སྐར་མ་མིག་དམར།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-01-10 08:47ལ་འགྲུབ།

སྐར་མ་མིག་དམར།

སྐར་མ་མིག་དམར།
མིག་དམར་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་ནང་ནས་རྒྱུ་སྐར་ཨང་བཞི་བ་དེ་ཡིན། ས་གཞིའི་རྒྱུ་སྐར་ཁོངས་སུ་གཏོགས། ཚངས་ཐིག་ནི་ཕལ་ཆེར་སའི་གོ་ལའི་ཚངས་ཐིག་གི་ཕྱེད་ཀ་དང་། རང་འཁོར་འཁོར་མདའི་གསེག་ཟུར་དང་རང་འཁོར་འཁོར་ཡུན་ཉེ་མཚུངས་སྤྱི་འཁོར་འཁོར་མདའ་གཟའ་འཁོར་གཅིག་འགོར་ན་དུས་ཚོད་ལྡབ་གཉིས་སྤྱད། ནུབ་ཕྱོགས་སུ་དགྲ་ལྷ་མར་སི་སྐར་ཆེན་ཞེས་འབོད་པ་དང་། ཀྲུང་གོའི་འོད་འཚེར་སྐར་ཆེན་ཞེས་འབོད་ཀྱིན་ཡོད། རྒྱུ་མཚན་ནི་དེ་མེ་ལྟར་འབར་བ་དང་། གནས་དང་གསལ་ཚད་རྟག་ཏུ་འགྱུར་ལྡོག་འབྱུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
火星
ཕྱི་ཡིག་གི་མིང་།
Mars
1 ​ངོ་སྤྲོད།

མིག་དམར་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་ནང་ནས་རྒྱུ་སྐར་ཨང་བཞི་བ་དེ་ཡིན། མིག་དམར་གྱི་ཚངས་ཐིག་ནི་ཕལ་ཆེར་སའི་གོ་ལའི་ཕྱེད་ཀ་ཡིན་ལ། བོངས་ཚད་ནི15%དང་། སྤུས་ཚད་ནི11%ཡིན། ཕྱི་ངོས་རྒྱ་ཁྱོན་ནི་སའི་གོ་ལའི་ས་ངོས་རྒྱ་ཁྱོན་དང་ཕལ་ཆེར་མཚུངས། སྟུག་ཚད་ནི་ས་གཞིའི་རྒྱུ་སྐར་གཞན་གསུམ་ལས་ཧ་ཅང་ཆུང་། ཚངས་ཕྱེད་དང་། སྤུས་ཚད། ཕྱི་ངོས་ཀྱི་ལྗིད་ཤུགས་བཅས་ཀྱི་ཐོག་ནས་བཤད་ན། སྐར་མ་མིག་དམར་ནི་སའི་གོ་ལ་དང་ཟླ་བའི་གོ་ལའི་དཀྱིལ་དུ་གནས་ཡོད། མིག་དམར་ཚངས་ཐིག་ནི་ཟླ་བའི་གོ་ལའི་ལྡབ་གཉིས་དང་སའི་གོ་ལའི་ཕྱེད་ཀ་ཙམ་ཡིན། སྤུས་ཚད་ནི་ཟླ་བ་གོ་ལའི་ལྡབ་དགུ་དང་སའི་གོ་ལའི1/9དང་ཕྱི་ངོས་ཀྱི་ལྗིད་ཤུགས་ནི་ཟླ་བ་གོ་ལའི་ལྡབ2.5དང་སའི་གོ་ལའི2/5ཡིན། རང་འཁོར་འཁོར་མདའི་གསེག་ཟུར་དང་རང་འཁོར་འཁོར་ཡུན་ཉེ་མཚུངས་སྤྱི་འཁོར་འཁོར་མདའ་གཟའ་འཁོར་གཅིག་འགོར་ན་དུས་ཚོད་ལྡབ་གཉིས་སྤྱད། ནུབ་ཕྱོགས་སུ་དགྲ་ལྷ་མར་སི་སྐར་ཆེན་ཞེས་འབོད་པ་དང་། ཀྲུང་གོའི་འོད་འཚེར་སྐར་ཆེན་ཞེས་འབོད་ཀྱིན་ཡོད། རྒྱུ་མཚན་ནི་དེ་མེ་ལྟར་འབར་བ་དང་། གནས་དང་གསལ་ཚད་རྟག་ཏུ་འགྱུར་ལྡོག་འབྱུང་བ་ཡིན།

2 སའི་གོ་ལའི་བར་ཐག

བར་ཐག་ཉེ་ཤོས་ནི་ཕལ་ཆེར་སྤྱི་ལེ་ཁྲི5500དང་། བར་ཐག་ཆེས་རིང་བ་དེ་སྤྱི་ལེ་དུང་ཕྱུར4ལས་བརྒལ་ཡོད། དེ་གཉིས་བར་གྱི་ཐག་ཉེ་བའི་ཐུག་འཕྲད་ཕལ་ཆེར་ལོ15ལ་ཐེངས་རེ་འབྱུང་། སྤྱི་ལོ1998ལོ་མིག་དམར་དང་སའི་གོ་ལའི་བར་ཐག་ནི་ཕལ་ཆེར་སྤྱི་ལེ་ཁྲི5880སླེབས་ཡོད་པ་དང་། སྤྱི་ལོ2018ལོར་དེ་གཉིས་བར་གྱི་བར་ཐག་སྤྱི་ལེ་ཁྲི5760ཟིན་ཡོད། ཡིན་ཡང་སྤྱི་ལོ2003ལོའི་ཟླ8པའི་ཚེས27ཉིན་མིག་དམར་དང་སའི་གོ་ལའི་བར་ཐག་ནི་ཕལ་ཆེར་སྤྱི་ལེ་ཁྲི5576མ་གཏོགས་མེད་པ་རེད། དེ་ནི་ལོ་ཁྲི6ནང་དུ་བར་ཐག་ཆེས་ཉེ་བའི་ཐེངས་གཅིག་ཡིན། སྤྱིར་བཤད་ན། སྐར་མ་མིག་དམར་དང་སའི་གོ་ལའི་བར་ཐག་ཉེ་བའི་ལོ་ནི་སྐར་མ་མིག་དམར་དང་ས་ངོས་སུ་སྐར་མ་མིག་དམར་ལ་ལྟ་ཞིབ་ཚད་ལེན་བྱེད་པར་འཚམ་ཤོས་ཀྱི་གོ་སྐབས་ཤིག་རེད།

3 ས་དབྱིབས།

མིག་དམར་ནི་སའི་གོ་ལ་དང་འདྲ་བར་ས་དབྱིབས་སྣ་ཚོགས་ཡོད་ལ། རི་མཐོ་དང་བདེ་ཐང་། གྲོག་རོང་བཅས་ཡོད་ཅིང་། སྐར་མ་མིག་དམར་ནི་ཕལ་ཆེར་བྱེ་ཐང་གི་རྒྱུ་སྐར་ཡིན་པ་དང་། ས་ངོས་བྱེ་འབུར་དང་རྡེའུ་རིལ་གང་སར་ཁྱབ་ཡོད། ལྗིད་ཤུགས་ཅུང་ཆུང་བའི་དབང་གིས་ས་དབྱིབས་ཆེ་ཆུང་དེ་སའི་གོ་ལ་དང་བསྡུར་ན་མི་འདྲ་ས་ཡོད། གོ་ལ་ཕྱེད་ཀ་ལྷོ་བྱང་གི་ས་དབྱིབས་ལ་ཁྱད་པར་ཆེན་པོ་ཡོད་དེ། བྱང་ཕྱོགས་ནི་ཞུན་རྡོ་ཡིས་བསྐང་པའི་དམའ་ས་ཡིན་པ་དང་། ལྷོ་ཕྱོགས་ནི་སྐར་རྡོ་ས་དོང་གིས་ཁེངས་པའི་གནའ་བོའི་མཐོ་ས་ཡིན། དེ་གཉིས་ཀྱི་བར་དུ་གསེག་ངོས་མངོན་གསལ་གྱིས་བཅད་ཡོད་ཅིང་། མེ་རི་ས་དབྱིབས་དེའི་ནང་དུ་བཅུག་ཡོད་པ་དང་། གྲོག་རོང་མང་པོ་ཡང་ས་ཁུལ་སོ་སོར་ཁྱབ་ཡོད་ལ། བྱང་སྣེ་ལྷོ་མར་སྐམ་འཁྱགས་སྲ་གཟུགས་ཀྱི་དབྱང་གཉིས་ཐཱན་རྫས་དང་ཆུ་དར་གྱིས་གྲུབ་པའི་རྩེ་མོར་ཆགས།རླུང་གིས་བྱེ་སྒང་ཡང་སྐར་མའི་གོ་ལ་ཡོངས་སུ་ཁྱབ་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སའི་གོ་ལ། ས་དབྱིབས། ས་ངོ།