ཅི་ལིན་གྲོང་ཁྱེར།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-01-14 09:26ལ་འགྲུབ།

ཅི་ལིན་གྲོང་ཁྱེར།

ཅི་ལིན་གྲོང་ཁྱེར།
ཅི་ལིན་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་ཁོངས་གཏོགས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་གྱི་མིང་གཅིག་པའི་གྲོང་ཁྱེར་ཁོ་ན་ཡིན། བྱང་ཤར་ས་ཁུལ་དང་ཅི་ལིན་ཞིང་ཆེན་གྱི་གལ་ཆེ་བའི་འགྲིམ་འགྲུལ་ལྟེ་གནས་ཡིན་པའི་གྲོང་ཁྱེར་དང་བཟོ་ལས་རྟེན་གཞི་གསར་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་ནས་བཙུགས་པའི་གྲོང་ཁྱེར་ཅུང་ཆེ་བ། སྨུག་རྡུལ་འཁྲིགས་པའི་རྒྱལ་ས། ཀྲུང་གོའི་བྱང་ཕྱོགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྲོང་ཁྱེར། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན། ཀྲུང་གོའི་ཡིག་གཟུགས་གྲོང་ཁྱེར་སོགས་ཀྱི་མཚན་སྙན་གྲགས་དང་། ཧྥུའུ་པུའུ་སི་ཀྲུང་གོའི་སྐམ་ས་ཆེན་པོའི་ཚོང་ལས་རྩེ་གྲས་ཀྱི་གྲོང་ཁྱེར་གྱི་མིང་ཐོབ་ཡོད་ལ། རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་དང་པོ་བཅས་ཡིན། ཅི་ལིན་ཞིང་ཆེན་ནི་ཅི་ལིན་གྲོང་ཁྱེར་ལས་མིང་ཐོགས་པ་སྟེ། ཅི་ལིན་ཞིང་ཆེན་གྱི་དེ་སྔོན་གྱི་ཞིང་ཆེན་ལྟེ་གནས་ཡིན་ཞིང་། ཅི་ལིན་གྲོང་ཁྱེར་མན་ཇུའི་སྐད་དུ“ཅི་ལིན་ཝུའུ་ལ”ཞེས་བཏགས། དེའི་དོན་ནི“གཙང་པོའི་འགྲམ་རྒྱུད་ཀྱི་གྲོང་ཁྱེར”ཞེས་པའོ།། ཁང་ཞིའི་གོང་མ་ཅི་ལིན་གྲོང་ཁྱེར་དུ་བསྐྱོད་སྐབས་བརྩམས་པའི《སུང་ཧྭ་ཅང་གཙང་པོའི་གྲུ་གཏོང་གླུ་དབྱངས》ཞེས་པར“ལེན་ཕུའུ་ཆུ་བོའི་རྒྱུད་ཀྱི་གྲོང་ཁྱེར”ཞེས་པའི་སྙན་ཚིག་བྲིས་ཡོད་པས། ཅི་ལིན་གྲོང་ཁྱེར་ལ“གྲོང་ཁྱེར་ཅང”དང“བྱང་རྒྱལ་གྱི་གྲོང་ཁྱེར”ཞེས་ཀྱང་འབོད། ཅི་ལིན་གྲོང་ཁྱེར་ནི་མན་ཇུའི་འབྱུང་གནས་ཤིག་ཡིན་ལ། ཅིན་ཅུས་ཟློས་གར་གྱི་ཕ་ཡུལ་གཉིས་པ་ཡིན། མངའ་ཁོངས་སུ་རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཧུའེ་རིགས། ཁྲའོ་ཞན་སོགས་མི་རིགས35འདུས་སྡོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吉林市
དབྱིན་ཡིག་གི་མིང་།
Jilin City
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཁྲི2.712
མི་གྲངས།
ཁྲི415.35(སྤྱི་ལོ2017ལོའི་རྒྱལ་ཁོངས་མི་གྲངས་ལྟར)
ནམ་ཟླ།
དྲོད་ཁུལ་འབྲིང་གི་བརླན་གཤེར་ནམ་ཟླ།
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
མངའ་ཁོངས།
ཆུས4དང་། གྲོང་ཁྱེར4རྫོང1
སྦྲག་སྲིད་ཨང་རྟགས།
132000
1 ལོ་རྒྱུས་འཕེལ་རིམ།

ཅི་ལིན་གྲོང་ཁྱེར་ནི་མིའི་རིགས་བྱང་ཤར་དུ་ཅུང་སྔ་མོ་ནས་འཚོ་གནས་དང་གསར་སྤེལ་བྱེད་པའི་ས་ཁུལ་གལ་ཆེན་ཞིག་ཡིན།  ད་ལྟའི་བར་ལོ་ངོ་ཁྲི2ཙམ་གྱི་མིའི་རིགས་ཀྱི་སྡོད་གནས་གནའ་ཤུལ—ཧྲོའུ་ཧྲན་དྲང་སྲོང་བྲག་ཕུག་དང་། རྡོ་ཆས་རྙིང་མའི་དུས་མཇུག་གི་རིག་གནས་བཅས་རྙེད།

དབྱིན་ཀྲོའུ་ཡི་དུས་རབས་སུ། ཅི་ལིན་དུ་རུས་རྒྱུད་ཚོ་བ་བྱུང་ཟིན་པ་སྟེ། མན་ཇུ་རིགས་ཀྱི་མེས་པོ“གཟབ་ནན་གྱི་མི2”ཡོད་པར་བཤད། ཧན་ནུབ་མའི་སྐབས་སུ། ཅི་ལིན་ནི་ཕུའུ་ཡུས་རྒྱལ་ཁབ་ཀྱི་རྒྱལ་ས་སྔོན་མ་ཡིན་པ་དང་།  ཕུའུ་ཡུས་དུས་འགོའི་རྒྱལ་མཁར་སྔོན་མ་ཞེས་བརྗོད་ཅིང་།  སྐབས་དེའི་བྱང་ཤར་གྱི་ཆེས་སྔོན་ཐོན་གྱི་གྲོང་ཁྱེར་ཞིག་ཡིན།  རྒྱལ་ཁབ་འདིའི་རྒྱལ་བོ་ཞོན་ཡུས་ཅུན་གྱི་མངའ་འོག་ཏུ་གཏོགས་ལ། རྗེས་སུ་ལིའོ་ཏུང་ཅུན་གྱི་ཁོངས་སུ་གཏོགས།  ཅིན་རྒྱལ་རབས་ཤར་མའི་དབྱི་ཞི་ཁྲི་ལོ་དྲུག་པར། ཀའོ་ཅིའུ་ལི་རྒྱལ་པོའི་རྒྱལ་ཁབ་ཀྱི་རྒྱལ་རབས་བཅུ་དགུ་བ་ཝང་ཀོང་ཁའེ་ཐུའུ་ཡི་རྒྱལ་པོ་ཐན་ཏེ་ནི་རྒྱལ་པོ་བཟང་བོ་ཞིག་ཡིན་ལ། ཁོང་གི་སྟོབས་ཤུགས་དེང་གི་ཅི་ལིན་གྱི་རྒྱུད་དུ་རྒྱ་བསྐྱེད།

ཡོན་རྒྱལ་རབས་ནི་ད་ལྟའི་ཅི་ལིན་ས་ཁུལ་གྱི་ལིའོ་དབྱང་ཞིང་ཆེན་ཁའེ་ཡོན་ལམ་གྱི་ཧའེ་ཞི་ལིའོ་ཤར་ལམ་གྱི་ཁོངས་གཏོགས་ས་ཆ་ཡིན།  སྤྱི་ལོ2014ལོར་ཅི་ལིན་གྲོང་ཁྱེར་ཁོངས་གཏོགས་ཀྱི་གྲོང་ཁྱེར་ཁོངས་གཏོགས་ཆུས4(ཁྲང་དབྱི་ཆུས། གྲུ་སྒར་ཆུས། ལུང་ཐན་ཆུས། ཧྥེང་མན་ཆུས)དང་། རྫོང་རིམ་པའི་གྲོང་ཁྱེར4(ཧྲུའུ་ལན་གྲོང་ཁྱེར། ཕེན་ཧྲི་གྲོང་ཁྱེར། ཅའོ་ཧོ་གྲོང་ཁྱེར། ཧྭ་ཏན་གྲོང་ཁྱེར)རྫོང1(ཡུང་ཅི་རྫོང་།)ཁྲོམ་གཞུང64 ཤང23 གྲོང་རྡལ54 སྡེ་ཁུལ311དང་སྲིད་འཛིན་གྲོང་ཚོ1397 རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ1  རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ1བཅས་ཡོད།

2 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་ཏུ། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁོངས་བསྡོམས་འབོར་མི་གྲངས་ཁྲི415.35ཡོད། དེའི་ཁྲོད་སྐྱེས་པ་མི་གྲངས་ཁྲི208.27དང་སྐྱེས་མ་མི་གྲངས་ཁྲི207.08ཡོད།  མཁར་གྲོང་གི་མི་གྲངས་ཁྲི219.29ཡོད་ལ།  ཞིང་གྲོང་གི་མི་གྲངས་ཁྲི196.06ཡོད། སྤྱི་ལོ2017ལོར།  སྐྱེས་ཚད་མི་གྲངས་ཁྲི2.93དང་།  ཤི་ཚད་མི་གྲངས་ཁྲི8.10ཡིན།  མི་གྲངས་སྐྱེས་ཚད་ནི6.99%དང་། ཤི་ཚད19.33% རང་བྱུང་མི་གྲངས་འཕར་ཚད-12.24%བཅས་སོ།།   སྲིད་ཇུས་ཀྱི་སྐྱེས་ཚད་དང་མཐུན་པར99.03%ལ་ཐོན་ཞིང་བརྒྱ་ཆའི0.13མར་ལྷུང་།  ཅི་ལིན་གྲོང་ཁྱེར་ནི་མན་ཇུ་རིགས་ཀྱི་འབྱུང་གནས་ཡིན་ཞིང་།  མན་ཇུ་རིགས་ལ་མི་གྲངས་ཕལ་ཆེར་ཁྲི23ཡོད་པས་གྲོང་ཁྱེར་ཡོངས་ཀྱི་གྲངས་ཉུང་མི་རིགས་ཁྲོད་ཆེས་མང་བ་མི་རིགས་དེ་ཡིན།

3 དཔལ་འབྱོར།

སྤྱི་ལོ2016ལོར་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར2531.3ལ་མངོན་འགྱུར་བྱུང་ལ། ལོ་གོང་མ་ལས6.9%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་ཚད་སྒོར་དུང་ཕྱུར240.3དང4.3%འཕར་བ་ཡིན། ཐོན་ལས་གཉིས་པའི་འཕར་ཚད་སྒོར་དུང་ཕྱུར1136དང6.4%འཕར། ཐོན་ལས་གསུམ་པའི་འཕར་ཚད་སྒོར་དུང་ཕྱུར1155དང8.2%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་དེ་ལོ་གོང་མའི10.5:45.4:44.1ནས9.5:44.9:45.6བར་ལེགས་སྒྲིག་བྱས་ཤིང་། ཐོན་ལས་གསུམ་པའི་བསྡུར་ཚད་བརྒྱ་ཆའི1.5མཐོ་རུ་ཕྱིན་ནས“གསུམ་གཉིས་གཅིག”གི་ཐོན་ལས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པས་ཐོན་ལས་གྲུབ་ཆ་སྔར་བས་ཇེ་ལེགས་སུ་ཕྱིན་པ་རེད།  མི་རེའི་ཆ་སྙོམས་ཐོན་སྐྱེད་བྱེད་ཚད་བསྡོམས་འབོར་སྒོར59652.4ཡིན། ད་ལྟ་ལག་བསྟར་བྱེད་བཞིན་པའི་དངུལ་བརྗེས་འཛའ་ཐང་ལྟར་ཕབ་རྩིས་བྱས་ན་ཨ་སྒོར8599.2ཡིན།

སྤྱི་ལོ2016ལོའི་ལོ་མཇུག་ཏུ། དངུལ་རྩིའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར2695.9ཟིན་པ་མ་ཟད། ལོ་སྟོད་ལས་སྒོར་དུང་ཕྱུར202.8འཕར་ཡོད། དེའི་ནང་མི་དམངས་ཤོག་སྒོར་དང་ཕྱི་དངུལ་ཁོངས་གཏོགས་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར2693.8ཟིན་་པས་ལོ་སྟོད་ལས་སྒོར་དུང་ཕྱུར202.6འཕར། མི་དམངས་ཤོག་སྒོར་དང་ཕྱི་བཅོལ་དངུལ་གྱི་ལྷག་གྲངས་སྒོར་དུང་ཕྱུར2.1ཟིན་ཞིང་ལོ་སྟོད་ལས་སྒོར་དུང་ཕྱུར0.1འཕར། ལོ་མཇུག་ཏུ་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར2114.8ཟིན་པས་ལོ་སྟོད་ལས་སྒོར་དུང་ཕྱུར405.6འཕར་བ་ཡིན།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར2695.9ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར202.8འཕར་ཡོད། དེའི་ནང་མི་དམངས་ཤོག་སྒོར་དང་ཕྱི་དངུལ་མངའ་ཁོངས་ནང་གི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར2693.8ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར202.6འཕར་བ་དང་། མི་དམངས་ཤོག་སྒོར་དང་ཕྱི་དངུལ་ཕྱི་རྒྱལ་གྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར2.1ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར0.1འཕར་ཡོད། ལོ་མཇུག་ཏུ་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར2114.8ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར405.6འཕར་ཡོད།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར2695.9ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར202.8འཕར་ཡོད། དེའི་ནང་མི་དམངས་ཤོག་སྒོར་དང་ཕྱི་དངུལ་མངའ་ཁོངས་ནང་གི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར2693.8ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར202.6འཕར་བ་དང་། མི་དམངས་ཤོག་སྒོར་དང་ཕྱི་དངུལ་ཕྱི་རྒྱལ་གྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར2.1ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར0.1འཕར་ཡོད། ལོ་མཇུག་ཏུ་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར2114.8ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར405.6འཕར་ཡོད།

4 སློབ་གསོའི་ལས་དོན།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ལ་སྒེར་ཚུགས་བུ་བཅོལ་ཁང748དང་། བྱིས་སྐྱོང་དགེ་རྒན8639 བྱིས་སྐྱོང་གླིང་གི་བྱིས་པ81840བཅས་ཡོད་ལ། སློབ་ཆུང553དང་། སློབ་ཆུང་དགེ་རྒན16182 སློབ་ཆུང་སློབ་མ175995བཅས་ཡོད། དམའ་འབྲིང142དང་། དམའ་འབྲིང་དགེ་རྒན11870 དམའ་འབྲིང་སློབ་མ་84771བཅས་ཡོད། མཐོ་འབྲིང་དཀྱུས་མ37དང་། མཐོ་འབྲིང་དགེ་རྒན6428 མཐོ་འབྲིང་སློབ་མ59373 འབྲིང་རིམ་ལས་རིགས་སློབ་གྲྭ35(ལས་རིགས་མཐོ་རིམ་སློབ་གྲྭ་དང་། དར་མའི་འབྲིང་རིམ་ཆེད་ལས་སློབ་གྲྭ། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ། ཟབ་སྦྱོང་སློབ་གྲྭ་བཅས་ཚུད)དང་། ལས་རིགས་སློབ་གྲྭའི་དགེ་རྒན3514 ལས་རིགས་སློབ་གྲྭའི་སློབ་མ་28839བཅས་ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭ10དང་། དམིགས་བསལ་སློབ་གསོའི་དགེ་རྒན369 དམིགས་བསལ་སློབ་གསོའི་སློབ་མ1161བཅས་ཡོད།

5 ས་ཁམས་ཁོར་ཡུག
5_1 གནས་སའི་ཁོར་ཡུག

ཅི་ལིན་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་གྱི་དབུས་རྒྱུད་དང་། བྱང་ཤར་དཀྱིལ་དབུས་ཀྱི་ཁྲང་པའེ་རི་རྒྱུད། ཁྲང་པའེ་རི་བོ་ནས་སུང་ནེན་བདེ་ཐང་གི་བར་བརྒལ་ས་ཁུལ་གྱི་སུང་ཧྭ་གཙང་པོའི་འགྲམ་དུ་ཆགས་ཡོད་ལ། ཤར་མཐའ་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་དང་། ནུབ་མཐའ་ཁྲང་ཁྲུན་གྲོང་ཁྱེར། སི་ཕིང་གྲོང་ཁྱེར་དང་འབྲེལ་ཞིང་། བྱང་དུ་ཧེ་ལུང་ཅང་ཞིང་ཆེན་གྱི་ཧར་པིན་གྲོང་ཁྱེར་དང་འབྲེལ་ཡོད། ལྷོ་རུ་པའེ་ཧྲན་གྲོང་ཁྱེར། ཐུང་ཧྭ་གྲོང་ཁྱེར། ལིའོ་ཡོན་གྲོང་ཁྱེར་བཅས་དང་འབྲེལ་ཡོད། ཅི་ལིན་གྲོང་ཁྱེར་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ27120དང་། དེའི་ནང་རྨོ་ཞིང་གི་རྒྱ་ཁྱོན་སྤྱི་ཆིང395916ཡོད།

5_2 ས་དབྱིབས་དང་ས་བབ།

ཅི་ལིན་གྲོང་ཁྱེར་ནི་ཁྲང་པའེ་རི་ཁུལ་ནས་སུང་ནེན་བདེ་ཐང་གི་བར་བརྒལ་ས་ཁུལ་དུ་གནས་པ་དང་། རང་བྱུང་ཁོར་ཡུག་ལེགས་ཤིང་ས་དབྱིབས་རྙོག་འཛིང་ཆེ་བ། དུས་སྐབས་མི་འདྲ་བའི་ས་གཞིའི་ཆགས་གྲུབ་ཀྱི་འགུལ་སྐྱོད་དང་ད་དུང་གཙང་ཆུའི་བསླད་སྐྱོན། བཤུ་ཟད་དང་སྤུངས་གྲུབ་ཀྱི་བཞུར་ཆུའི་ས་དབྱིབས་དང་ས་བབ་ནི་ཤར་ལྷོ་ནས་ནུབ་བྱང་ཕྱོགས་སུ་རིམ་བཞིན་མར་ཆགས་པ་ཡིན། ཀྲུང་ཧྲན་རི་ཁུལ་ནས་རི་དམའ་བའི་རི་མ་ཐང་། གྲོག་རོང་དང་མཚེའུའི་ཁུལ། གྲོག་རོང་གི་བདེ་ཐང་ཁུལ་གྱི་ས་བབ་མཛེས་ལྗོངས་ཆེན་པོ་བཞི་ཆགས་པ་ཡིན་ནོ།།

5_3 ནམ་ཟླ།

ཅི་ལིན་གྲོང་ཁྱེར་གྱི་གནམ་གཤིས་ནི་དྲོད་ཁུལ་འབྲིང་གི་བརླན་གཤེར་དུས་རླུང་ནམ་ཟླའི་རིགས་སུ་གཏོགས་པ་དང་། དུས་བཞིར་དབྱེ་མཚམས་གསལ་པོ་ཡོད་ཅིང་། དཔྱིད་དུས་ཆར་ཆུ་ཉུང་ཞིང་སྐམ་ཤས་ཆེ་བ་དང་། དབྱར་དུས་ཚ་བ་ཆེ་ལ་ཆར་ཆུ་མོད་པ། སྟོན་དུས་བསིལ་ཞིང་དྭངས་བ། དགུན་དུས་རིང་ལ་གྲང་ངར་ཆེ་བ། ས་དབྱིབས་ཀྱི་ཤུགས་རྐྱེན་ཐེབས་པས་ཁུལ་ཡོངས་ཀྱི་ལོ་རེའི་ཆ་སྙོམས་དྲོད་ཚད3℃ནས5℃བར་ཡིན། ནུབ་བྱང་ནས་ཤར། དེ་ནས་ཤར་ལྷོར་དྲོད་ཚད་རིམ་བཞིན་མར་ཆགས་པ་ཡིན།

6 རང་བྱུང་ཐོན་ཁུངས།

ཅི་ལིན་གྲོང་ཁྱེར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང། ས་ཞིང་། ཆུ་བེད། གཏེར་ཁ། ནགས་ཚལ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཡོད་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་། ལྷག་པར་དུ་ཆུ་བེད་ཐོན་ཁུངས་གསོག་ཚད་ཅུང་ཆེ་བས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ1.8ཡིན།

7 མཛེས་ལྗོངས་གྲགས་ཅན།

ཅི་ལིན་གྲོང་ཁྱེར་དུ་སྤྱི་ལོ1742ལོར་བཞེངས་པའི་ཁུང་ཙིའི་ལྷ་ཁང་དང་ཅིན་ལན་དགོན་པ་བཅས་ཡོད་ཅིང་། དགོན་པའི་ནང་དུ་ནང་བསྟན་དང་ཏོའོ་ལུགས། རོའོ་ལུགས་གསུམ་མཉམ་བསྡུས་ཀྱིས་བྱང་རིའི་གནའ་ཤུལ་དགོན་པ་མང་པོ་ཞིག་ཡོད།  མིན་རྒྱལ་རབས་སུ་བརྐོས་པའི་སྟོན་པའི་བྲག་སྐུ་དང་། མངོན་མཚར་ཞིང་ལྐོག་གྱུར་ཆེ་བའི་འཛམ་གླིང་སྒང་གི་ཆེས་ཆེ་བའི་སྐར་རྡོ་སྟེ། ཅིན་ལན་གྱི་ཨང་རྟགས་དང་པོའི་སྐར་རྡོ། ཧྥན་མན་དང་གངས་དཀར། དམར་རྡོ་བཅས་ཀྱི་ཆུ་གློག་ས་ཚུགས་ཀྱི་བཟོ་བསྐྲུན་གྱིས“མཚེའུ་གསུམ་གཙང་གཅིག”གི་ཉམས་དགའ་བའི་ཡུལ་ལྗོངས་གྲུབ་ཅིང་། སུང་ཧཱ་ཧོ་མཚེའུ་ལ་རྒྱལ་ཁབ4Aརིམ་པའི་ཡུལ་བསྐོར་ལྗོངས་རྒྱུ་ས་ཁུལ་དུ་གཏན་འཁེལ་བྱས་ཤིང་། ལུང་ཐན་ཧྲན་ལོའོ་ར་བ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་ལ་གདམས་ཡོད།

ཅི་ལིན་ནི་མི་རིགས་མང་པོ་འདུས་སྡོད་བྱེད་སའི་གྲོང་ཁྱེར་ཞིག་ཡིན་ལ། ཝོ་ལཱ་སྲང་ལམ་ལ་མན་ཇུའི་རིག་གནས་གོམས་སྲོལ་གྱིས་ཁྱབ་ཅིང་། ཨ་ལ་ཏི་སྡེ་བ་དང་ཞིན་ཀོང་སྡེ་བ་ལ་ཁོ་རེ་ཡ་ལྷོ་མའི་གོམས་སྲོལ་གྱིས་བཟུང་ཡོད་ཅིང་། ག་ས་གང་དུ་མི་རིགས་ཀྱི་ཁྱད་ཆོས་འབུར་ཏུ་ཐོན་ཡོད་པས། ཡུལ་ཕྱོགས་ཀུན་གྱི་སྐུ་མགྲོན་སྤྲིན་གྱི་ཚོགས་བཞིན་གནས་འདིར་འདུས་ཡོད། ཅི་ལིན་གྲོང་ཁྱེར་གྱི་ཆེས་དར་རྒྱས་ཆེ་བའི་སྲང་ལམ་ནི་ཚོང་ར་ལྷོ་ཁུལ་དང་རྨ་ནུབ་སྲང་ལམ། ཤར་སྒོ་ཆེན་མོའི་ཁུལ་དང་ཐན་ཅིན་སྲང་ལམ་གྱི་ས་ཁུལ་བཅས་ཡིན།

ཅི་ལིན་གྲོང་ཁྱེར་གྱི་དགུན་དུས་ནི་སྔར་ལས་ཀྱང་ལྟ་ན་སྡུག་ཅིང་། ཕུན་སུམ་ཚོགས་པའི་གངས་དཀར་གྱི་ཁ་བས་གཡོགས་པའི་མཛེས་ལྗོངས་ཀྱིས་ཕྱི་ནང་ཀུན་གྱི་མགྲོན་པའི་དང་བ་ཅིག་ཅིར་དྲངས་ཤིང་། ཡོན་ནན་ཧྲི་ལན་ནགས་ཚལ་དང་འབྲི་ཆུའི་འགག་གསུམ། ཀེའེ་ལན་གྱི་རི་ཆུ་བཅས་ལ་ཀྲུང་གོའི་ཁྱད་དུ་འཕགས་པའི་རང་བྱུང་ཁམས་མངོན་མཚར་གྱི་ཅི་ལིན་ཝོ་སུང་ཞེས་མཚན་སྙན་གསོལ་ཡོད་ལ། ཅི་ལིན་གྲོང་ཁྱེར་གྱི་གཙང་འགྲམ་ཁུལ་གྱི་སུང་ཅང་དཀྱིལ་ལམ་དང་ཅི་ལིན་གྲོང་ཁྱེར་གྱི་ཝོ་སུང་གླིང་ཕྲན་ནི་ཝོ་སུང་ལ་ལྟད་མོར་གཟིགས་སའི་ས་གནས་ལེགས་ཤོས་ཡིན་ནོ།

ཕྱི་འབྲེལ་ཐད།

ཅི་ལིན་གྲོང་ཁྱེར་གྱིས་རྒྱལ་ཁབ5ཡི་གྲོང་ཁྱེར7དང་མཛའ་གྲོང་གི་འབྲེལ་བ་བཙུགས་པ་སྟེ། དེ་དག་ནི་འཇར་པན་གྱི་ཧྲན་དབྱིབས་གྲོང་ཁྱེར། སུང་ཅང་གྲོང་ཁྱེར་དང་། ཨུ་རུ་སུའི་ཧྥུར་ཅ་ཀེ་ལེ་གྲོང་ཁྱེར། ན་ཧོ་ཏེ་ཁ་གྲོང་ཁྱེར། ཨ་རིའི་སི་པོ་ཁན་གྲོང་ཁྱེར། ཁ་ན་ཏའི་ཨའེ་པོ་ཐེ་རྒྱལ་སྲས་གྲོང་ཁྱེར། ཁྲའོ་ཞན་ཕོང་དབྱང་དབན་ཅིང་ཐའེ་ཆུས་བཅས་རེད། གཞན་ཡང་ད་དུང་ལྷོ་ཁོ་རེ་ཡ་དང་། ཡུག་རེན། པར་ཙིལ། ཨ་ཀེན་ཐིན། མོ་ཞི་ཁོ། དབྱི་ཐ་ལི། དབྱིན་ཇི། ཧྥ་རན་སེ། འཁྱགས་གླིང་། སུའེ་ཏེན། ཨོ་སི་ཁྲུ་རི་ཡ། སུའེ་ཙེར། ཐུར་ཁེ། པུར་ཀ་རི་ཡ། ཨོ་སི་ཁྲུ་ལི་ཡ། ནེའུ་ཙི་ལན། ལྷོ་ཨ་ཧྥེ་རི་ཁ། ཨེ་ཅིབ། སིང་ཀ་ཕོར། ཧྥི་ལི་ཕིན། ཕ་ཁི་སི་ཐན། མོར་ཏུའོ་ཝ། ཕོ་ལན། དབྱི་རན།  སི་ཕེན་སོགས་རྒྱལ་ཁབ30ལྷག་ཙམ་གྱི་གྲོང་ཁྱེར་དང་གཞུང་ཚབ་ཁང་བཅས་དང་འབྲེལ་བ་བཙུགས།


དཔྱད་གཞིའི་ཡིག་ཆ།