ཆའོ་ཞི་ཆུས།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-01-10 09:39ལ་འགྲུབ།

ཆའོ་ཞི་ཆུས།

ཆའོ་ཞི་ཆུས།
ཆའོ་ཞི་ཆུས་ནི་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དང་། གྲོང་ཁུལ་གྱི་ཅིན་ཀོང་ལྕགས་ལམ་གྱི་ནུབ་རྒྱུད་དུ་གནས་པ་དང་། ཀྲུང་ཧྲན་ལམ་གྱི་ལྷོ་རྒྱུད། ནུབ་རྒྱུད་ལུའུ་ཆོན་ཁུལ་དང་། བྱང་རྒྱུད་ནི་ཞིན་ཧྭ་ས་ཁུལ་དང་འབྲེལ་ཡོད། ཆའོ་ཞི་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ75.28ཡོད་པ་དང་དེའི་ཁོངས་སུ་ཁྲོམ་གཞུང17ཡོད་པ་དང་། དེར་ཁྱོན་མི་འབོར་ཁྲི80(2014ལོར)ཡོད་པ་རེད། སྤྱི་ལོ2014ལོར་ཆའོ་ཞི་ཆུས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར374.4ལེགས་གྲུབ་བྱུང་ཡོད། ཆའོ་ཞི་ཆུས་སུ་ཡུས་ཞི་སྤྱི་གླིང་དང་། པའེ་ཆིའུ་ཨེན་བང་སོ། ཧྲི་ཅ་ཀྲོང་ཞི་བདེ་སྤྱི་གླིང་སོགས་མཛེས་ལྗོངས་ཁུལ་མང་པོ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
桥西区
ཕྱི་ཡིག་གི་མིང་།
Qiaoxi District
སྲིད་འཛིན་ཁུལ་རིགས།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར།
མངའ་འོག་ས་ཁུལ།
སྲང་ལམ17པ།
སྲིད་གཞུང་གནས་ཡུལ།
ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ཝུའེ་མིང་ནན་ཁྲོམ་གཞུང་ཨང120པ།
ཁ་པར་ཁུལ་ཨང་།
0311
སྦྲག་སྲིད་ཁུལ་གྱི་ཨང་གྲངས།
050051
རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ།
75.28
མི་གྲངས།
མི་ཁྲི80(2014ལོར)
ནམ་ཟླ།
དྲོ་འཇམ་ཁུལ་དང་ཕྱེད་བརླན་གཤེར་གྱི་སྐམ་སའི་རང་བཞིན་གྱི་གནམ་གཤིས།
མཛེས་ལྗོངས་ཁུལ་གྲགས་ཅན།
ཧྭ་བྱང་དམག་ཁུལ་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་།
ཡུས་ཞི་སྤྱི་གླིང་མེ་འཁོར་འབབ་ཚུགས།
ཧྲི་ཅ་ཀྲོང་ས་ཚིགས།
འཁོར་རྟགས་ཚབ་རྟགས།
ཅིA
སྲིད་འཛིན་ཚབ་ཨང་།
130104
1 ​ལོ་རྒྱུས་འཕེལ་རིམ།

ཟམ་པའི་ནུབ་ཁུལ་ནི་སྔོན་ཆད་ཤྭ་བའི་རྫོང་གི་ཁོངས་སུ་གཏོགས་པ་དང་ཟམ་པ་ནུབ་མ་ཞེས་གྲགས། 

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་བཞི་པར(སྤྱི་ལོ1925ལོར)ཧྲི་མོན་གྲོང་ཁྱེར་རིམ་བཞིན་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་བཙུགས་པ་ཡིན། དང་ཐོག་ལྕགས་ལམ་གྱི་རྡོ་ཟམ་ཆེན་པོའི་ནུབ་ཕྱོགས་སུ་གནས་པའི་རྐྱེན་གྱིས“ཟམ་པའི་ནུབ”ཅེས་གྲགས་པ་ཡིན། 

སྤྱི་ལོ1955ལོར་ཡུང་ཨན་ཁུལ་དུ་མིང་བསྒྱུར།

སྤྱི་ལོ1956ལོར་ཞིན་ཧྭ་ཁུལ་དང་གཅིག་ཏུ་འདྲེས་ནས་ཆའོ་ཞི་ཁུལ་ཞེས་འབོད།

སྤྱི་ལོ1960ལོར་ཤྭ་བ་ཡོངས་རྫོགས་ཆའོ་ཞི་ཁུལ་གྱི་འགོ་ཁྲིད་ལ་སྤྲད།

སྤྱི་ལོ1969ལོར་ཞིན་ཧ་ཁུལ་དང་ཁ་གྱེས་ཤིང་མིང་ལ་ཧུང་ཝེ་ཁུལ་ཞེས་བཏགས།

སྤྱི་ལོ1979ལོར་ཆའོ་ཞི་ཁུལ་གྱི་མིང་སླར་གསོ་བྱས།

2 སྲིད་འཛིན་ས་ཁུལ།

སྤྱི་ལོ2018ལོའི་ཟླ10པའི་བར་ཆའོ་ཤིས་ཆུས་ཀྱི་ཁོངས་གཏོགས་ཁྲོམ་གཞུང17ཡོད་པ་སྟེ། ཏུང་ལི་ཁྲོམ་གཞུང་དང་། ཀྲུང་ཧྲན་ཁྲོམ་གཞུང་། ནན་ཁྲང་ཁྲོམ་གཞུང་། ཝེ་མིང་ཁྲོམ་གཞུང་། མཛའ་གྲོགས་ཁྲོམ་གཞུང་། དར་དམར་ཁྲོམ་གཞུང་། ཤིན་ཧྲི་ཁྲོམ་གཞུང་། ཆི་ཏུང་ཁྲོམ་གཞུང་། ཤིས་ལི་ཁྲོམ་གཞུང་། ཀྲེན་ཐོའུ་ཁྲོམ་གཞུང་། ལིའུ་ཡིང་ཁྲོམ་གཞུང་། ཁྲང་ཤིན་ཁྲོམ་གཞུང་། ཕེང་ཧོའུ་ཁྲོམ་གཞུང་། ཏུང་ཧྥུང་ཁྲོམ་གཞུང་། ཏུང་ཧྭ་ཁྲོམ་གཞུང་། ཤིའུ་མོན་ཁྲོམ་གཞུང་། ཧུའེ་ཐུང་ཁྲོམ་གཞུང་བཅས་ཡིན་པ་དང་། ལྗོངས་སྲིད་གཞུང་གིས་ཧྲི་ཅ་ཀྲོང་གྲོང་ཁྱེར་ཝེ་མིང་ནན་ཁྲོམ་གཞུང་ཨང120ན་ཡོད། 

3 གནས་ཡུལ།

ཆའོ་ཞི་ཆུས་ནི་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། གྲོང་ཁུལ་གྱི་ཅིན་ཀོང་ལྕགས་ལམ་གྱི་ནུབ་རྒྱུད་དང་ཀྲུང་ཧྲན་ལམ་གྱི་ལྷོ་རྒྱུད། ནུབ་དང་ལུའུ་ཆོན་ཁུལ་གྱི་ས་མཚམས་འབྲེལ་བ་དང་། བྱང་དང་ཞིན་ཧྭ་ཁུལ་གྱི་ས་མཚམས་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ75.28ཡོད།

4 ས་དབྱིབས།

ཆའོ་ཞི་ཆུས་ནི་ཧྭ་པེ་བདེ་ཐང་དུ་གནས་པ་དང་། ས་བབ་ཅུང་ཁོད་སྙོམས་པོ་ཡིན་ཞིང་། དེའི་གྲུབ་རྐྱེན་ནི་ཐའེ་ཧང་རི་བོའི་མདུན་གྱི་ཆུ་ལོག་ཕུང་གསོག་བདེ་ཐང་དུ་གཏོགས་པ་དང་། རྒྱ་མཚོའི་ངོས་ལས་སྤྱིར་བཏང་སྨི30ནས100བར་ཡོད་ཅིང་། ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གསེག་ཡོད།

5 རང་བྱུང་ནམ་ཟླ།

ཟམ་ནུབ་ཁུལ་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ཉི་མའི་འགྱེད་འཕྲོའི་དུས་ཚིགས་རང་བཞིན་གྱི་འགྱུར་ལྡོག་མངོན་གསལ་དོད་ཅིང་། ས་ངོས་ཀྱི་མཐོ་དམའ་རླུང་གནོན་ཡང་ཡང་བྱེད་པ། དུས་བཞིའི་དབྱེ་བ་གསལ་པོ་ཡོད་པ། གྲང་ངར་ཆེ་བ། ཆར་ཆུ་གཅིག་སྡུད་ཆེ་བ། སྐམ་ཞིང་བཞའ་ཚན་ཆེ་བ། དབྱར་དགུན་རིང་བ། དཔྱིད་སྟོན་ཐུང་བ། དཔྱིད་དུས་ཀྱི་དུས་ཡུན་ཉིན55ཙམ་དང་། དབྱར་དུས་ཀྱི་དུས་ཡུན་ཉིན105ཙམ། སྟོན་དུས་ཀྱི་དུས་ཡུན་ཉིན60ཙམ། དགུན་དུས་ཀྱི་དུས་ཡུན་ཉིན145ཙམ་བཅས་ཡིན། དཔྱིད་དུས་གནམ་གཤིས་སྐམ་ཤས་ཆེ་བ་དང་ཆར་ཆུ་འབབ་ཚད་ཉུང་ཞིང་། རྒྱུན་པར་བྱང་རླུང་རིམ་པ5པ་དང6པ། ཟླ4པར་གནམ་གཤིས་དྲོ་རུ་ཕྱིན་པ། དབྱར་དུས་སུ་རྒྱ་མཚོའི་དྲོད་རླན་རླུང་རྒྱུན་གྱི་ཤུགས་རྐྱེན་ཐེབས་པས་ཟླ6པ་དང་ཟླ7པ། ཟླ8པ་བཅས་ཟླ་གསུམ་གྱི་ཆར་ཆུ་འབབ་ཚད་ཀྱིས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི63%~70%ཟིན་པ་དང་། སྟོན་ཁར་སོག་པོའི་མཐོ་གནོན་གྱི་ཤུགས་རྐྱེན་ཐེབས་ནས་གནམ་དྭངས་ལ་ཆར་ཆུ་ཉུང་བ་དང་། དྲོད་ཚད་འོས་འཚམ་ཡིན་པ། གནམ་གཤིས་འོས་འཚམ་ཡིན་པ། སྟོན་མཇུག་ཏུ་བྱང་ཤར་རླུང་མང་བ། གྲང་ངར་ཆེ་བའི་གནམ་གཤིས་ཡོད་པ། དགུན་དུས་སུ་ཞི་པོ་ལི་ཡའི་གྲང་ངར་ཆེ་བའི་མཐོ་གནོན་གྱི་ཤུགས་རྐྱེན་ཐེབས་ནས་ནུབ་བྱང་གི་རླུང་ཆེན་དར་བ་དང་། གནམ་གཤིས་གྲང་ཞིང་སྐམ་ཤས་ཆེ་བ། གནམ་གཤིས་དྭངས་ལ་སྤྲིན་ཉུང་བ། ཆར་ཆུ་ཉུང་བ་ཡིན། 

6 རང་བྱུང་ཐོན་ཁུངས།
6_1 གཏེར་རྫས་ཐོན་ཁུངས།

སྤྱི་ལོ2006ལོ་བར་ཆའོ་ཤིས་ཆུས་སུ་གཏེར་ཁའི་ཐོན་ཁུངས་ཀྱི་རྡོ་སོལ་དང་། ལྕགས། གསེར། ཡུན་མུ། ཨར་སྐྲུན་རྡོ་རྒྱུ་སྤྱོད་པའི་ཐལ་རྡོ། ཨར་སྐྲུན་ལ་སྤྱོད་པའི་བྱེ་མ་སོགས་ཡོད།

7 མི་གྲངས་དང་མི་རིགས།

སྤྱི་ལོ2009ལོའི་ལོ་མཇུག་ཏུ་ཆའོ་ཞི་ཆུས་གྱི་མི་གྲངས་བསྡོམས་འབོར་མི516852ཟིན་པ་དེ་སྤྱི་ལོ2008ལོ་ལས་མི2209འཕར་ཡོད། མི་འབོར་སྐྱེ་ཚད7.98%དང་། ཤི་ཚད2.66%རང་བཞིན་གྱིས་འཕར་ཚད5.37‰བཅས་ཡིན།

སྤྱི་ལོ2014ལོའི་བར་ཆའོ་ཞི་ཆུས་ཀྱི་མི་འབོར་བསྡོམས་འབོར་ཁྲི80ཟིན་ཡོད། རྒྱ་རིགས་གཙོ་བོ་ཡིན།

8 དཔལ་འབྱོར་འཛུགས་སྐྲུན།
8_1 ཕྱོགས་བསྡུས།

སྤྱི་ལོ2009ལོར་ཆའོ་ཞི་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར180.8མངོན་འགྱུར་བྱུང་བ་དེ་སྤྱི་ལོ2008ལོ་ལས11.8%འཕར་བ་དང་། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.7བྱུང་བ་དེ་སྤྱི་ལོ2008ལོ་ལས3.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར73.3ཟིན་པ་དེ་སྤྱི་ལོ2008ལོ་ལས2.9%འཕར་བ། ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར106.8ཟིན་པ་དེ་སྤྱི་ལོ2008ལོ་ལས17.6%འཕར་བ་དང་། GDPའཕར་རྒྱུར་ལེགས་སྐྱེས་འབུལ་ཚད90.1%ཟིན་པ། GDPབརྒྱ་ཆའི་གནས10.6འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་སྤྱི་ལོ2008ལོའི0.4:45.4:54.2དེ0.4:40.5:59.1བར་ལེགས་སྒྲིག་བྱས་ཡོད།

སྤྱི་ལོ2014ལོར་ཆའོ་ཤིས་ཆུས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར374.4ཟིན་པ་དེ་སྤྱི་ལོ2013ལོ་ལས7.4%འཕར་བ་དང་། ནོར་སྲིད་ཡོང་འབབ་ཡོངས་སྒོར་དུང་ཕྱུར་121.6ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2013ལོ་ལས10.5%འཕར་བ་དེའི་ནང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར56.7ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2013ལོ་ལས16.9%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར570.1བཏང་བ་དེ་སྤྱི་ལོ2013ལོ་ལས12%འཕར་བ། ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར3དངོས་སུ་སྤྱད་པ་དེ་སྤྱི་ལོ2013ལོ་ལས་377.9%འཕར་བ། གྲོང་ཁྱེར་ཕྱིའི་མ་དངུལ་སྒོར་དུང་ཕྱུར94.5ནང་འདྲེན་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར29832ཟིན་པ་དེ་སྤྱི་ལོ2013ལོ་ལས་7.8%འཕར་ཡོད།

8_2 ཐོན་ལས་དང་པོ།

སྤྱི་ལོ2009ལོར་ཆའོ་ཞི་ཆུས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི12441ཟིན་པའི་ནང་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི7949ཟིན་པ་དེས་ཞིང་ནགས་འབྲོག་ཉ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི63.89%བཟུང་བ་དང་། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི4039ཟིན་ནས་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི32.46%བཟུང་བ། ཉ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི53ཟིན་ནས་ཞིང་ནགས་འབྲོག་ཉ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་གི0.43%བཟུང་བ། ཞིང་ནགས་འབྲོག་ཉ་བཅས་ཀྱི་ཞབས་ཞུའི་ལས་རིགས་ལ་སྒོར་ཁྲི400བཏང་ནས་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི3.22%བཟུང་ཡོད།

སྤྱི་ལོ2010ལོར་ཆའོ་ཞི་ཆུས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི12786ཟིན་པའི་ནང་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི10377ཟིན་པ་དེས་ཞིང་ནགས་འབྲོག་ཉ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི81.16%བཟུང་བ་དང་། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་སྤྱི་ལོ2009ཟིན་ནས་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི15.71ཟིན་པ། ཞིང་ནགས་འབྲོག་ཉ་བཅས་ཀྱི་ཞབས་ཞུའི་ལས་རིགས་ལ་སྒོར་ཁྲི400དང་། ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི3.13%ཟིན་པ། ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན63298ཟིན་པ། སྔོ་ཚལ་ཐོན་ཚད་བསྡོམས་འབོར་ཏུན63298ཟིན་པ། ཤིང་འབྲས་ཐོན་ཚད་བསྡོམས་འབོར་ཏུན137ཟིན་པ། བཟའ་བཅའི་ཤ་མོའི་ཐོན་ཚད་བསྡོམས་འབོར་ཏུན500ཟིན་པ། ཤ་རིགས་ཏུན519ཟིན་པ། སྒོ་ང་ཏུན802ཟིན་པ་བཅས་ཡིན། 

སྤྱི་ལོ2011ལོར་ཆའོ་ཞི་ཆུས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི15974ཟིན་པ་དེ་སྤྱི་ལོ2010ལོ་ལས1.77%འཕར་ཡོད།

སྤྱི་ལོ2013ལོར་ཆའོ་ཞི་ཆུས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི21741ཟིན་པ་དེ་སྤྱི་ལོ2012ལོ་ལས2.98%ཆག་ཡོད།

8_3 ཐོན་ལས་གཉིས་པ།

སྤྱི་ལོ2009ལོར་ཆའོ་ཞི་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་ཁྱོན་རིན་ཐང་འཕར་མ་སྒོར་དུང་ཕྱུར55.09ཟིན་པ་དེ་ལོ་གོང་མ་ལས0.5%ཆག་པ་དང་། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར39.0མངོན་འགྱུར་བྱུང་བ་དེ་སྤྱི་ལོ2008ལོ་ལས8.71%འཕར་བ་དེའི་ནང་ཁེ་སྤོགས་སྒོར་དུང་ཕྱུར16.5ཟིན་པ་དེ་སྤྱི་ལོ2008ལོ་ལས3.52%འཕར་ཡོད།

སྤྱི་ལོ2010ལོའི་ཟླ་དང་པོ་ནས་ལྔ་པའི་བར་ཆའོ་ཤིས་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི59309.7ཟིན་པ་དེ་དུས་མཚུངས་ལས64.4%འཕར་བ་དང་། ཐོན་རྫས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི66289.2ཟིན་པ་དེ་དུས་མཚུངས་ལས155.7%འཕར་བ། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་ཁྲི16421.1ཟིན་པ་དེ་དུས་མཚུངས་ལས་སྤྱི་ལོ2009ལོར་སྒོར་ཁྲི་13969.3འཕར་བ་དེ་སྤྱི་ལོ2009ལོའི་དུས་མཚུངས་ཀྱི་ལྡབ6.7ཡིན་པ་རེད།

སྤྱི་ལོ2010ལོར་ལྗོངས་ཡོངས་སུ་ཁྱོན་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས24ཡོད་པ་དང་རིམ་རྩིས་བྱས་ན་རིན་ཐང་འཕར་མ་སྒོར་དུང་ཕྱུར35.52ཟིན་པ་དེ་སྤྱི་ལོ2009ལོ་ལས24.1%འཕར་བ་དང་། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར17.02མངོན་འགྱུར་བྱུང་བ་དེ་སྤྱི་ལོ2009ལོ་ལས14.5%འཕར་བ་དེའི་ནང་ཁེ་སྤོགས་སྒོར་དུང་ཕྱུར13.34ཟིན་པ་དེ་སྤྱི་ལོ2009ལོ་ལས16.7%འཕར་ཡོད།

སྤྱི་ལོ2011ལོར་ཆའོ་ཞི་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར33.4512ཟིན་པ་དེ་སྤྱི་ལོ2010ལོ་ལས6.5%འཕར་ཡོད།

སྤྱི་ལོ2012ལོར་ཆའོ་ཞི་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར2.4098ཟིན་པ་དེ་སྤྱི་ལོ2011ལོ་ལས12.6%འཕར་ཡོད།

8_4 ཐོན་ལས་གསུམ་པ།

སྤྱི་ལོ2009ལོར་ཆའོ་ཞི་ཆུས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར35.12ཟིན་པ་དེ་སྤྱི་ལོ2008ལོ་ལས23.4%འཕར་ཡོད།

སྤྱི་ལོ2011ལོར་ཆའོ་ཞི་ཆུས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར90.0713ཟིན་པ་དེ་སྤྱི་ལོ2010ལོ་ལས28.4%འཕར་ཡོད།

སྤྱི་ལོ2013ལོར་ཆའོ་ཞི་ཆུས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར118.9597ཟིན་པ་དེ་སྤྱི་ལོ2012ལོ་ལས14.2%འཕར་ཡོད། 

སྤྱི་ལོ2014ལོར་ཆའོ་ཞི་ཆུས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར322.7ཟིན་པ་དེ་སྤྱི་ལོ2013ལོ་ལས8.6%འཕར་ཡོད། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར163.8ཟིན་པ་དེ་སྤྱི་ལོ2013ལོ་ལས13.4%འཕར་བ། ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་གིས་ཆའོ་ཞི་ཁུལ་གྱི་ཞབས་ཞུའི་ལས་རིགས་ཀྱི་བསྡུར་ཚད་ཀྱི་བརྒྱ་ཆ81.9ཟིན་ཡོད།

སྤྱི་ལོ2015ལོར་ཆའོ་ཞི་ཆུས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར424ལེགས་གྲུབ་བྱུང་བ་དང་། ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར391.6ཟིན་པ། ཐོན་ལས་གསུམ་པའི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མསGDPནང་བཟུང་བའི་བསྡུར་ཚད90.4%ཟིན་ཡོད།

9 སྤྱི་ཚོགས་ལས་དོན།

སྤྱི་ལོ2014ལོའི་བར་ཆའོ་ཞི་ཆུས་ཀྱིས་མ་དངུལ་སྒོར་དུང་ཕྱུར1.15བཏང་ནས་དུས་ཚོད་ཁྲོམ་གཞུང་དང་རང་འབད་ལམ་སོགས་མ་ལམ7དང་། འབེན་རའི་ཁྲོམ་གཞུང་དང་ཧྲི་པིན་སྲང་ལམ་སོགས་ཁྲོམ་གཞུང་ཆུང་གྲས20ལ་མཛེས་ལྗོངས་ལེགས་སུ་བཏང་བ་རེད། ཁྲེང་ཅའོ་ཁྲོམ་གཞུང་དང་ཤིན་ཤིན་ལམ་སོགས་ཁྲོམ་གཞུང་ཆུང་གྲས20ལ་བཅོས་སྒྲིག་བྱས་ནས་སྐོར་ལམ་གཉིས་པ་ནས་གསུམ་པའི་བར་གྱི་ས་སེར་ཕྱིར་མངོན་པའི་ལམ་བུ113མཁྲེགས་སུ་བཏང་བ་དང་། སྨི་ངོས་གྲུ་བཞི་ཁྲི3.44ཟིན་པའི་གཞུང་ལམ་གྱི་ལམ་ངོས་ཉམས་གསོ་བྱས་ཡོད། ཧོའེ་ཨན་ཤིས་ལམ་ནས་ཐོན་པའི་ཁྲོམ་གཞུང་དང་དར་དམར་ཁྲོམ་གཞུང་སོགས་གཞུང་ལམ9ལ་སྔོ་འགྱུར་མཛེས་ལྗོངས་ལེགས་སུ་བཏང་བ་དང་། བཟོ་ཞིང་ལམ་དང་དགེ་འོས་ཁྲོམ་གཞུང་སོགས་ཁྲོམ་གཞུང36ལ་སྔོ་འགྱུར་གསབ་འཛུགས་བྱས་ཡོད་པས། རྡོ་བརྐོས་གླིང་དང་། མཛའ་གྲོགས་སྤྱི་གླིང་། དུས་ཚོད་སྤྱི་གླིང་བཅས་རིམ་སྤོར་སྒྱུར་བཀོད་བྱས་པ། སྒོ་ར་དང་། ཁུལ་ཆུང་། ཐང་ཆེན་བཅས37དུ་སྔོ་འགྱུར་ཚད་ལོན་བྱེད་སྒོ་སྤེལ་བ། ལོ་ཧྲིལ་པོར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི19གསར་སྐྲུན་དང་རིམ་སྤོར་བྱས་པ། སྡོང་རིང་ལྗོན་ཤིང་སྡོང་རྐང་ཁྲི39དང་སྤང་ལྗོངས་སྨི་ངོས་གྲུ་ཁྲི3.7འདེབས་འཛུགས་བྱས་པ་བཅས་རེད། ཁོར་ཡུག་འཕྲོད་བསྟེན་སྒྲིག་ཆས་གསར་པ48ཉོས་པ་དང་ལྗོངས་ཡོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་སྒྲིག་ཆས་ཁག206ཟིན་པ་དང་འཕྲུལ་ཆས་ཅན་གྱི་གཙང་སྦྲ་བྱེད་ཚད92.3%ཟིན་ཡོད།

སྤྱི་ལོ2009ལོའི་བར་ཆའོ་ཞི་ཆུས་ཀྱི་མི་ཁྲི3.92གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པ་དང་། མི་ཁྲི10གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པ་ཡོད་ལ། ལས་ཞུགས་ལས་གནས་ཁྲི1ལྷག་ཙམ་གསར་སྣོན་བྱས་པ་དང་། ལས་བྲལ་ལས་ཤོར་མི་སྣ6902ལས་ཞུགས་བསྐྱར་མ་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་བརྒྱ་ཆ3.7ནང་ཚུན་དུ་ཚོད་འཛིན་བྱས་ཡོད། 

སྤྱི་ལོ2009ལོར་ཆའོ་ཞི་ཆུས་ཀྱིས་རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི1281.79སྤྲད་ནས་མི55452འགན་ལེན་བྱས་པ་རེད།

སྤྱི་ལོ2014ལོར་ཆའོ་ཞི་ཆུས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་མི་སྣ964བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.65%ཟིན་ཡོད། ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་མི་ཐེངས33216འགན་ལེན་བྱས་པ་དང་། མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི1438སྤྲད་ཡོད་ལ། དཀའ་ངལ་ཡོད་པའི་མང་ཚོགས2976ལ་སྨན་བཅོས་རོགས་སྐྱོབ་བྱས་པར་རོགས་སྐྱོབ་དངུལ་སྒོར་ཁྲི100ལྷག་ཙམ་བཏང་བ། རིམ་རྩིས་བྱས་ན་རིགས་ཁག་གི་འཆི་གོད་གྱོང་གསབ་རོགས་དངུལ་སྒོར་ཁྲི4531.6སྤྲད་པ་དང་། སྨན་རིན་སྒོར་ཁྲི35ཆག་ཡང་དང་རྩ་ཆག་བཏང་ཡོད། སྲང་ལམ་ཕྱོགས་བསྡུས་རྒན་གསོའི་ཞབས་ཞུ་ལྟེ་གནས་དང་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལྟེ་གནས18གསར་སྐྲུན་བྱས་ཡོད། རྒན་རྒོན13541ལ་ལོ་ན་མཐོ་བའི་ཕོགས་སྣོན་སྒོར་ཁྲི680ལྷག་ཙམ་སྤྲད་པ་དང་། རྒན་རྒོན2034ལ་སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་དང་འབྲེལ་བ་ཡོད་པའི་ཁང་པ1408ཚང་མ་སྐྲུན་འགོ་ཚུགས་ཏེ། ལོ་ཧྲིལ་པོར་སྡོད་ཁང་འགན་ལེན་ཁྱིམ་ཚང372མང་དུ་བཏང་ནས་དུད་ཚང1587ལ་ཁང་གླ་ཁེ་བའི་སྡོད་ཁང་གི་ཁ་གསབ་སྒོར་ཁྲི439སྤྲད་པ་རེད། མ་དངུལ་སྒོར་ཁྲི7300བཏང་ནས་ཁུལ་ཆུང་རྙིང་པ33གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་པ་རེད། ཁུལ་ཆུང22ཀྱི་མདོང་དྲ་ཐེངས་གཉིས་པ་དང་ཚ་ནུས་བརྗེ་བའི་ས་ཚིགས་སྒྱུར་བཀོད་བྱས་པ་དང་འབྲེལ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི241ཟིན་ཡོད་པ་རེད།

9_1 སློབ་གསོའི་བྱ་གཞག།

སྤྱི་ལོ2009ལོའི་ལོ་མཇུག་བར་ཆའོ་ཞི་ཆུས་སུ་ཁྱོན་སློབ་ཆུང38(དམངས་གཉེར་སློབ་ཆུང2ཚུད་པ)ཡོད་པ་དང་ཆེད་བསྐོས་དགེ་རྒན1286ཡོད་པའི་ནང་བུད་མེད་དགེ་རྒན1122དང་། སློབ་གྲྭར་ཡོད་མུས་ཀྱི་སློབ་མ32643ཡོད་པའི་ནང་སློབ་མ་བུ་མོ15139ཡོད། སློབ་འབྲིང་དཀྱུས་མ10(དམངས་གཉེར་སློབ་གྲྭ1དང་ཞིང་ཆེན་ཐད་གཏོགས་སློབ་གྲྭ2ཚུད་པ)ཡོད་པའི་ནང་ཆེད་བསྐོས་དགེ་རྒན1253ཡོད་པའི་ནང་བུད་མེད་དགེ་རྒན921དང་། སློབ་གྲྭར་ཡོད་མུས་ཀྱི་སློབ་མ25417ཡོད་པའི་ནང་སློབ་མ་བུ་མོ12932ཡོད། སློབ་ཞུགས་གོང་གི་བྱིས་པ་སློབ་གྲྭར་ཞུགས་ཚད་དང་། ལོ་དགུའི་འོས་འགན་སློབ་གསོའི་བྱ་ཡུལ་གྱི་སློབ་གྲྭར་ཞུགས་ཚད། སློབ་ཆུང་། དམའ་རིམ་སློབ་འབྲིང་བཅས་ཀྱི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཚང་མ་བརྟན་དུ་གཏོང་ཚད100%ཟིན་ཡོད་པ་རེད། ལྗོངས་ཡོངས་སུ་ད་ལྟ་འབྲིང་རིམ་ལས་རིགས་སློབ་གྲྭ22ཡོད་པ་དང་ཆེད་བསྐོས་དགེ་རྒན1000ཡོད་པའི་ནང་བུད་མེད་དགེ་རྒན503དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ22840ཡོད་པའི་ནང་སློབ་མ་བུ་མོ12386ཡོད།

སྤྱི་ལོ2014ལོའི་བར་ཆའོ་ཤིས་ཆུས་ཀྱིས་མ་དངུལ་སྒོར་དུང་ཕྱུར2.8བཏང་ནས་ཀྲུང་གོ་དང་ནེའུ་ཙི་ལན་གྱི་སློབ་ཁུལ17ཉོས་པ་དང་། སྤྱི་ཚོགས་ལ་ཕྱོགས་ནས་དགེ་རྒན82ཡོངས་བསྒྲགས་ངང་གདན་ཞུ་བྱས་པ་དང་ཚབ་ཁྲིད་དགེ་རྒན102བསྡུས་ཡོད་པ་རེད།

9_2 རིག་གནས་ལས་དོན།

སྤྱི་ལོ2009ལོའི་བར་ཆའོ་ཤིས་ཆུས་ཀྱིས་ཧོ་པེ་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི“ཞིང་པའི་དཔེ་དེབ་ཁང”ཀློག་པ་ཞེས་པ་དང་། དེབ་བསྡུ་རྩོམ་ཡིག“ཅི་ཀྲུང་ནུས་རྒྱུ་ཕོར་གྱིས་ང་ལ་རོགས་རམ་ཆེ་ཤོས་བྱས་པའི་དེབ་གཅིག”ཅེས་པའི་དཔེ་ཀློག་གཏམ་བཤད་འགྲན་བསྡུར་ནང་ཆའོ་ཤིས་ཆུས་ལ་ཁག་སོ་སོར་བྱ་དགའ་རིམ་པ་དང་པོ་དང་ཨང་གཉིས་པ་ཐོབ་པ་དང་། སྐབས་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་ཞབས་བྲོའི་འགྲན་བསྡུར་ཁྲོད་ཁུལ་དེར་བྱ་དགའ་རིམ་པ་གཉིས་པ1དང་། རིམ་པ་གསུམ་པའི་བྱ་དགའ2ཕུལ་བྱུང་བྱ་དགའ3བཅས་ཀྱི་གྲུབ་འབྲས་ཐོབ་པ་དང་། ལོ་འདིའི་ནང་གྲོང་གསེབ་གསར་པའི་དཔེ་དེབ་ཁང16བསྐྲུན་པ་དང་དཔེ་དེབ་ཁྲི30ལྷག་ཙམ་བཀོད་སྒྲིག་བྱས་པ། སྡེ་ཁུལ་གྱི་དཔེ་དེབ་ཁང80ཚང་མ་བསྐྲུན་ཟིན་པ་བཅས་རེད། ལོ་ཧྲིལ་པོར་ཚོན་ལྡན་གཟའ་མཇུག་གི་བྱེད་སྒོ་ཐེངས་50ལྷག་ཙམ་སྤེལ་བ་རེད། 

9_3 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2009ལོའི་བར་ཆའོ་ཤིས་ཆུས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི310ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ1140ཡོད་པའི་ནང་ལས་གཉེར་སྨན་པ890དང་། ལས་གཉེར་ལས་རོགས་སྨན་པ་250དང་། ནད་གཡོག306ཐོ་འགོད་བྱས་ཡོད།

སྤྱི་ལོ2014ལོར་ཆའོ་ཤིས་ཆུས་ཀྱིས་གསར་དུ་བསྐྲུན་པའི་ཤིན་ཧྲི་དང་ཁྲང་ཤིན་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས2བེད་སྤྱོད་གཏོང་འགོ་ཚུགས་པ་རེད། རྒྱལ་ཁབ་བཙུགས་པའི་སྨན་ཁང10བཅས་ཡོད་པ་རེད། ལོ་ཧྲིལ་པོར་གྲོང་མིར་སྨན་རིན་སྒོར་ཁྲི60ལྷག་ཙམ་གྲོན་ཆུང་བྱས་ཡོད།

10 འགྲིམ་འགྲུལ།

ཆའོ་ཞི་ཆུས་ཁོངས་སུ་ཧྲི་ཅ་ཀྲོང་མེ་འཁོར་འབབ་ཚུགས་དང་ཐག་རིང་རླངས་འཁོར་འབབ་ཚུགས་ཡོད་པ་དང་། པེ་ཀོང་དང་། ཧྲི་ཐའེ། ཧྲི་ཏེ་བཅས་ལྕགས་ལམ་གྱི་མ་ལམ་དེ་གར་འབྲེལ་ཡོད། གཞུང་ལམ་གྱི་མ་ལམ10ལྷག་ཙམ་པེ་ཅིང་དང་། ཐེན་ཅིན། ཧྲན་ཏུང་། ཧོ་ནན་བཅས་ཀྱི་ས་ཁུལ་ཁག་ཏུ་ཁྱབ་ཡོད།

11 མཛེས་ལྗོངས་གྲགས་ཅན།
11_1 པའེ་ཆིའུ་ཨེན་གྱི་བང་སོ།

པའེ་ཆིའུ་ཨེན་གྱི་བང་སོ་དེ་ཧྲི་ཅ་ཀྲོང་ཞི་བདེ་སྤྱི་གླིང་གི་ནུབ་ཕྱོགས་སུ་གནས་པ་དང་། འཛེང་རྡོའི་དུར་ས་ནི་སྒོར་ཕྱེད་ཡིན་པ་དང་། བང་སོའི་མདུན་དུ་ཧན་པའེ་ཡུས་ཀྱི་བང་སོའི་རྡོ་རིང་ཡོད་པ། “སྨན་པ་པའེ་ཆིའུ་ཨེན་གྱི་བང་སོ”བརྐོས་ཡོད་པས། གཞོགས་གཉིས་ཀྱི་ཁྱམས་རིང་དུ་པའེ་ཆིའུ་ཨེན་གསར་བརྗེའི་བྱེད་སྒོའི་འདྲ་པར་ཡོད་པ་བཅས་རེད། བང་སོའི་མདུན་གྱི་ཐང་ཆེན་དུ་པའེ་ཆིའུ་ཨེན་གྱི་ལུས་ཧྲིལ་པོའི་འཇིམ་བརྙན་ཡོད། ནོའར་མན•པའེ་ཆིའུ་ཨེན་གྱིས་ཀྲུང་གོའི་འཇར་འགོག་དམག་འཁྲུག་ནང་ཁ་ན་ཏ་དང་ཨ་རིའི་གུང་ཁྲན་ཏང་གི་མངགས་གཏོང་འོག་དམག་ཁུལ་ཁང་གི་འཕྲོད་བསྟེན་བློ་འདྲི་བར་བསྐོས་པ་དང་། སྤྱི་ལོ1939ལོའི་དགུན་ཁར་འཇར་འགོག་གཡུལ་སར་ཐན་ཡོན་མོ་ཐེན་ལིང་དུ་རྨས་མ་མྱུར་སྐྱོབ་བྱེད་སྐབས་མཛུབ་མོར་དུག་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ལོ་དེའི་ཟླ11པའི་ཚེས12ཉིན་ཐང་རྫོང་ཧོང་ཧྲི་ཁོའུ་གྲོང་ཚོར་སྐུ་གཤེགས་པ་དང་། ཚེས17ཉིན་ཐང་རྫོང་རྫོང་གི་རྫོང་གྲོང་ནན་ཀོན་ཅིན་ཁྲ་ཅི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་པུར་འཇུག་བྱས་པ་དང་སྤྱི་ལོ1953ལོར་ཧྭ་པེ་དམག་ཁུལ་ཁང་གི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་དུར་འཇུག་བྱས་པ་རེད།

11_2 ཧྲི་ཅ་ཀྲོང་ཞི་བདེ་སྤྱི་གླིང་།

ཧྲི་ཅ་ཀྲོང་ཞི་བདེ་སྤྱི་གླིང་ནི་ཧྲི་ཅ་ཀྲོང་ཟམ་པའི་ནུབ་ཁུལ་གྱི་ཀྲུང་ཧྲན་ནུབ་ལམ་དུ་གནས་ཡོད།

དེ་སྔའི་མིང་ལ་ཧྲི་ཅ་ཀྲོང་ཧྭ་པེ་དམག་ཁུལ་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་ཟེར། ཧྲི་ཅ་ཀྲོང་ཞི་བདེ་སྤྱི་གླིང་དེ་སྤྱི་ལོ1950ལོའི་ཟླ3པར་བསྐྲུན་པ་དང་སྤྱི་ལོ1954ལོའི་ཟླ8པའི་ཚེས1ཉིན་བསྐྲུན་ཟིན་པ་དང་འབྲེལ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཡོད། ལྡུམ་རའི་ནང་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཀྱི་དུས་སྐབས་རིམ་བྱུང་གི་དུས་སྐབས་སུ་ཧྭ་པེ་ས་ཁུལ་གྱི་གུང་གཞོན་སྡེ་ཚོགས་ཀྱི་ལས་གནས་ཐོག་སྐུ་གཤེགས་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོ316དུར་འཇུག་བྱས་པ་དང་། རྒྱལ་ཁབ་བཙུགས་རྗེས་སྐུ་གཤེགས་པའམ་ཡང་ན་ནད་ཀྱིས་མནར་ནས་སྐུ་གཤེགས་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་དམར་དམག་རྒན་གྲས900ལྷག་ཙམ་གྱི་སྤུར་ཐལ་བཞག་ཡོད་པ་རེད།

12 གྲོང་ཁྱེར་གྱི་མཚན་སྙན།

སྤྱི་ལོ2017ལོའི་ཟླ12པའི་ཚེས13ཉིན་ཆའོ་ཞི་ཆུས་ལ་ཧོ་པེ་ཞིང་ཆེན་གྱི་ཤེས་དཔལ་གྲོང་ཁུལ་སྐབས་དང་པོར་བདམས་པ་རེད།

སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་རྫོང་རིམ་པའི་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས་པ་རེད།

དཔྱད་གཞིའི་ཡིག་ཆ།