སྐྱེ་ལྡན་ཟས་རིགས།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-01-09 10:32ལ་འགྲུབ།

སྐྱེ་ལྡན་ཟས་རིགས།

སྐྱེ་ལྡན་ཟས་རིགས།
སྐྱེ་ལྡན་ཟས་རིགས་ནི་སྐྱེ་ལྡན་ཞིང་ལས་ཐོན་སྐྱེད་མ་ལག་ནས་ཐོན་སྐྱེད་བྱས་པའི་ཟས་རིགས་ལ་ཟེར། སྐྱེ་ལྡན་ཞིང་ལས་ཞེས་པ་ནི་ཐོན་སྐྱེད་བརྒྱུད་རིམ་ནང་མིའི་རྩོལ་བས་འདྲེས་སྦྱོར་ཞིང་ལུད་དང་ཞིང་སྨན། སྐྱེ་འཕེལ་ལེགས་སྒྲིག་རྒྱུ། གཟན་ཆས་སྦྱོར་རྟ་བཅས་ལས་གྲུབ་པའི་རྒྱུན་མཐུད་འཕེལ་རྒྱས་ཞིང་ལས་ལ་ཟེར། དེ་རང་བྱུང་ཚེ་སྲོག་གི་རེས་འཁོར་བཟང་བོ་དང་སྐྱེ་དངོས་སྣ་མང་རང་བཞིན་གཙིགས་ཆེར་འཛིན་པ་རེད། སྐྱེ་ལྡན་ཟས་རིགས་ལ་སྐྱེ་ཁམས་སམ་སྐྱེ་དངོས་ཟས་རིགས་ཀྱང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
有机食品
ཕྱི་ཡིག་གི་མིང།
Organic Food
བཟང་ཆ།
བདེ་ཐང་ཡིན།
1 ​མཚམས་སྦྱོར་མདོར་བསྡུས།

སྐྱེ་ལྡན་ཟས་རིགས་ནི་སྐྱེ་ལྡན་ཞིང་ལས་ཐོན་སྐྱེད་མ་ལག་ནས་ཐོན་སྐྱེད་བྱས་པའི་ཟས་རིགས་ལ་ཟེར། སྐྱེ་ལྡན་ཞིང་ལས་ཞེས་པ་ནི་ཐོན་བསྐྱེད་བརྒྱུད་རིམ་ནང་མིའི་རྩོལ་བས་འདྲེས་སྦྱོར་ཞིང་ལུད་དང་ཞིང་སྨན། སྐྱེ་འཕེལ་ལེགས་སྒྲིག་རྒྱུ། གཟན་ཆས་སྦྱོར་རྟ་བཅས་ལས་གྲུབ་པའི་རྒྱུན་མཐུད་འཕེལ་རྒྱས་ཞིང་ལས་ལ་ཟེར། དེ་རང་བྱུང་ཚེ་སྲོག་གི་རེས་འཁོར་བཟང་བོ་དང་སྐྱེ་དངོས་སྣ་མང་རང་བཞིན་གཙིགས་ཆེར་འཛིན་པ་རེད། སྐྱེ་ལྡན་ཟས་རིགས་ལ་སྐྱེ་ཁམས་སམ་སྐྱེ་དངོས་ཟས་རིགས་ཀྱང་ཟེར། སྐྱེ་ལྡན་ཟས་རིགས་ནི་རྒྱལ་སྤྱིའི་སྟེང་སྦགས་བཙོག་མེད་པའི་རང་བྱུང་ཟས་རིགས་ལ་གཅིག་གྱུར་གྱི་བཤད་སྟངས་ཤིག་ཀྱང་ཡིན། སྐྱེ་ལྡན་ཟས་རིགས་ཀྱི་དབང་ལྡན་ར་སྤྲོད་ལས་ཁུངས་ཀྱི་ར་སྤྲོད་ཐོབ་ནས་ཟས་རིགས་དེ་ཉིད་ཐོན་སྐྱེད་དང་ལས་སྣོན། གསོག་གཉེར། སྐྱེལ་འདྲེན། འཚོང་བ་བཅས་ཀྱི་བརྒྱུད་རིམ་ཚང་མ་ནི་སྐྱེ་ལྡན་ཟས་རིགས་ཀྱི་ཚད་གཞི་དང་མཐུན་ཡོད།

2 རང་བྱུང་ལྷད་མེད།

རང་བྱུང་ལྷད་མེད་ཟེར་བ་ནི་ཡོང་སུ་རང་བྱུང་སྟེ་ལས་སྣོན་གང་ཡང་བྱས་མེད་པར་ཟེར། གོ་དོན་གཞིར་བཟུང་ནས་བསམ་གཞིགས་བྱས་ན། ང་ཚོའི་རེ་བའི་ནང་གི་རང་བྱུང་ལྷད་མེད་ཟས་རིགས་ནི་ཞིང་སྨན་དང་རྫས་ལུད་སོགས་ཀྱི་རྫས་འགྱུར་དངོས་པོ་མེད་པ་དེ་ཚད་གཞི་བྱས་ཏེ་གདེང་འཇོག་བྱས་པའི་ཟས་རིགས་ལ་ཟེར་བ་རེད། འོན་ཀྱང་ད་ལྟའི་གནས་སྟངས་གཞིར་བཟུང་ནས་བཤད་ན་ཞིང་སྨན་དང་རྫས་ལུད་སྤྱོད་ཚད་ཤུགས་ཆེ་རུ་སོང་བ་དང་ཁོར་ཡུག་དེ་འདྲའི་འོག་ཐོན་སྐྱེད་བྱས་པའི་ཟས་རིགས་ནི་རང་བྱུང་ལྷད་མེད་ཡིན་ཁག་པོ་རེད།

3 འཚོ་བཅུད།

སྐྱེ་ལྡན་ཟས་རིགས་ཀྱི་འཚོ་བཅུད་རིན་ཐང་སྐྱེ་ལྡན་མ་ཡིན་པའི་ཟས་རིགས་ལས་ཆེ་བ་ཡིན་མིན་ཐད། འཛམ་གླིང་ས་ཕྱོགས་སོ་སོ་ནས་ཞིབ་འཇུག་འབོར་ཆེན་བྱས་ཡོད། དབྱིན་ཇིའི་ཟས་རིགས་ཚད་གཞིའི་ལས་ཁུངས་ཀྱིས་དེ་དང་འབྲེལ་བའི་ཞིབ་འཇུག་རིགས55ལ་ཕྱོགས་བསྡོམས་བྱས་པ་ལས་ཤེས་གསལ་ལྟར་ན། འཚོ་བཅུད་ཀྱི་སྤུས་ཚད་ཐད་ནས་བསྡུར་ན་སྐྱེ་ལྡན་ཟས་རིགས་དང་སྐྱེ་ལྡན་མ་ཡིན་པའི་ཟས་རིགས་བར་ལ་ཁྱད་པར་མེད། ཧྥ་རན་སིའི་ཟས་རིགས་བདེ་འཇགས་ལས་ཁུངས་ཀྱི་ཟས་རིགས་ནང་གི་ཐཱན་ཆུའི་འདྲེས་སྦྱོར་དངོས་བོ་དང་། སྤྲི་དཀར་རྒྱུ། ཚི་སྣ་རྒྱུ། གཏེར་རྒྱུ། འཚོ་རྒྱུ། དེ་བཞིན་རྩི་ཤིང་འཚོ་བཅུད་ཁ་ཤས་བཅས་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་ལས་སྐྱེ་ལྡན་ཟས་རིགས་ཀྱི་འཚོ་བཅུད་རིན་ཐང་སྐྱེ་ལྡན་མ་ཡིན་ཟས་རིགས་ལས་ལྷག་པར་ར་སྤྲོད་ཐུབ་མེད།

4 རིན་ཐང་།

མི་མང་པོས་སྐྱེ་ལྡན་ཟས་རིགས་ནི་བདེ་འཇགས་དང་འཚོ་བཅུད་རིན་ཐང་། བྲོ་བ་བཅས་ཚང་མ་གཞན་ལས་ལྷག་པར་འདོད་ཀྱིན་ཡོད། འོན་ཏེ་ད་ལྟའི་བར་སྐྱེ་ལྡན་ཟས་རིགས་ལ་དགེ་མཚན་དེ་འདྲ་ཡོད་པའི་སྐོར་གྱི་གསར་འགྱུར་མེད་ལ། ཟས་རིགས་ཀྱི་བྲོ་བ་ལེགས་ཉེས་དང་ཟས་རྒྱུའི་བཟང་ངན་དེ་ས་གཞི་དང་། འོད། ཆུ་ལ་སོགས་པའི་ཆ་རྐྱེན་དང་འབྲེལ་བ་ཡོད། སྐྱེ་ལྡན་ཡིན་ན་སྐྱེ་ལྡན་མ་ཡིན་པ་ལས་ལེགས་པའི་ངེས་པ་མེད།