཕིན་ཧྭ། སྤྱི་ལོ1954ལོའི་ཟླ6པ་ནས་སྤྱི་ལོ1955ལོའི་ཟླ9པའི་བར།
སུང་ཁན་ཧྥུ། སྤྱི་ལོ1955ལོའི་ཟླ9པ་ནས་སྤྱི་ལོ1968ལོའི་ཟླ1པོའི་བར།
ཧྥང་མིན། སྤྱི་ལོ1971ལོའི་ཟླ2པ་ནས་སྤྱི་ལོ1973ལོའི་ཟླ1པོའི་བར།
ཝང་ཁེ་ཝུན། སྤྱི་ལོ1973ལོའི་ཟླ1པོ་ནས་སྤྱི་ལོ1977ལོའི་ཟླ11པའི་བར།
ཀུའུ་ཏ་ཁྲུན། སྤྱི་ལོ1977ལོའི་ཟླ11པ་ནས་སྤྱི་ལོ1979ལོའི་ཟླ2པའི་བར།
ལི་རེན་ཀྲི། སྤྱི་ལོ1979ལོའི་ཟླ2པ་ནས་སྤྱི་ལོ1980ལོའི་ཟླ12པའི་བར།
ཝང་ཆུན། སྤྱི་ལོ1980ལོའི་ཟླ12པ་ནས་སྤྱི་ལོ1987ལོའི་ཟླ8པའི་བར།
ཀྲེང་ཡུན་ཧྥེ། སྤྱི་ལོ1987ལོའི་ཟླ10པ་ནས་སྤྱི་ལོ1991ལོའི་ཟླ10པའི་བར།
ཆན་ཡུན་ལུའུ། སྤྱི་ལོ1991ལོའི་ཟླ10པ་ནས་སྤྱི་ལོ1998ལོའི་ཟླ12པའི་བར།
ལུའོ་ཆིང་ཆོན། སྤྱི་ལོ1999ལོའི་ཟླ1པོ་ནས་སྤྱི་ལོ2002ལོའི་ཟླ10པའི་བར།
ཁྲེན་ཞུན་ཆིའུ། སྤྱི་ལོ2002ལོའི་ཟླ10པ་ནས་སྤྱི་ལོ2005ལོའི་ཟླ5པའི་བར།
མིའོ་ཞུས། སྤྱི་ལོ2005ལོའི་ཟླ5པ་ནས་སྤྱི་ལོ2008ལོའི་ཟླ3པའི་བར།
དབྱང་སུང་། སྤྱི་ལོ2008ལོའི་ཟླ3པ་ནས་སྤྱི་ལོ2011ལོའི་ཟླ1པོའི་བར།
རོན་ཁྲེང་ཧྥ། སྤྱི་ལོ2011ལོའི་ཟླ1པོ་ནས་སྤྱི་ལོ2016ལོའི་ཟླ12པའི་བར།
ཁྲེན་ཞིན་ཧྲེང་། སྤྱི་ལོ2016ལོའི་ཟླ12པ་ནས་སྤྱི་ལོ2018ལོའི་ཟླ3པའི་བར།
མ་གོ་ཆང་སྤྱི་ལོ2018ལོའི་ཟླ7པ་ནས་ད་ལྟའི་བར།
ཧྲི་ཀྲང།
ཝུའུ་ཏེ་ཧྥེང་། སྤྱི་ལོ1949ལོའི་ཟླ5པ་ནས་སྤྱི་ལོ1952ལོའི་ཟླ2པའི་བར།
ལི་ཞན་ཉན། སྤྱི་ལོ1952ལོའི་ཟླ2པ་ནས་སྤྱི་ལོ1952ལོའི་ཟླ12པའི་བར།
ཝང་རེན་ཀྲུང་། སྤྱི་ལོ1952ལོའི་ཟླ12པ་ནས་སྤྱི་ལོ1954ལོའི་ཟླ11པའི་བར།
སུང་ཁན་ཧྥུ། སྤྱི་ལོ1954ལོའི་ཟླ11པ་ནས་སྤྱི་ལོ1956ལོའི་ཟླ12པའི་བར།
ལིའུ་ཞིང་ཕན། སྤྱི་ལོ1956ལོའི་ཟླ12པ་ནས་སྤྱི་ལོ1966ལོའི་ཟླ5པའི་བར།
ཧྥང་མིན། སྤྱི་ལོ1971ལོའི་ཟླ2པ་ནས་སྤྱི་ལོ1973ལོའི་ཟླ1པོའི་བར།
ཝང་ཁེ་ཝུན། སྤྱི་ལོ1973ལོའི་ཟླ1པོ་ནས་སྤྱི་ལོ1977ལོའི་ཟླ11པའི་བར།
ལི་རེན་ཀྲི། སྤྱི་ལོ1979ལོའི་ཟླ12པ་ནས་སྤྱི་ལོ1980ལོའི་ཟླ12པའི་བར།
ལི་ཀྲི། སྤྱི་ལོ1980ལོའི་ཟླ7པ་ནས་སྤྱི་ལོ1981ལོའི་ཟླ3པའི་བར།
ཝུའུ་ཀོན་ཀྲེང་། སྤྱི་ལོ1983ལོའི་ཟླ3པ་ནས་སྤྱི་ལོ1986ལོའི་ཟླ10པའི་བར།
ཀྲའོ་པའོ་ཅང་། སྤྱི་ལོ1986ལོའི་ཟླ10པ་ནས་སྤྱི་ལོ1997ལོའི་ཟླ1པོའི་བར།
ཝང་ཧྲོའུ་ཧའེ། སྤྱི་ལོ1997ལོའི་ཟླ1པོ་ནས་སྤྱི་ལོ2001ལོའི་ཟླ12པའི་བར།
ཀྲོའུ་ཅི། སྤྱི་ལོ2001ལོའི་ཟླ12པ་ནས་སྤྱི་ལོ2002ལོའི་ཟླ4པའི་བར།
ལི་ཞན་ཧྲེང་། སྤྱི་ལོ2002ལོའི་ཟླ4པ་ནས་སྤྱི་ལོ2007ལོའི་ཟླ12པའི་བར།
རོན་ཁྲེང་ཧྥ། སྤྱི་ལོ2007ལོའི་ཟླ12པ་ནས་སྤྱི་ལོ2011ལོའི་ཟླ1པོའི་བར།
ཐང་ལིའང་ཀྲི། སྤྱི་ལོ2011ལོའི་ཟླ1པོ་ནས་སྤྱི་ལོ2014ལོའི་ཟླ12པའི་བར།
ཝན་ཡུང་། སྤྱི་ལོ2015ལོའི་ཟླ1པོ་ནས་སྤྱི་ལོ2018ལོའི་ཟླ5པའི་བར།
ཀྲོའུ་ཞན་ཝང་། སྤྱི་ལོ2018ལོའི་ཟླ5པ་ནས་ད་ལྟའི་བར།
སྤྱི་ལོ2018ལོར་ཝུའུ་ཧན་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར14847.29ཟིན་པ་དང་དེ་དུས་མཚུངས་ལས་8.0%འཕར་ཡོད། ཐོན་ལས་གསུམ་གྱི་གྲུབ་ཚུལ་ནི2.4:43.0:54.6ཡིན། རྒྱུན་སྡོད་མི་འབོར་ལ་གཞིགས་ནས་རྩིས་བརྒྱབ་ན་གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར135136ཟིན་པ་དེ་དུས་མཚུངས་ལས་6.4%འཕར།
སྤྱི་ལོ2018ལོར་ཝུའུ་ཧན་གྲོང་ཁྱེར་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར29000.24ཟིན་པ་དེ་དུས་མཚུངས་ལས9.3%འཕར་བ་དང་། དེའི་ནང་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར1528.70ཟིན་ནས11.0%འཕར་བ་རེད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར1294.21ཟིན་པ་དང9.83%འཕར་ཡོད་པ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར1929.54ཟིན་པ་དང12.33%འཕར་བ་རེད། ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད(ཞིང་དུད་ཚུད་མེད)དུས་མཚུངས་ལས10.6%འཕར་བ་རེད།
སྤྱི་ལོ2018ལོར་ཝུའུ་ཧན་གྲོང་ཁྱེར་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར4233ཟིན་པ་དེ་དུས་མཚུངས་ལས9.0%འཕར་བ་དང་། རྒྱུན་སྡོད་ཁུལ་ལ་གཞིགས་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར47359ཟིན་པ་དེ་དུས་མཚུངས་ལས9.1%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར22652ཟིན་པ་དེ་དུས་མཚུངས་ལས8.5%འཕར་ཡོད་པ་རེད།
ཝུའུ་ཧན་གྲོང་ཁྱེར་ནི་འབྲི་ཆུའི་ཆུ་ལམ་ཡག་ཤོས་དང་ཅིང་ཀོང་ལྕགས་ལམ་གྱི་འཕར་རྩ་ཆེན་པོའི་འབྲེལ་མཚམས་སུ་གནས་ཤིང་། དེ་སྔ་ནས“ཞིང་ཆེན་དགུའི་ཤར་བགྲོད”ཅེས་བརྗོད་ཀྱི་ཡོད། དེ་ནི་ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཆུ་སྐམ་མཁའ་གསུམ་གྱི་འགྲིམ་འགྲུལ་ལྟེ་གནས་ཆེ་ཤོས་དེ་རེད། སྤྱི་ལོ2009ལོར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཝུའུ་ཧན་གྲོང་ཁྱེར་དེ་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཞིབ་འཇུག་ཚོད་ལྟའི་གྲོང་ཁྱེར་དང་པོར་དངོས་སུ་ཆོག་མཆན་སྤྲད་པ་རེད།
སྤྱི་ལོ2015ལོའི་ལོ་མཇུག་བར་ཝུའུ་ཧན་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྟོང་སྨི15658.70ཟིན་པའི་ནང་རིམ་པ་མཐོ་བའི་གཞུང་ལམ་སྟོང་སྨི15394.30ཡོད་པ་རེད། རིམ་པ་མཐོ་བའི་གཞུང་ལམ་དུ་མྱུར་བགྲོད་གཞུང་ལམ་སྟོང་སྨི633.50ཡོད། གཞུང་ལམ་དྲ་བའི་སྟུག་ཚད་སྟོང་སྨི་གྲུ་བཞི་བརྒྱ་རེར་སྟོམ་སྨི195ཟིན་ཡོད།
ཝུའུ་ཧན་ནི་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་འགྲུལ་སྐྱེལ་ཆེད་ལམ་དྲ་བའི་འགག་རྩ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ལྕགས་ལམ་གྱི་ལྟེ་གནས་ཆེན་པོ་བཞི་དང་། ལྕགས་ལམ་འགྲུལ་སྐྱེལ་ལྟེ་གནས་ཆེན་པོ་དྲུག འཕྲུལ་འཁོར་ཞིབ་བཤེར་བཟོ་བཅོས་རྟེན་གཞི་ཆེན་པོ་བཞི་བཅས་ཀྱི་གྲས་ཤིག་ཡིན་པ་དང་། པེ་ཅིང་ནས་ཀོང་ཏུང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་ཧྲང་ཧའེ་ནས་ཧན་ཁྲེང་བར་གྱི་ལྕགས་ལམ་གྱི་རྒྱལ་ཁབ་རིམ་པའི་མྱུར་བགྲོད་ལྕགས་ལམ་གྱི་འཕར་རྩ་ཆེན་པོ་གཉིས་སྣོལ་འདྲེས་བྱེད་ས་ཞིག་རེད། སྤྱི་ལོ2013ལོར་ཝུའུ་ཧན་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་པེ་ཅིང་དང་ཀོང་ཀྲོའུ་ལས་བརྒལ་ནས་མི་ཐེངས་དུང་ཕྱུར1.2ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཏེ་ཀྲུང་གོའི་ལྕགས་ལམ་ཐོག་གི་སྐྱེལ་འདྲེན་ས་ཚིགས་ཆེ་ཤོས་སུ་གྱུར་ཡོད།
ཝུའུ་ཧན་ནི་ཀྲུང་གོའི་ཚན་སློབ་ལྟེ་གནས་ཀྱི་གྲོང་ཁྱེར་ཆེ་གྲས་བཞིའི་གྲས་ཤིག་ཡིན། སྤྱི་ལོ2018ལོའི་ལོ་མཇུག་བར་ཝུའུ་ཧན་དུ་མཐོ་སློབ་དཀྱུས་མ84ཡོད་པ་དང་ལོ་ཧྲིལ་པོར་སློབ་གྲྭར་ཞིབ་འཇུག་སློབ་མ་ཁྲི13.8ཡོད་པ་དེ་དུས་མཚུངས་ལས8.6%འཕར་བ་དང་། དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི96.9ཟིན་པ་དང2.3%འཕར། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི8.1ཡོད་པ་དེ་3.9%མར་ཆག སློབ་འབྲིང་དཀྱུས་མའི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི32.8ཟིན་ཟིན་པ་དང4.0%འཕར། སློབ་ཆུང་དུ་སློབ་གྲྭར་ཡོད་པའི་སློབ་མ་ཁྲི57.9ཟིན་པ་དང8.2%འཕར། བུ་བཅོལ་ཁང་གི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི31.8ཟིན་པ་དང5.3%འཕར་ཡོད། ལོ་ཧྲིལ་པོར་སྤྱི་ཕན་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང54གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་། སློབ་གྲྭ་འབྲིང་ཆུང31གསར་སྐྲུན་རྒྱས་སྐྲུན་བྱས་ནས་སློབ་གནས་ཁྲི6གསར་སྣོན་བྱས་ཡོད།
2018ལོའི་ཟླ4པར་རྒྱལ་ཁབ་ཆ་འཕྲིན་འོད་གློག་གསར་གཏོད་ལྟེ་གནས་ཝུའུ་ཧན་ཧྥེང་མེ་ཚན་རྩལ་ཚོགས་པར་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་དང་། ཟླ10པར་རྒྱལ་ཁབ་གྲངས་འཛིན་ཅན་གྱི་ཇུས་འགོད་དང་བཟོ་སྐྲུན་གསར་གཏོད་ལྟེ་གནས་ཝུའུ་ཧན་དུ་སྤྱོད་འགོ་ཚུགས་པ་རེད། ཝུའུ་ཧན་དེ་པེ་ཅིང་དང་ཧྲང་ཧའེ་རྗེས་རྒྱལ་ཡོངས་སུ“རྒྱལ་ཁབ་གཉིས་ཀྱི་བཟོ་སྐྲུན་ལས་རིགས་གསར་གཏོད་ལྟེ་གནས”ཡོད་པའི་གྲོང་ཁྱེར་ཨང་གསུམ་པ་དེར་གྱུར་ཡོད།
སྤྱི་ལོ2018ལོར་ཝུའུ་ཧན་ས་ཁུལ་གྱི་ཚན་རྩལ་ཞིབ་འཇུག་སྒྲིག་གཞི111དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ31 ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ36བཅས་ཡོད་པ་རེད། ལོ་ཧྲིལ་པོར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར1337.9ཟིན་པ་དེ་དུས་མཚུངས་ལས9.1%འཕར་ཡོད། ཚན་རྩལ་གྲུབ་འབྲས་གལ་ཆེན་ས་གནས་ས་ཐོག་ཏུ་གཞན་སྒྱུར་ཁག་1072བྱས་པ་དང་གན་འཇོག་དངུལ་འབོར་སྒོར་དུང་ཕྱུར371.4ཟིན་པ། ལག་རྩལ་གན་རྒྱ་ཁག17541ཐོ་འགོད་བྱས་པ་དང་། ལག་རྩལ་གན་རྒྱའི་ཚོང་འགྲིག་ཚད་སྒོར་དུང་ཕྱུར722.54ཡིན་པ་དེ་དུས་མཚུངས་ལས19.8%འཕར་ཡོད། ལོ་ཧྲིལ་པོའི“མཐོ་གསར་ལག་རྩལ་ཁེ་ལས་བཞི་ཡི་མཐོ་གསར་ལག་རྩལ་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་ལས་བརྒལ་ནས་དུས་མཚུངས་ལས16.1%འཕར་བ་དང་། ལག་རྩལ་མཐོ་གསར་གྱི་འཕར་ཐང13.5%འཕར་ཡོད། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད60511དང་དབང་ཆ་སྤྲོད་ཚད32397ཟིན་པ་དེ་དུས་མཚུངས་ལས21.7%དང26.9%འཕར་བ་རེད། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད29095ཟིན་པ་དང་དབང་ཆ་སྤྲོད་ཚད8807ཟིན་ནས25.2%དང4.3%འཕར་ཡོད། མི་ཁྲི་རེར་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ34ཡོད་པ་རེད། PCTརྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད1475ཟིན་ནས21.1%འཕར་ཡོད་པ་རེད།
སྤྱི་ལོ2018ལོའི་ལོ་མཇུག་བར་ཝུའུ་ཧན་དུ་སྤྱི་པའི་དཔེ་མཛོད་ཁང2ཡོད་པ་དང་དེབ་ཁྲི452.7ཉར་ཚགས་བྱས་ཡོད། ཀློག་པ་པོ་མི་ཐེངས་ཁྲི459.10ལ་སྣེ་ལེན་ཞུས། རྟེན་རྫས་བཤམས་མཛོད་ཁང10ཡོད་པ་དེས་ལྟད་མོ་བ་མི་ཐེངས་ཁྲི543.58ལ་སྣེ་ལེན་ཞུས། མང་ཚོགས་སྒྱུ་རྩལ་ཁང་དང་རིག་གནས་ཁང1དང་། སྒྱུ་རྩལ་འཁྲབ་སྟོན་ཚོགས་པ8 འཁྲབ་སྟོན་འཁྲབ་ཚན12བཅས་ཡོད་པ་རེད། རྒྱལ་ཁབ་རིམ་པའི་བྱ་དགའ་ཐེངས4ཐོབ། གློག་བརྙན་ཁང129དང་། གློག་བརྙན་སྟོན་ཐེངས་ཁྲི197བཅས་ཡོད་པ་དེ་དུས་མཚུངས་ལས14.0%འཕར་བ་དང་གློག་བརྙན་ལྟ་མཁན་མི་ཐེངས་ཁྲི4467.00ཟིན་ཡོད་པ་རེད།
སྤྱི་ལོ2014ལོར་ཝུའུ་ཧན་དུ་ཚགས་པར་དུང་ཕྱུར7.3དཔེ་སྐྲུན་བྱས་པ་དང་དུས་དེབ་ཁྲི900དཔེ་སྐྲུན་བྱས་ཡོད། ཝུའུ་ཧན་དཔེ་སྐྲུན་ཁང་གིས་དཔེ་དེབ19ཡི་རིགས830དང་དེབ་ཁྲི1088དཔེ་སྐྲུན་བྱས་པ་རེད། གྲོང་ཁྱེར་ཁོངས་གཏོགས་ཀྱི་བརྙན་འཕྲིན་ལས་ཁུངས1དང་བརྙན་འཕྲིན་ལེ་ཚན11བཅས་ཡོད་པ་རེད། གྲོང་ཁྱེར་ཁོངས་གཏོགས་ཀྱི་རླུང་འཕྲིན་ལས་ཁུངས1དང་རླུང་འཕྲིན་ལེ་ཚན8ཡོད།
སྤྱི་ལོ2014ལོའི་ལོ་མཇུག་བར་ཝུའུ་ཧན་དུ་ཧུའུ་པེ་འབྲི་ཆུའི་དཔེ་སྐྲུན་སྨྱན་སྦྱོར་ཚོགས་པ་དང་། ཧུའུ་པེ་ཉིན་རེའི་ཚགས་པར་སྨྱན་སྦྱོར་ཚོགས་པ། འབྲི་ཆུ་ཉིན་རེའི་ཚགས་པར་ལས་རིགས་ཚོགས་པ། དེང་གི་གནའ་བོའི་ངོ་མཚར་ཆེ་བའི་ཚགས་པར་དང་དུས་དེབ་ཚོགས་པ་སོགས་དཔེ་སྐྲུན་ཚོགས་པ་ཡོད་པ་དང་། 《བརྩམས་སྒྲུང་ཡག་ཤོས》དང་། 《དེང་གི་གཏམ་རྒྱུད་ངོ་མཚར་ཆེ་བ》《སློབ་ཆུང་སློབ་མའི་གནམ་ས》《དམིགས་བསལ་དོ་ཁུར》སོགས་དུས་དེབ་དཔེ་སྐྲུན་བྱས་ཡོད།
སྤྱི་ལོ2018ལོའི་ལོ་མཇུག་བར་ཝུའུ་ཧན་དུ་ལུས་རྩལ་ཐང155ཡོད་པ་དང་རིམ་པ་མཐོ་བའི་ལུས་རྩལ་པ472ཡོད་པ་རེད། ལོ་ཧྲིལ་པོར་རྒྱལ་སྤྱི་རྒྱལ་ནང་གི་འགྲན་བསྡུར་བྱེད་སྒོ་ཐེངས20གཉེར་བ་རེད། ཝུའུ་ཧན་གྲོང་ཁྱེར་གྱི་ལུས་རྩལ་པར་འཛམ་གླིང་གི་ཨང་དང་པོ2དང་རྒྱལ་ཁབ་རྒྱལ་ཁབ་རིམ་པའི་ཨང་དང་པོ2ཐོབ་ཡོད། ལོ་ཧྲིལ་པོར་ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར36.49ལྷག་ཟིན་ཡོད།
སྤྱི་ལོ1902ལོར་དབྱིན་ཇི་བས་ཧན་ཁོའུ་རུ་ནུབ་ཕྱོགས་ཀྱི་ཚོང་པའི་རྟ་རྒྱུག་ར་བ་བཙུགས། ཝུའུ་ཧན་ཤར་ཕྱོགས་མཱ་ཁྲེང་རྒྱལ་སྤྱིའི་རྟ་རྒྱུག་ར་བ་ནི་ཀྲུང་གོའི་གཞི་ཁྱོན་ཆེ་ཤོས་དང་རིམ་པ་མཐོ་ཤོས་ཀྱི་རྟ་རྒྱུག་ར་བ་ཞིག་ཡིན་པ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྲུང་གོའི་རྟ་རྩལ་མཐུན་ཚོགས་ཀྱི་རྟ་རྩལ་དང་མྱུར་ཚད་སྦྱོང་བརྡར་རྟེན་གཞི་ཉག་ཅིག་ཡིན་ཞིང་། དེ་གར་གཉེར་བའི་ཝུའུ་ཧན་མྱུར་ཚད་རྟ་རྒྱུག་འགྲན་བསྡུར་ནི་ཀྲུང་གོའི་ནང་སའི་རྒྱུན་གཏན་རྟ་རྒྱུག་འགྲན་བསྡུར་གཅིག་པུ་དེ་ཡིན་པ་དང་ཝུའུ་ཧན་རྒྱལ་སྤྱིའི་རྟ་རྒྱུག་དུས་ཆེན་ནི་ཀྲུང་གོའི་རྟ་རྒྱུག་འགྲན་བསྡུར་གྱི་སྤུས་རྟགས་དང་པོ་དེ་ཡིན་པ་རེད།
ཝུའུ་ཧན་ནི་པེ་ཅིང་རྗེས་ཀྱི་ཀྲུང་གོས་རྒྱལ་སྤྱིའི་ཐོག་ཁས་བླངས་པའི་རྨས་སྐྱོན་མྱུར་སྐྱོབ་ཀྱི་ཐོབ་ཐང་ལག་ཁྱེར་སྤྲོད་པའི་གྲོང་ཁྱེར་གཉིས་པ་ཡིན་པ་རེད། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ཐུང་ཅི་གསོ་རིག་སློབ་གླིང་གི་ཞོར་གཏོགས་ཐུང་ཅི་སྨན་ཁང(ཨེ་ཤེ་ཡའིKTQསྨན་བཅོས་སྤུས་ཚད་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་སྨན་ཁང་ཐོག་མ)དང་། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ཐུང་ཅི་གསོ་རིག་སློབ་གླིང་གི་ཞོར་གཏོགས་ཞེ་ཧོ་སྨན་ཁང་། ཝུའུ་ཧན་སློབ་ཆེན་མི་དམངས་སྨན་ཁང་། ཝུའུ་ཧན་སློབ་ཆེན་ཀྲུང་ནན་སྨན་ཁང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དབུས་རྒྱུད་འཐབ་ཁུལ་སྤྱི་ཁྱབ་སྨན་ཁང་སོགས་ཕྱོགས་བསྡུས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དང་དེ་བཞིན་ཝུའུ་ཧན་སློབ་ཆེན་ཁ་སྦུག་སྨན་ཁང་། ཝུའུ་ཧན་ཨེ་ཤེ་ཡའི་སྙིང་ནད་སྨན་ཁང་སོགས་ཆེད་ཚན་སྨན་ཁང་གི་དངོས་ཤུགས་ཚང་མ་རྒྱལ་སྤྱིའི་མདུན་གྲལ་དུ་སླེབས་ཡོད་པ་རེད།
སྤྱི་ལོ2018ལོའི་ལོ་མཇུག་བར་ཝུའུ་ཧན་དུ་འཕྲོད་བསྟེན་བྱ་གཞག་སྒྲིག་གཞི6340དང་ཉལ་ཁྲི་ཁྲི9.59ཡོད་པ་དེ་སྤྱི་ལོ2017ལོའི་ལོ་མཇུག་དང་བསྡུར་ན་ཁྲི0.42འཕར་ཡོད་པ་རེད། མི་སྟོང་རེར་སྨན་ཁང་གི་ནད་ཁྲི7.48ཡོད། འཕྲོད་བསྟེན་ལག་རྩལ་མི་སྣ་ཁྲི10.67ཟིན་པ་དེ་སྤྱི་ལོ2017ལོའི་ལོ་མཇུག་ལས་མི་ཁྲི0.42འཕར་ཡོད། དེའི་ནང་ལས་གཉེར(ལས་རོགས)ཀྱི་སྨན་པ་དཀའ་བཅུ་པ་ཁྲི3.82དང་ནད་གཡོག་པ་ཁྲི5.35ཡོད་པ་རེད། མི་སྟོང་རེར་སྨན་པ3.42ཡོད། ལོ་ཧྲིལ་པོར་ཀ་པའི་རིགས་ཀྱི་ཁྲིམས་བཀོད་འགོས་ནད་ཀྱི་སྙན་ཞུའི་མི་གྲངས་མི་ཁྲི10ཡི་ནང180ཟིན་ཡོད། སྤྱི་དམངས་མི་ཁྲི22.5ལ་རིན་མེད་ཁྲག་འབུལ་བྱས་པ་རེད། མི་རེའི་ཆ་སྙོམས་ཚེ་ཚད་ལོ81.3ཟིན་ཡོད།
ཝུའུ་ཧན་ནི་ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར་ཁག་དང་པོ་དེ་ཡིན་པ་དང་ལོ་ལྟར་ཝུའུ་ཧན་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་གཉེར་གྱི་ཡོད། ཝུའུ་ཧན་གྱི་རང་བྱུང་མཛེས་ལྗོངས་ཐུན་མོང་མ་ཡིན་པ་དང་དུས་བཞིའི་གནམ་གཤིས་གསལ་པོ་ཡོད་ཅིང་། གྲོང་ཁྱེར་ཆེ་གྲས་གཞན་དག་ལ་མཐོང་དཀོན་པའི་མཚེའུ166དང་མུ་འབྲེལ་རི་བོ་མང་པོ་ཡོད། ཝུའུ་ཧན་གྱི་མི་ཆོས་ཡུལ་ལྗོངས་ལ་ཁྲུའུ་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན།
སྤྱི་ལོ2018ལོའི་ལོ་མཇུག་བར་ཝུའུ་ཧན་གྲོང་ཁྱེར་དུ་རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ46ཡོད་པའི་ནང5Aརིམ་པ3དང་། 4Aརིམ་པ193 3Aརིམ་པ་24བཅས་ཡོད་པ་རེད།
སྤྱི་ལོ1861ལོའི་ཟླ4པར་དབྱིན་ཇིས་ཅིན་ཀྲི་ཨེར་ཧན་དུ་བཅའ་སྡོད་ཁེ་སྐྱོང་བ་དང་ཝུའུ་ཧན་དུ་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་དང་པོ་དེ་བཙུགས་པ་དང་དེ་རྗེས་ཨ་རི་དང་། ཨུ་རུ་སུ། ཧྥ་རན་སེ། ཕོར་ཐིའུ་ཀོར། རི་པིན། འཇར་མན། དབྱི་ཐ་ལི། ཏན་ཏན། སུའེ་ཏེན། གཞན་པ། མོ་མོ། ཧྥིན་བཅས་རྒྱལ་ཁབ14ཡིས་སྔ་རྗེས་སུ་ཧན་དུ་ཁེ་སྐྱོང་ལས་ཤག་དང་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་བཙུགས་པ་དང་། ཨོ་སི་ཁྲུ་རི་ཡ། སུའེ་ཙེར། ཁོང་ཀུའུ། ཧྥི་ལི་ཕིན་སོགས་རྒྱལ་ཁབ་ཀྱིས་ཀྱང་ཧན་དུ་ཁེ་སྐྱོང་ལས་སྒོ་གཉེར་ཡོད། སྤྱི་ལོ1998ལོར་ཝུའུ་ཧན་དུ་བཅའ་སྡོད་ཧྥ་རན་སེའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་དངོས་སུ་སྒོ་ཕྱེ་ཞིང་། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀྲུང་གོའི་དབུས་རྒྱུད་ས་ཁུལ་དུ་བཙུགས་པའི་ཕྱི་རྒྱལ་གྱི་ཁེ་སྐྱོང་སྒྲིག་གཞི་དང་པོ་དེ་རེད། སྤྱི་ལོ2016ལོའི་ཟླ9པར་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་ཨུ་རུ་སུས་ཝུའུ་ཧན་དུ་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་འཛུགས་རྒྱུ་དང་དེའི་ཐོག་ད་བར་བཙུགས་པའི་ཧྥ་རན་སེ་དང་། ཨ་རི། ཧན་གོ དབྱིན་ཇི་བཅས་ཝུའུ་ཧན་དུ་བཅའ་སྡོད་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་བཞི་བསྣན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཚང་མས་ཝུའུ་ཧན་དུ་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་འཛུགས་རྒྱུ་ཡིན་ཞེས་བཤད་པ་རེད།
སྤྱི་ལོ1979ལོར་ཝུའུ་ཧན་གྲོང་ཁྱེར་གྱིས་ཉི་ཧོང་ཏ་ཡན་གྲོང་ཁྱེར་དང་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་དང་པོ་བཙུགས་པ་རེད། སྤྱི་ལོ2018ལོའི་ཟླ11པའི་བར་ཝུའུ་ཧན་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར28དང་། རྒྱལ་སྤྱིའི་མཛའ་གྲོགས་སྤེལ་རེས་གྲོང་ཁྱེར81 མཛའ་གྲོགས་གྲོང་ཁྱེར་གྱི་གཞི་ཁྱོན་དང་འགྲོ་འོང་འཁྲུག་ཆ་དོད་ཚད་ཚང་མ་ཀྲུང་གོའི་ནང་སའི་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་ཡོད།
སྤྱི་ལོ2018ལོའི་ཀྲུང་གོའི་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་ཚོགས་ཆེན་ཟླ11པའི་ཚེས14ཉིན་ཝུའུ་ཧན་དུ་འཚོགས་པ་དེ་ནི་མཛའ་གྲོགས་གྲོང་ཁྱེར་གྱི་ཚོགས་ཆེན་དབུས་རྒྱུད་ས་ཁུལ་དུ་གཉེར་ཐེངས་དང་པོ་དེ་རེད།